སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཚྭ་ཁའི་མཛེས་ལྗོངས་ཁུལ་རྒྱལ་ཁབ་ཀྱི་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་གྱུར་པ།
སྤེལ་དུས། 2016-11-11   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  ཆོས་སྒྲོན།
          ཉེ་ཆར་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པ་དཔྱད་བསྡུར་ཨུ་ལྷན་གྱིས་དཔྱད་བསྡུར་བྱས་པ་བརྒྱུད་ཚྭ་ཁའི་མཛེས་ལྗོངས་ཁུལ་དེ་ཉིད་རྒྱལ་ཁབ་ཀྱི་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་གྱུར་པ་དེས་ཚྭ་ཁའི་ཡུལ་སྐོར་ཚོང་གཉེར་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
          2015ལོའི་ལོ་སྨད་ནས་བཟུང་། ཟླ་བདུན་སྤྱད་མཐར། ཚྭ་ཁའི་མཛེས་ལྗོངས་ཁུལ་རིམ་སྤོར་སྒྱུར་བཀོད་ཀྱི་དུས་མཚམས་དང་པོའི་ལས་ཀ་ལེགས་གྲུབ་བྱུང་བ་མ་ཟད། འདི་ལོའི་ཟླ་6ཚེས་1ཉིན་དངོས་སུ་སྒོ་ཕྱེ་ཡོད། རིམ་སྤོར་སྒྱུར་བཀོད་བྱེད་རིང་། ཐོག་མཐའ་བར་གསུམ་དུ“A5”རིམ་པའི་མཛེས་ལྗོངས་ཁུལ་བསྐྲུན་རྒྱུ་ཚད་གཞིར་འཛིན་ཏེ་འགོ་འཛུགས་ས་མཐོ་པོ་དང་། ཚད་གཞི་མཐོ་པོ། ཚན་རིག་དང་མཐུན་པའི་འཆར་འགོད། སྤྱི་ཡོངས་ལ་སྐུལ་སྤེལ། རིམ་དབྱེ་ལག་བསྟར་བཅས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས“ལྟེ་བ་གཅིག་དང་། ཁུལ་གཉིས། ཐང་ཆེན་གསུམ”བཅས་ཀྱི་ཡུལ་ཁམས་བཀོད་པ་གྲུབ་པ་དང་། མཛེས་ལྗོངས་ཁུལ་གྱི་འཕེལ་རྒྱས་བསམ་ཕྱོགས་དང་དམིགས་ཚད་ཁ་གསལ་བཟོས་པས་མཛེས་ལྗོངས་ཁུལ་འཕེལ་རྒྱས་ཡུན་རིང་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད། མཛེས་ལྗོངས་ཁུལ་གྱི་འཆར་འགོད་ཁྱབ་གདལ་དང་ཞབས་ཞུའི་དོ་དམ་ནན་པོར་བརྟེན་ནས་དུས་ཐུང་ནང་ཚྭ་ཁ་དེ་ཉིད་མཚོ་སྔོན་ཞིང་ཆེན་གྱི་མཛེས་ལྗོངས་ཁུལ་རྩེ་གྲ་ཞིག་ལ་གྱུར་ནས་རྒྱལ་ཁབ་ཕྱི་ནང་གི་རྒྱ་ཆེའི་ཡུལ་སྐོར་བ་དང་ཡུལ་སྐོར་ལས་རིགས་ཀྱི་དོ་ཁུར་ཆེན་པོ་ཐོབ་སྟེ། ཡུལ་སྐོར་བས་འཚང་ཁ་ཤིག་ཤིག་ངང་འགྲོ་བའི་གནས་ཤིག་ཆགས་ཡོད། ཟླ་10ཚེས་10ཉིན་མཛེས་ལྗོངས་ཁུལ་སྒོ་མ་བརྒྱབ་བར། ཁྱོན་བསྡོམས་ཡུལ་སྐོར་བ་མི་ཐེངས་ཁྲི་171ལ་སྣེ་ལེན་ཞུས་ཏེ་མཚོ་སྔོན་གྱི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བའི་གྲངས་འབོར་འཕར་བའི་ངོ་མཚར་གསར་པ་བཏོད་ནས། མཚོ་སྔོན་ཡུལ་སྐོར་ལས་རིགས་ཁྲོད་ཀྱི་རྩེར་སོན་ལ་གྱུར་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཚྭ་ཁའི་མཛེས་ལྗོངས་ཁུལ་ཟླ་10ཚེས་10ཉིན་སྒོ་བརྒྱབ་སྟེ་རྣམ་གྲངས་ཀྱི་དུས་ཐེངས་གཉིས་པའི་འཛུགས་སྐྲུན་བྱེད་འགོ་བཙུགས་ནས་ཡུལ་སྐོར་བའི་ཉམས་ལེན་དང་། རོལ་རྩེད། མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་ལེགས་གཏོང་བཅས་ཀྱི་དགོས་མཁོར་གཞིགས་ཏེ་རྨང་གཞིའི་སྒྲིག་ཆས་ཁྱོན་ཡོངས་ནས་ལེགས་སུ་གཏོང་བ་དང་མཛེས་ལྗོངས་ཁུལ་གྱི་རྣམ་པ་གསར་རྐྱང་ལ་འགྱུར་བ་བྱས་པས་A5རིམ་པའི་མཛེས་ལྗོངས་ཁུལ་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། གསར་དུ་རིམ་སྤོར་བྱས་པའི་ཚྭ་ཁའི་མཛེས་ལྗོངས་ཁུལ་2017ལོའི་ཟླ་5ཚེས་1ཉིན་སླར་ཡང་སྒོ་ཕྱེ་སྟེ་རྣམ་པ་གསར་རྐྱང་ཐོག་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་མིག་ལམ་དུ་བཤམ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716