སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཞིན་ཅང་ལྕགས་ལམ་སྟེང2017ལོའི་ཟླ1པའི་ཚེས5ཉིན་མེ་འཁོར་གཏོང་རྒྱུ་ཡིན་པ།
སྤེལ་དུས། 2016-12-15   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བསོད་ནམས་འཚོས་བསྒྱུར།
            2017ལོའི་ཟླ1པའི་ཚེས5ཉིན་ནས་བཟུང་། ཞིན་ཅང་ལྕགས་ལམ་སྟེང་མེ་འཁོར་ཤར་གཏོང་བྱ་རྒྱུ་རེད། 
            འཚོང་རྒྱུ་ཡིན་ལ།  ཚབ་འཚོང་བྱེད་གནས་དང་རང་འགུལ་འཕྲུལ་ཆས་སྟེང་ནས་ཟླ12པའི་ཚེས9ཉིན་ནས་བཟུང་འཚོང་རྒྱུ་རེད། 
          ཐེངས་འདིར་ཝུའུ་ལི་མུའུ་ཆི་ནས་ཅི་ནན་བར K1338/5དངK1336/7ཡི་མེ་འཁོར་གཏོང་རྒྱུ་ཡིན་ལ། ད་དུང་དབྱི་ཉིན་ནས་ཅི་ནན་བར་དུའང་མེ་འཁོར་གཏོང་རྒྱུ་ཡིན་པས། ཝུའུ་ལི་མུའུ་ཆིར་ཡོད་པའི་སྐུ་མགྲོན་མེ་འཁོར་གཏོང་ཐེངས་དེར་བསྡད་དེ་ཅི་ནན་ལ་སོང་ཡང་ཆོག ཝུའུ་ལི་མུའུ་ཆི་ནས་ཁྲུང་ཆིན་བྱང་ལ་གཏོང་བའི K544/1དངK542/3ཡི་མེ་འཁོར་དེ་ཨ་ཁོ་སུའུ་ནས་ཁྲུང་ཆིན་བྱང་ལ་གཏོང་བར་བསྒྱུར་པས། མེ་འཁོར་འདི་ཝུའུ་ལུའུ་མུའུ་ཆི་བརྒྱུད་ཀྱི་མ་རེད།  
          དུས་མཚུངས་སུ། ཝུའུ་ལུའུ་མུའུ་ཆི་ལྷོ་ནས་ཨ་ཁོ་སུའུ་བར་དུ K9782/3དངK9784/1ཡི་མེ་འཁོར་གསར་དུ་བསྣན་པ་དང་། ལམ་རྒྱུད་ནས་ཝུའུ་ལུའུ་མུའུ་ཆི་ལྷོ་དང་ཐུའུ་ལུའུ་ཧྥན། ཡན་ཆི། ཁུའུ་ཨེར་ལི། ཁུའུ་ཁྲེ། ཨ་ཁོ་སུའུ་བཅས་ས་ཚིགས་སུ་འདུག་རྒྱུ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716