སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལྷ་སའི་གོང་དཀར་གནམ་ཐང་གིT3མཁའ་འགྲུལ་ས་ཚིགས་ཇུས་འགོད་ཀྱི་ཇུས་གཞི་ཕྱིར་བསྒྲགས་པ།
སྤེལ་དུས། 2016-12-08   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རླུང་གཞོན་གྱིས་བསྒྱུར།

          མིག་སྔར། གསར་འགོད་པས་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུས་ནས་རྒྱུས་ལོན་བྱུང་པ་ལྟར་ན། ལྷ་སའི་གོང་དཀར་གནམ་ཐང་གིT3མཁའ་འགྲུལ་ས་ཚིགས་ཐོག་ཁང་ཇུས་འགོད་ཀྱི་ཇུས་གཞི་ཕྱིར་བསྒྲགས་ཟིན་པ་དང་། ལྷ་སའི་གོང་དཀར་གནམ་ཐང་མཁའ་འགྲུལ་ས་ཚིགས་ཁུལ་གྱི་རྒྱས་སྐྲུན་ལས་གཞི་ཡིན་པའི་ཆ་ནས། རྣམ་གྲངས་འདིའི་ཇུས་འགོད་ཇུས་གཞི་ནི“སེམས་ཀྱི་ཉི་ཟླ། རྟག་བརྟན་གྱི་ཤམ་བྷ་ལ”ཞེས་པ་དེ་ཡིན་ལ། ཇུས་གཞི་འདིས་བཀོད་སྤྱོད་ཀྱི་བྱེད་ནུས་སྐོང་ཐུབ་པ་མ་ཟད། འཛུགས་སྐྲུན་གྱི་ཁྱད་ཆོས་དང་ས་ཁུལ་རང་བཞིན་གྱི་རིག་གནས་ཟུང་འབྲེལ་གང་ལེགས་གནང་ཡོད་པ་རེད། 
          ཇུས་འགོད་དམིགས་ཡུལ། འགྲོ་འོང་འགྲུལ་བ་ཁྲི900ཡི་དགོས་མཁོ་སྐོང་རྒྱུ། 
          ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་ཐང་ནི་ཡར་ཀླུང་གཙང་པོའི་ལྷོ་ངོགས་སུ་ཆགས་ཡོད་ལ། དེ་ནི་འཛམ་གླིང་སྟེང་ས་བབ་ཆེས་མཐོ་བའི་གནམ་ཐང་གྲས་ཀྱི་གཅིག་རེད། སྤྱི་ལོ1965ལོའི་ཟླ3པའི་ཚེས1ཉིན་དམངས་སྤྱོད་མཁའ་འགྲུལ་ལྷ་སའི་གོང་དཀར་གནམ་ཐང་དུ་གནམ་གྲུ་དངོས་སུ་ཤར་གཏོང་བྱས་པ་དང་། འཁོར་སྐྱོད་བྱས་པའི་ལོ་ངོ51གི་རིང་ལ། ལྷ་སའི་གོང་དཀར་གནམ་ཐང་ནི་བར་སྣང་གི་མཁའ་ལམ་གྱི་འགོ་ཚུགས་ས་ཡིན་པའི་ཆ་ནས་བོད་ལྗོངས་ཀྱི་ལས་དོན་ཁག་འཕེལ་རྒྱས་ཐད་ལ་བྱས་རྗེས་མི་དམན་པ་བཞག་ཡོད་དེ། སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་སླེབས་ནས། ལྷ་སའི་གོང་དཀར་གནམ་ཐང་གིས་ཀྱང་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ཀྱི་དུས་རབས་གསར་བ་བསུ་འགོ་ཚུགས་པ་རེད།
