སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལྷ་ས་གྲོང་ཁྱེར་གྱིས་སྤྱི་སྤྱོད་རླངས་འཁོར་གྱི་གློག་རྡུལ་ལམ་བྱང་49སླར་ཡང་གསར་སྣོན་བྱ་རྒྱུ་ཡིན་པ།
སྤེལ་དུས། 2016-09-27   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་སྒྲིག་པ།  པ་སངས་ཀྱིས་བསྒྱུར།
          ཟླ་9ཚེས་25ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་འགྲུལ་སྐྱེལ་གཉེར་སྐྱོང་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། “རྒྱལ་སྟོན་དུས་ཆེན”གྱི་གོང་དུ་ལྷ་ས་གྲོང་ཁྱེར་གྱིས་སྤྱི་སྤྱོད་རླངས་འཁོར་གྱི་གློག་རྡུལ་ལམ་བྱང་49སླར་ཡང་གསར་སྣོན་བྱས་ཏེ་ཕྱིར་སྐྱོད་མཁན་གྲོང་མིར་དེ་བས་ལེགས་པའི་ཞབས་འདེགས་ཞུ་རྒྱུ་ཡིན་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་འགྲུལ་སྐྱེལ་གཉེར་སྐྱོང་ཀུང་སིས་སྤྱི་སྤྱོད་རླངས་འཁོར་ཐོག་WIFIསྒྲིག་སྦྱོར་དང་གློག་རྡུལ་ལམ་བྱང་འཛུགས་པའི་ཚོད་ལྟའི་ལས་དོན་སྤེལ་བ་ནས་བཟུང་། ལམ་ཨང་8པའི་སྤྱི་སྤྱོད་རླངས་འཁོར་ཚང་མར་WIFIསྒྲིག་སྦྱོར་བྱས་པ་དང་པེ་ཅིང་ལམ་རྒྱུད་དུ་གློག་རྡུལ་ལམ་བྱང་10སྒྲིག་སྦྱོར་བྱས་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཕྱིར་སྐྱོད་མཁན་གྲོང་མིར་དེ་བས་ལེགས་པའི་ཞབས་འདེགས་ཞུ་ཆེད། “རྒྱལ་སྟོན་དུས་ཆེན”གྱི་གོང་དུ་ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་འགྲུལ་སྐྱེལ་གཉེར་སྐྱོང་ཀུང་སིས་གློག་རྡུལ་ལམ་བྱང་49སླར་ཡང་གསར་སྣོན་བྱ་རྒྱུ་ཡིན་པ་དང་དེ་དག་བཙུགས་རྗེས་ལམ་ཨང་8པའི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་རྒྱུད་ཚང་མར་ཁྱབ་རྒྱུ་རེད། སྐབས་དེ་དུས་ལམ་ཨང་8པའི་སྤྱི་སྤྱོད་རླངས་འཁོར་བསྡད་དེ་ཕྱི་ལ་སྐྱོད་མཁན་ཚང་མར་རླངས་འཁོར་བབས་ཚུགས་གང་ཞིག་ཏུ་སླེབས་ཀྱང་དེ་ནས་གློག་རྡུལ་ལམ་བྱང་གི་སྟབས་བདེ་ལོངས་སུ་སྤྱོད་ཐུབ་རྒྱུ་རེད། གློག་རྡུལ་ལམ་བྱང་ཚང་མ་ལམ་ཨང་8པའི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་རྒྱུད་དུ་སྒྲིག་སྦྱོར་བྱས་མོད། འོན་ཀྱང་ལམ་ཐིག་གཞན་གྱི་བབས་ཚུགས་ཡོད་ས་དང་ལམ་ཨང་8པའི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་རྒྱུད་ཀྱི་བབས་ཚུགས་དང་གཅིག་པ་ཡིན་ཕྱིན་ལམ་ཐིག་དེའི་ཆ་འཕྲིན་ཀྱང་གློག་རྡུལ་ལམ་བྱང་ནས་མངོན་གྱི་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716