སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་མཁའ་འགྲུལ་གྱིས་ཉིང་ཁྲི་ནས་ཧྲེན་ཀྲེན་བར་སོགས་མཁའ་ལམ་བདུན་གསར་དུ་བསྣན་ཡོད།
སྤེལ་དུས། 2016-11-03   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བྱམས་པས་བསྒྱུར།
          རྒྱལ་ཡོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱིས་དགུན་དཔྱིད་ཀྱི་གནམ་གྲུའི་འཆར་གཞི་ཟླ་10ཚེས་30ཉིན་དངོས་སུ་ལག་བསྟར་བྱས། བོད་ལྗོངས་མཁའ་འགྲུལ་ཀུང་སིས་ལྷ་ས་—ཟི་ལིང་—ཆིང་ཏའོ་དང་ལྷ་ས་—ལན་ཀྲོའུ་—ཆིང་ཏའོ། ཁྲེང་ཏུའུ་—ཅི་ནན། ཁུན་མིང་—ཐེན་ཅིན། ཁྲུང་ཆིང་—ཁྲང་ཧྲ། ཀུའེ་དབྱང་—ལན་ཀྲོའུ། ཉིང་ཁྲི་—ཁྲུང་ཆིང་—ཧྲེན་ཀྲེན་བར་བཅས་མཁའ་འགྲུལ་ལམ་ཐིག་བདུན་གསར་དུ་བསྣན་ཡོད།
          ངོ་སྤྲོད་བྱས་པ་གཞིགས་ན། ཐེངས་འདིའི་དུས་ཚིགས་བརྗེ་བར་མཁའ་འགྲུལ་ལམ་ཐིག་བདུན་གསར་དུ་བསྣན་པ་མ་ཟད། འཕུར་ཐེངས་དང་དུས་ཚོད་ཐད་ནས་ཀྱང་ལེགས་སྒྲིག་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འགྲུལ་པའི་འགྲུལ་སྐྱོད་ཀྱི་དགོས་མཁོ་སྐོང་ཐུབ་པ་གནང་ཡོད། དཔེར་ན་ལོ་རེར་དགུན་དུས་ཁྲེང་ཏུའུ་ནས་སཱན་ཡའི་བར་གྱི་གནམ་གྲུ་རྒྱུན་པར་དགོས་མཁོ་སྐོང་མི་ཐུབ་པའི་རྣམ་པ་ཆགས་ཡོད་པས། བོད་ལྗོངས་མཁའ་འགྲུལ་གྱིས་མིག་སྔའི་ཉིན་རེར་ཐེངས་རེ་དེ་ཉིན་རེར་ཐེངས་གཉིས་སུ་བསྣན་ཡོད། ཁྲེང་ཏུའུ་ནས་ཧྲང་ཧའེ་བར་གྱི་མཁའ་ལམ་ཀྱི་གནམ་གྲུའི་བཟོ་དབྱིབས་ཀྱང་ཤོང་ཆེ་བའི་འགྲུལ་སྐྱེལ་གནམ་གྲུ་A330བཀོད་སྒྲིག་བྱས་ཡོད་པས་འགྲུལ་པའི་བག་ཕེབས་ཀྱི་རང་བཞིན་རྒྱ་ཆེར་སྐོང་ཡོད། ལྷ་ས་ནས་ཧྲེན་ཀྲེན་བར་གྱི་གནམ་གྲུ་ལམ་བར་དུ་སྡོད་པ་ཐད་གཏོང་གནམ་གྲུར་བསྒྱུར་ཡོད་པས་ཆུ་ཚོད་3ལྷག་ཙམ་ལ་དམིགས་སའི་ཡུལ་དུ་སླེབས་ཐུབ། ཉིང་ཁྲི་—ཁྲེང་ཏུའུ་—ཧྲེན་ཀྲེན་བར་གྱི་མཁའ་ལམ་ཉིང་ཁྲི་—ཁྲུང་ཆིང་—ཧྲེན་ཀྲེན་བར་ལེགས་སྒྲིག་བྱས་ཏེ་འགྲུལ་པའི་འགྲོ་སྐྱོད་གོམས་གཤིས་ལ་བསྟུན་ཡོད། 
          མིག་སྔར་བོད་ལྗོངས་ཀྱི་ཡུལ་སྐོར་བལྟོས་བཅས་ཀྱིས་ཉུང་བའི་དུས་ཚིགས་ཤིག་ཡིན་པར་བརྟེན་ཕོ་བྲང་པོ་ཏ་ལའི་ཡུལ་སྐོར་བའི་གྲངས་ཀ་དང་ལྟ་སྐོར་བྱེད་པའི་དུས་ཚོད་ལ་ཚོད་འཛིན་མི་བྱེད་པ་དང་། མེ་འཁོར་སྤ་སེ་ཉོ་བདེ་བས། གནམ་གྲུའི་སྤ་སེ་རིན་གོང་མར་ཕབ་ཡོད། རླངས་འཁོར་དང་མགྲོན་ཁང་། མཛེས་ལྗོངས་ཁུལ་གྱི་རིན་གོང་བཅས་བབ་བསྟུན་གྱི་རིན་གོང་ཁེ་བའི་སྲིད་ཇུས་ལག་བསྟར་བྱས་ཡོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716