སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཁྲོན་བོད་བྱང་ལམ་གྱི་ས་བབ་མཐོ་ཤོས་གཞུང་ལམ་གྱི་ཕུག་ལམ་ཤར་གཏོང་ཐུབ་པ།
སྤེལ་དུས། 2016-11-14   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་སྒྲིག་པ།  རིན་ཆེན།
          ཉེ་ཆར། ཁྲོན་བོད་བྱང་ལམ་གྱི་རྒྱལ་ལམ་317གྱི་ས་བབ་སྨི་4300ཟིན་པའི་རྒྱལ་ལམ་317གྱི་ས་བབ་མཐོ་ཤོས་ཀྱི་གཞུང་ལམ་ཕུག་ལམ་སྟེ་ཁྲོ་ལ་ཕུག་ལམ་ཤར་གཏོང་ཐུབ་པ་རེད།
          དེ་ནས་བཟུང“དགུན་ཁར་ཁྲོ་ལ་བརྒལ་བ་ནི་གཤིན་རྗེ་འཕྲང་ལམ་འགྲིམ་དང་མཚུངས”ཞེས་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། “ཁྲོན་བོད་ལམ་གྱི་ཉེན་ཁ་ཆེ་ཤོས”ཀྱི་འོབས་ཆེན་དེ་བགྲོད་ལམ་བདེ་མོར་གྱུར།
ཁྲོ་ལའི་རི་རྩེ་མཐོ་ཤོས་ལ་ས་བབ་སྨི་6168ཟིན་པ་དང་དེ་གར་རི་མཐོ་ལ་ལམ་གཟར་བ་དང་། མཐོ་གྲང་ཡིན་ཁར་གསོ་རླུང་དཀོན་པས“ཁྲོན་བོད་ལམ་གྱི་ཉེན་ཁ་ཆེ་ཤོས”ཞེས་གྲགས། ཁྲོ་ལ་ཕུག་ལམ་དེ་རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ཡིན་པ་དང་། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དགེ་རྫོང་ཁོངས་སུ་གནས་པས་ས་བབ་སྨི་4300ཟིན་པ་དང་། ཨར་སྐྲུན་ལམ་ཚད་སྤྱི་ལེ་8.955ཟིན་པའི་ནང་ཁྲོ་ལ་ཕུག་ལམ་གཙོ་བོའི་རིང་ཚད་སྨི་7079ཡོད་པ་རེད།
          ཁྲོ་ལ་ཕུག་ལམ་རྣམ་གྲངས་པུའུ་ཡི་འགན་འཛིན་ཝང་ལིའུ་ཞུང་གིས་ཕུག་ལམ་དེ་2012ལོའི་ཟླ་7པར་ཨར་སྐྲུན་བྱེད་འགོ་ཚུགས་ཚུན། ལས་བཟོ་ཡོངས་ཀྱིས་གངས་ལྗོངས་ས་མཐོ་བརྟན་སྲུང་བྱས་ཏེ། ས་མཐོ་དང་། མཐོ་གྲང་། གསོ་རླུང་དཀོན་པ། ལས་ཕྱོད་དམའ་བ། རི་མཐོ་བ། ལམ་རིང་བ། རྒྱུ་ཆ་ཉུང་བ། སྐྱེལ་འདྲེན་དཀའ་བ། ཕུག་ལམ་རིང་བ། ས་གཤིས་རྙོག་འཛིང་ཆེ་བ་སོགས་ཀྱི་དཀའ་གནད་མང་པོ་བསལ་ནས། ས་བབ་སྨི་4300ཟིན་པའི་ཆ་རྐྱེན་སྡུག་པོའི་འོག་གི་ཨར་སྐྲུན་གྱི་ངོ་མཚར་བཏོད་ཡོད་ཅེས་གསར་འགོད་པར་བཤད།
          ཁྲོ་ལའི་རི་ལྡེབས་གཞུང་ལམ་གྱི་ལམ་བདག་སྐྱོང་ས་ཚིགས་ལྔ་པར་ལོ་24རིང་བརྟན་སྲུང་བྱས་མྱོང་མཁན་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་བ་ཁྲེན་ཏེ་ཧྭས་ཕུག་ལམ་ཤར་གཏོང་ཐུབ་རྗེས་ཆུ་ཚོད་རེར་སྤྱི་ལེ་40རྩིས་ན་སྔོན་ཆད་ཆུ་ཚོད་ཁ་ཤས་དང་ཐ་ན་ཁ་བ་བུ་ཡུག་འཚུབ་སྐབས་ཉི་མ་དུ་མ་འགོར་བའི་ཁྲོ་ལར་ད་ཆ་སྐར་མ་བཅུའི་ནང་བརྒལ་ཐུབ་ཀྱི་འདུག སྡེ་དགེས་ཡུལ་སྐོར་བ་སྔར་བས་མང་པོ་བསུས་ནས་ཡུལ་འདི་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཏེ་མི་སྔར་བས་མང་བར་བོད་ཀྱི་རིག་གནས་རྟོགས་རྒྱུ་རེད་ཅེས་གསར་འགོད་པར་བཤད།
          དཀར་མཛེས་ཁུལ་གྱི་ཁུལ་དཔོན་ཡེ་ཤེས་ཟླ་བས་ཁྲོ་ལ་ཕུག་ལམ་གྱིས་ཁྲོན་བོད་འགྲིམ་འགྲུལ་གྱི་སྒོ་མོ་བཏོད་ནས། དཀར་མཛེས་ཁུལ་དང་བོད་ལྗོངས་ས་ཆའི་འཕེལ་རྒྱས་ཆེད་གསོན་ཤུགས་གསར་པ་དང་སྒུལ་ཤུགས་གསར་པ་བསྣན་ཡོད་ཅིང་། ཁྲོན་བོད་ས་ཆའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་བཏང་སྟེ། དབུལ་སྐྱོར་འགག་སྒྲོལ་བྱེད་མགྱོགས་སུ་བཏང་ནས་དབུལ་སྒྲོལ་ཕྱུག་འགྱུར་དང་འབྱོར་འབྲིང་གཏོད་པའི་དམིགས་ཚད་འགྲུབ་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཐོན་རྒྱུ་རེད་ཅེས་བཤད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716