          བོད་རང་སྐྱོང་ལྗོངས་ཀྱི་མཁའ་འགྲུལ་ལས་སྒོ་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བཞིན་པའི་དགོས་མཁོ་སྐོང་པ་དང་། ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ཀྱིས2016ལོའི་ལོ་འགོར་ལྷ་སའི་གོང་དཀར་གནམ་ཐང་གི་མཁའ་འགྲུལ་ས་ཚིགས་ཁུལ་རྒྱས་སྐྲུན་ལས་གཞི་དེ་ལག་བསྟར་བྱ་ཐུབ་མིན་གྱི་ཞིབ་འཇུག་དང་དུས་འགོའི་ཇུས་འགོད་ལས་རིམ་ཕྱོགས་ཡོངས་ནས་འགོ་བརྩམས་པ། 2016ལོའི་ཟླ5བར། ལྷ་ས་གོང་དཀར་གནམ་ཐང་གི་མཁའ་འགྲུལ་ས་ཚིགས་ཁུལ་རྒྱས་སྐྲུན་གྱི་ལས་གཞི་དེར་བོད་རང་སྐྱོང་ལྗོངས་སྲིད་གཞུང་དང་རྒྱལ་ཁབ་དམངས་སྤྱོད་མཁའ་འགྲུལ་ཅུས་གཉིས་ཀྱི་མཉམ་འབྲེལ་སྒོས་ཆོག་མཆན་ཐོབ་པ་བརྒྱུད་རྣམ་གྲས་དངོས་སུ་འགོ་བརྩམས་ཤིང་། ཐེངས་འདིའི་རྒྱས་སྐྲུན་ལས་གཞི་ནི2025ལོར་འགྲུལ་བ་མི་གྲངས900སྐྱེལ་འདྲེན་དང་། དངོས་ཟོག་ཏུན་ཁྲི8སྐྱེལ་འདྲེན་གྱི་དགོས་མཁོ་སྐོང་ཐུབ་པའི་ཇུས་གཞི་ལྟར་ཇུས་འགོད་བྱས་ཡོད་ལ། དེའི་ནངT3མཁའ་འགྲུལ་ས་ཚིགས་ཐོག་ཁང(བེད་སྤྱོད་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི8.8)དང་།གཞོགས་ངོས་སྡིངས་ཆ། མཁའ་ལམ་དོ་དམ་སྒྲིག་ཆས། དངོས་ཟོག་སྐྱེལ་འདྲེན་མཛོད་ཁང་། མེ་འགོག་རོགས་སྐྱོར། འགྲིམ་འགྲུལ་སྒྲིག་ཆས། སྒུལ་ཤུགས་ནུས་ཁུངས་ཀྱི་སྒྲིག་ཆས། ཐོན་སྐྱེད་གཞོགས་འདེགས་ཁང་སོགས་འདུས་ཡོད་པ་རེད། 
          དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཅུས་ཀྱི་འབྲེལ་ཡོད་འགན་འཛིན་པས། བོད་ལྗོངས་ཀྱི་ས་བབ་ནི་རྒྱལ་ཡོངས་མ་ཟད་འཛམ་གླིང་ལ་མཚོན་ནའང་དམིགས་བསལ་གྱི་དོན་སྙིང་ལྡན་པས་ན། ཅུས་དེ་གས་ད་རེས་ཀྱི་རྒྱས་སྐྲུན་ལས་གྲྭའི་ཇུས་འགོད་ཇུས་གཞིའི་རྩ་བའི་མཛུབ་སྟོན་དགོངས་དོན་ནི་དེང་རབས་སུ་གཞི་ཚུགས་རྒྱུ་དང་། ལོ་རྒྱུས་རྒྱུད་འཛིན་ཐུབ་པ། འབྱུང་འགྱུར་ལ་མིག་རྒྱང་རིང་པ་བཅས་ཡིན་ལ། ཧུར་ཐག་སྒོས་ལྷ་སའི་གནམ་ཐང་ནི་མཁའ་ལམ་སྐྱེལ་འདྲེན་དང་། ཚོང་ལས་ཞབས་ཞུ།