སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
གྲོང་གསེབ་ཀྱི་ཡུལ་སྐོར་གྱིས་བོད་ཀྱི་སྣོད་བཅུད་ཉམས་འགྱུར་མངོན།
སྤེལ་དུས། 2016-10-17   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་སྒྲིག་པ།  ཆོས་སྒྲོན།
 མི་རིགས་ཀྱི་ཁྱད་ལྡན་མངོན་གསལ་དོད། ནུས་པའི་ལྷུ་ལག་འཐུས་སྒོ་ཚང་།
          “གྲོང་གསེབ་ཏུ་ངས་སྲོལ་རྒྱུན་གྱི་བག་ཆགས་པའི་བོད་ལྗོངས་ཤིག་ཚོར་ཐུབ་པ་བྱུང་ལ་སྤུས་ལེགས་ཀྱི་ཞབས་ཞུ་དང་ཁྱད་ལྡན་གྱི་ཡུལ་སྐོར་རྣམ་གྲངས་ཀྱང་ལོངས་སུ་སྤྱོད་ཐུབ་བྱུང”ཞེས་ཧྲེན་ཀྲེན་གྱི་ཡུལ་སྐོར་བ་ཝང་ཕིང་གིས་བཤད། རྒྱལ་སྟོན་རིང་ཁོང་གིས་བོད་དུ་གྲོང་གསེབ་ཀྱི་འཚོ་བ་མྱོང་རོལ་བྱེད་པར་ཡོང་རྒྱུའི་གདམ་ག་བྱས་། སྐྱིད་སྣང་དོད་པ་དང་། ཞབས་ཞུ་ལེགས་པ། སྣ་མང་བཅས་ཀྱི་གྲོང་གསེབ་ཀྱི་རྣམ་པས་ཁོང་ལ་བོད་ཀྱི་ཡུལ་སྐོར་གྱི་ཉམས་འགྱུར་གསར་པ་མངོན་བཞིན་མཆིས།
          གཡའ་དག་པའི་ནམ་མཁའ་དང་སྤྲིན་དཀར་པོའི་འོག གུར་དག་ཀྱག་ཀྱོག་ཏུ་རྒྱུག་པའི་ཆུ་རྒྱུན་བརྒྱུད་གནའ་བོའི་གྲོང་ཚོ་བར་ཡོད་པ་དང་སྙན་འཇེབས་ལྡན་པའི་གླུ་སྒྲ་ཁོད་སྙོམས་པའི་གཞུང་ལམ་དུ་རྒྱུན་དུ་ཐོས་རྒྱུ་ཡོད། ལོ་ངོ་སྟོང་གི་གནའ་བོའི་དགོན་སྡེ་ཉི་མ་ཐང་དུའང་གནས་སྐོར་བ་མང་པོ་ཞིག་ཡོད། ཉི་མ་ཐང་དགོན་གནས་ས་བོད་ཀྱི་ལྷ་སའི་གྲོང་ཁུལ་དང་བར་ཐག་སྤྱི་ལེ་13ཡོད་པའི་སྟག་གདོང་གྲོང་ཚོར་ཁྱད་ལྡན་གྲོང་གསེབ་ཡུལ་སྐོར་བཏོད་དེ་ཝང་ཕིང་དང་འདྲ་བའི་ཡུལ་སྐོར་བ་མང་པོ་ཞིག་ལ་ས་ཆ་དེ་གའི་ཉམས་འགྱུར་གྱིས་ཁེངས་པའི་བོད་དེ་མྱོང་རོལ་བྱེད་རྒྱུ་བྱུང་ཡོད།
          གྲོང་གསེབ་ཀྱི་སྔར་ཡོད་ཀྱི་སྣོད་བཅུད་ཁོར་ཡུག་དང་དེ་བཞིན་རྣམ་པར་སྲུང་སྐྱོང་བྱ་ཆེད། བོད་ཀྱི་གྲོང་གསེབ་ཡུལ་སྐོར་དང་དེ་བཞིན་ཁྱིམ་ཚང་གིས་ཚན་པར་བྱས་ཏེ་ཞིང(འབྲོག་པའི)སྤྲོ་སྐྱིད་ཁང་བཙུགས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་སྐུལ་ཁྲིད་གང་ལེགས་བྱས་ཁར་ལས་ཞུགས་དང་འབབ་འཕར་ལའང་སྐུལ་འདེད་ནུས་ལྡན་བཏང་ཡོད།
          ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་བསྟན་འཛིན་ཆོས་གྲགས་ཀྱིས་ཡུལ་སྐོར་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་ཆེད་ལྷ་ས་གྲོང་ཁྱེར་གྱིས་རིགས་གཅིག་མཁས་ཅན་དང་འབྲེལ་ཡོད་ལས་ཞུགས་མི་སྣ་གདན་ཞུ་བྱས་ཏེ་ཞིང་འབྲོག་མང་ཚོགས་ལ་བདེ་འཇགས་ཐོན་སྐྱེད་དང་། ཡུལ་སྐོར་བཅའ་ཁྲིམས། ཡུལ་སྐོར་བསྡོམས་རྩིས། ཡུལ་སྲོལ་གོམས་གཤིས་སོགས་ཐད་གསོ་སྦྱོང་བྱས་ཏེ་ཁོང་ཚོར་ཞབས་ཞུའི་རྩལ་ནུས་ཆེ་རུ་བཏང་ནས་མི་འབོར་དབུལ་པོའི་ཡུལ་སྐོར་ལས་ཞུགས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་ཅེས་ངོ་སྤྲོད་བྱས་ཡོད།
          མིག་སྔར་བོད་ཀྱི་གྲོང་གསེབ་ཡུལ་སྐོར་ལ་བལྟོས་བཅས་ཀྱིས་ཐོན་རྫས་སྣ་ཁ་ཕུན་སུམ་ཚོགས་པ་དང་། མི་རིགས་ཁྱད་ཆོས་མངོན་གསལ་དོད་པ། ནུས་པའི་ལྷུ་ལག་འཐུས་སྒོ་ཚང་བ། ཞབས་ཞུའི་ཚད་གཞི་རིམ་གྱིས་འཐུས་སྒོ་ཚང་བ་བཅས་ཀྱི་རྣམ་པ་གསར་པ་ཞིག་མངོན་བཞིན་ཡོད།
          གསར་འགོད་པར་ཤེས་རྟོགས་གཞན་ཞིག་བྱུང་གསལ། བོད་ཀྱིས་འབྱུང་འགྱུར་གྲོང་ཁྱེར་སྤྲོ་གསེང་དང་། བོད་ལུགས་གསོ་རིག་ལུས་གསོ། ཚན་ཞིབ་མྱུལ་དཔྱད་སོགས་ཡུལ་སྐོར་རྣམ་གྲངས་རྩེ་གྲ་གཏོད་རྒྱུ་ཡིན་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716