སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
2016ལོའི་ཉིང་ཁྲིའི་ཡར་ཀླུང་གཙང་པོའི་སྣོད་བཅུད་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་པ།
སྤེལ་དུས། 2016-09-27   ཡོང་ཁུངས། མི་དམངས་དྲ་བ།   རྩོམ་སྒྲིག་པ།  ཆོས་སྒྲོན།
          ཉེ་ཆར་གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་གི་གསར་འགྱུར་གཞུང་དོན་ཁང་ནས་ཤེས་རྟོགས་བྱས་གསལ། དུས་ཡུན་ཉིན་ལྔ་ཡིན་པའི་2016ལོའི་ཉིང་ཁྲིའི་ཡར་ཀླུང་གཙང་པོའི་སྣོད་བཅུད་རིག་གནས་ཡུལ་སྐོར་དུས་ཆེན་ཟླ་9ཚེས་26ཉིན་འགོ་ཚུགས་པ་རེད།
          ད་རེས་ཀྱི་ཡར་ཀླུང་གཙང་པོའི་སྣོད་བཅུད་རིག་གནས་ཡུལ་སྐོར་དུས་ཆེན་གྱིས“མི་ཡུལ་གྱི་དག་ཞིང་། མཛེས་པའི་ཉིང་ཁྲི”བརྗོད་དོན་གཙོ་བོར་བྱས་ཤིང་། དུས་ཆེན་རིང་། ཉིང་ཁྲིས་མི་རིགས་ས་ཁོངས་ཀྱི་རིག་གནས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་དྭགས་ཀོང་ཉང་གསུམ་དང་སྤོ་རྫ་མོན་ལྷོ་བཞིའི་འགོ་འཛུགས་མཛད་སྒོའི་འཁྲབ་སྟོན་དང་། མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་འཁྲབ་སྟོན། བོད་ལུགས་གསོ་རིག་དང་བོད་སྨན་གྱི་གླེང་སྟེགས། རྐང་ཐང་མར་ཀླུ་ནང་གི་གདོད་མའི་ནགས་ཚལ་ལ་སྐྱོད་པ། ལྷད་མེད་རང་བྱུང་གི་ཞིང་འབྲོག་ཁྱད་ལྡན་ཐོན་ཟོག་བྲིང་ཚོང་། མ་འཇོག་ཉོ་ཚོང་གི་ངོ་འཕྲད་གྲོས་མོལ། དམངས་སྲོལ་གྱི་བི་ཤུའི་རྩལ་འགྲན། གཉའ་ཐག་འཐེན་པ། རྡོ་འགྱོག་པ་སོགས་ཀྱི་བྱེད་སྒོ་ཕུན་སུམ་ཚོགས་པོ་གཉེར་རྒྱུ་ཡིན་པ་རེད།
          འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2016ལོའི་ཉིང་ཁྲིའི་ཡར་ཀླུང་གཙང་པོའི་སྣོད་བཅུད་རིག་གནས་ཡུལ་སྐོར་དུས་ཆེན་གྱིས“རིག་གནས་སྟེགས་བུ་དང་ཡུལ་སྐོར་འཁྲབ་སྟོན་དུ་བྱས་ནས་དམངས་ཡོངས་ཞུགས་ཏེ་གཟུགས་བརྙན་བཟང་པོ་བསྐྲུན་རྒྱུའི”རྩ་དོན་རྒྱུན་འཁྱོངས་ཁར་དམངས་སྲོལ་རིག་གནས་སྤེལ་བ་དང་ཉིང་ཁྲིའི་རིག་གནས་ཡུལ་སྐོར་གྱི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་བཏང་སྟེ་ཡུལ་སྐོར་དེ་རིག་གནས་དང་། ཞིང་འབྲོག་ལས། བོད་ལུགས་གསོ་རིག་དང་བོད་སྨན་སོགས་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་དང་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་མ་བཏང་ནས་ཉིང་ཁྲི་རིམ་བཞིན་གངས་ལྗོངས་ས་མཐོར་གསོན་ཤུགས་རྒྱས་ཆེ་ཤོས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་དང་བོད་ཀྱིས་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་བའི་སྐར་ཁུང་གལ་ཆེན་ཞིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་པ་རེད།
          ཉིང་ཁྲི་གྲོང་ཁྱེར་དེ་བོད་ཤར་ལྷོའི་མཚམས་སུ་གནས་པས“བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”དང“སྐྱེ་དངོས་གྱིན་མཛོད”ཅེས་པའི་མིང་གྲགས་ལྡན། དེར་སྐྱེ་དངོས་ཐོན་ཁུངས་ཤིན་ཏུ་ཕུན་སུམ་ཚོགས་པའི་ཁར་ནགས་ཚལ་གྱི་ཁེབས་ཚད་47.6%ཟིན་གྱི་ཡོད། ཉེ་བའི་ལོ་ཤས་ནང་། ཉིང་ཁྲིས་སྣོད་བཅུད་ཡུལ་སྐོར་ལས་རིགས་དེ་འཐབ་ཇུས་ལྡན་པའི་ཀ་རྟེན་ཐོན་ལས་ལ་གཙོ་གནད་དུ་སྐྱེད་སྲིང་བྱས་པས། ཡུལ་སྐོར་ལས་རིགས་ལ་འཕེལ་རྒྱས་མྱུར་བའི་རྣམ་པ་བཟང་པོ་ཐོན་ཞིང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་བ་ཁྱོན་མི་ཐེངས་ཁྲི་1444.53ལ་སྣེ་ལེན་བྱས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་124.63བྱུང་ཡོད། 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716