ཕྱོགས་བསྡུས་གསར་སྤེལ་སོགས་ཀྱི་ནང་དོན་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་མཁའ་འགྲུལ་ལྟེ་གནས་འཛུགས་སྐྲུན་ལ་བརྩོན་ལེན་བྱེད་རྒྱུ་དེ་ཡིན་ལ། གསར་དུ་འཛུགས་སྐྲུན་བྱེད་བཞིན་པའིT3མཁའ་འགྲུལ་ས་ཚིགས་ཐོག་ཁང་གྱི་རྣམ་གྲངས་དེ་ནི་བོད་རང་སྐྱོང་ལྗོངས་ཀྱིས་འཛམ་གླིང་ལ་ཁ་ཕྱོགས་པའི་སྒེའུ་ཁུང་ཞིག་ཡིན་པའི་ཆ་ནས། བེད་སྤྱོད་ཀྱི་བྱེད་ནུས་དང་འཁོར་སྐྱོད་ཀྱི་ཕན་ནུས་མཐོན་པོ་སྐོང་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་བོད་ལྗོངས་ས་ཁུལ་གྱི་ས་ཁོངས་རང་བཞིན་གྱི་རིག་གནས་ཀྱི་ནང་དོན་འོས་འཚམས་འདུས་བར་བྱ་དགོས་ཞེས་ངོ་སྤྲོད་གནང་བྱུང་ལ། འགན་འཛིན་པ་དེས་རྣམ་གྲངས་འདི་ནི་དེང་རབས་སྤྱི་ཚོགས་ཀྱིས་གླེང་བཞིན་པའི་མི་ཆོས་གནམ་ཐང་དང་། བློ་གྲོས་གནམ་ཐང་། དེ་བཞིན་ལྗང་མདོག་གནམ་ཐང་སོགས་དེང་རབས་ཀྱི་དགོས་མཁོ་དང་བསྟུན་དགོས་པ་རེད་ཅེས་ངོ་སྤྲོད་གནང་བྱུང་།  
          ཇུས་འགོད་ཀྱི་བསམ་ཕྱོགས།
          སེམས་ཀྱི་ཉི་ཟླ། རྟག་བརྟན་གྱི་ཤམ་བྷ་ལ
          2016ལོའི་ཟླ1པོ་ནས་ཟླ8པའི་བར། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་ཅུས་ཡིས་ལྷ་སའི་གོང་དཀར་གནམ་ཐང་གིT3མཁའ་འགྲུལ་ས་ཚིགས་ཐོག་ཁང་དང་མཁའ་འགྲུལ་ས་ཚིགས་ཁུལ་གྱི་སྒྲིག་གཞིའི་ནང་དོན་ཇུས་འགོད་དང་སྤྱི་ཁྱབ་ཇུས་འགོད་ལ་བྱེ་བྲག་ཏུ་ཡོངས་ཁྱབ་སྒྲུབ་འགན་བརྡ་ཁྱབ་བཀྲམ་ཞིང་། པེ་ཅིང་ཀྲུང་གོའི་མཁའ་འགྲུལ་ཀྲུའུ་ཁྲིན་གནམ་ཐང་འཛུགས་སྐྲུན་བློ་འདོན་ཚད་ཡོད་ཀུང་སི+ཨོ་ཡ་ན་མཉམ་འབྲེལ་སྒྲིག་གཞི་དང་། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་གནམ་ཐང་འཇུགས་སྐྲུན་ཚོགས་ཁག་ཀུང་སི། ཀྲུང་གོ་མཁའ་འགྲུལ་སྒྲིག་གཞི་ཇུས་འགོད་ཞིབ་འཇུག་སྤྱི་ཁྱབ་གླིང་། ཀྲུང་གོ་འཛུགས་སྐྲུན་ལྷོ་ནུབ་ཇུས་འགོད་གླིང་། པེ་ཅིང་གྲོང་ཁྱེར་འཛུགས་སྐྲུན་ཇུས་འགོད་གླིང་སོགས་ཁེ་ལས་གྲགས་ཅན་སྐོར་ཞིག་སྒྲུབ་འགན་འགྲན་རྩོད་ལས་རིམ་དུ་ཞུགས་ཡོད་ཅིང་། དཔྱད་བསྡུར་བྱས་པ་བརྒྱུད། པེ་ཅིང་ཀྲུང་གོའི་མཁའ་འགྲུལ་ཀྲུའུ་ཁྲིན་གནམ་ཐང་འཛུགས་སྐྲུན་བློ་འདོན་ཚད་ཡོད་ཀུང་སི+ཨོ་ཡ་ན་ལས་གཞི་འདྲི་རྟོགས་མཉམ་འབྲེལ་སྒྲིག་གཞིས་སྤྲད་པའི་ཇུས་གཞི་དེ་ལག་བསྟར་ཇུས་འགོད་ལ་གཏན་འཁེལ་བྱས་པ་དང་། པེ་ཅིང་ཀྲུང་གོའི་མཁའ་འགྲུལ་ཀྲུའུ་ཁྲིན་གནམ་གྲུ་འབབ་ཐང་འཛུགས་སྐྲུན་བློ་འདོན་ཚད་ཡོད་ཀུང་སིས་རྣམ་གྲངས་དེའི་སྤྱིའི་ཇུས་འགོད་བསྡུ་བའི་དཔྱད་བསྡུར་ཁྲོད་འོས་མི་དང་པརོ་བདམས་ནས་ལྷ་སའི་གོང་དཀར་གནམ་ཐང་གི་མཁའ་འགྲུལ་ས་ཚིགས་ཁུལ་རྒྱས་སྐྲུན་ཇུས་འགོད་རྣམ་གྲངས་ཀྱི་འོས་འཐུས་སྡེ་ཚན་དུ་གྱུར་པ་རེད། 
          པེ་ཅིང་ཀྲུང་གོའི་མཁའ་འགྲུལ་ཀྲུའུ་ཁྲིན་གནམ་ཐང་འཛུགས་སྐྲུན་བློ་འདོན་ཚད་ཡོད་ཀུང་སིས་བཏོན་པའི་ཇུས་འགོད་བསམ་ཕྱོགས་ལ་གཞིགས་ན། རྣམ་གྲངས་འདིའིT3མཁའ་འགྲུལ་ས་ཚིགས་ཐོག་ཁང་གི་ཇུས་འགོད་ཇུས་གཞི་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་འཚོལ་སྙེགས་བྱེད་པའི“སེམས་ཀྱི་ཉི་ཟླ། རྟག་བརྟན་གྱི་ཤམ་བྷ་ལ”ཞེས་པའི་མཛེས་སྡུག་ལྡན་པའི་རེ་སྨོན་ལས་འཕྲོས་པ་ཡིན་ལ། ཇུས་གཞིའི་ཇུས་འགོད་དེས་བོད་ལྗོངས་ཀྱི་སྣང་བརྙན་ཁྱད་ཆོས་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་པ་བརྒྱུད། སྤྱིའི་ཇུས་འགོད་དང་། བྱེད་ནུས་བརྒྱུད་རིམ།  འཛུགས་སྐྲུན་གྱི་བཀོད་པ། ཁོར་ཡུག་ཚན་རིག  ནུས་ཁུངས་གྲོན་ཆུང་སྲུང་སྐྱོབ་སོགས་ཕྱོགས་ཡོངས་ནས་ལྷ་སའི་གོང་དཀར་གནམ་ཐང་གིT3མཁའ་འགྲུལ་ས་ཚིགས་ཐོག་ཁང་ནི་དེང་རབས་ཅན་གྱི་མཁའ་འགྲུལ་ས་ཚིགས་ཀྱི་བྱེད་ནུས་དགོས་མཁོ་དང་། འཁོར་སྐྱོད་བྱེད་ཐབས་ལམ། དེ་བཞིན་སྣང་བརྙན་གྱི་ཁྱད་ཆོས་འགྲེལ་བརྗོད་གནང་ཡོད་པས། བཀོད་སྤྱོད་ཀྱི་བྱེད་ནུས་སྐོང་ཐུབ་པ་མ་ཟད། འཛུགས་སྐྲུན་གྱི་ཁྱད་ཆོས་དང་ས་ཁུལ་རང་བཞིན་གྱི་རིག་གནས་ཟུང་འབྲེལ་གང་ལེགས་གནང་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716