སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ཀྱི་སྣོད་བཅུད་སྔར་བཞིན་བཟང་བས་དུས་བྱ་སྔར་རྒྱུན་བཞིན་ཚུར་ལོག་པ།
སྤེལ་དུས། 2016-12-30   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཆོས་སྒྲོན།
          མིག་སྔར། ས་མཐོར་དུས་བྱ་གནས་སྤོའི་དུས་ཚིགས་དང་ཏག་ཏག་འཁེལ་ཡོད། ཁྲུང་ཁྲུང་སྐེ་ནག་དང་། ཁྲུང་ཁྲུང་མགོ་ཁྲ། ཆུ་སྐྱར་མགོ་སེར་སོགས་དུས་བྱ་འབོར་ཆེན་སྔར་རྒྱུན་བཞིན་ལེ་དབར་སྟོང་ཕྲག་འཕུར་ནས་ཡར་ཀླུང་གཙང་པོ་དང་། ལྷ་ས་སྐྱིད་ཆུ། མྱང་ཆུ་གཙང་པོ་སོགས་ཀྱི་ལུང་ཤུར་དུ་དགུན་སྒྲོལ་བྱེད་པར་ཡོང་ཡོད།
          ཉེ་བའི་ལོ་ཤས་རིང་། བོད་ཀྱིས་དུས་བྱའི་འཚོ་སྡོད་ཁུལ་ལ་སྲུང་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས་ས་མཐོ་བས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་དང་བདག་ཏུ་མ་བཟུང་བའི་དུས་བྱའི་འཚོ་གནས་ཁོར་ཡུག་ནུས་ལྡན་ངང་ལེགས་སུ་ཕྱིན་ཡོད། མིག་སྔར་བོད་དུ་རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་47བསྐྲུན་ཟིན་པ་དང་། སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་34.35%བཟུང་བ། སྣོད་བཅུད་ནུས་པའི་སྲུང་སྐྱོང་ཁུལ་22བསྐྲུན་པ་བཅས་རེད། དུས་བྱ་ཚུད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རང་བྱུང་སྲུང་སྐྱོང་ཁུལ་དུ་སྲུང་སྐྱོང་ཡག་པོ་ཐུབ་ཡོད་པ་རེད།
          ཆུང་དུས་ནས་ལྷུན་གྲུབ་རྫོང་འཕན་པོ་ཁྲུང་ཁྲུང་སྐེ་ནག་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཉེ་འགྲམ་དུ་འཚར་ལོངས་བྱུང་བའི་ཞིང་པ་པ་སངས་ཚེ་རིང་གིས་ཁྲུང་ཁྲུང་སྐེ་ནག་གི་འཚོ་སྡོད་གོམས་གཤིས་ལ་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད་ཅིང་། ཁོང་གིས“ལོ་བཅུ་ལྷག་ཙམ་གོང་ཉེ་འགྲམ་དུ་མང་ཤོས་སུའང་ཁྲུང་ཁྲུང་སྐེ་ནག་བརྒྱ་ཉིས་བརྒྱ་ལས་མཐོང་རྒྱུ་མེད། ད་ཆ་ཁོར་ཡུག་ཇེ་ལེགས་སུ་འགྲོ་བ་དང་བསྟུན་ནས་ཁྲུང་ཁྲུང་སྐེ་ནག་བརྒྱ་ཕྲག་དང་སྟོང་ཕྲག་བྱས་པའི་ཁྱུ་ཚོ་མཐོང་རྒྱུ་ཡོད། སྲིད་གཞུང་སྡེ་ཚན་དང་གྲོང་མི་ཚོས་རང་འགུལ་ངང་དེ་དག་ལ་སྲུང་སྐྱོང་བྱས་ཏེ་མི་དང་སྲོག་ཆགས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་གང་ལེགས་མངོན་བཞིན་ཡོད”ཅེས་བཤད་པ་རེད།
          ཀྲུང་གོ་ཚན་རིག་ཁང་གིས་ཁྱབ་བསྒྲགས་བྱས་པའི《བོད་ལྗོངས་ས་མཐོའི་ཁོར་ཡུག་འགྱུར་ལྡོག་གི་ཚན་རིག་ཚོད་སྐོར》སྙན་ཞུ་ལས་མངོན་དོན། མཚོ་བོད་ས་མཐོའི་སྣོད་བཅུད་མ་ལག་སྤྱི་ཡོངས་ཀྱི་འཕེལ་ཕྱོགས་བཟང་ཙམ་ཡོད། བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཐིང་ཀྲང་གཞོན་པ་ཀྲང་ཐན་ཧྭ་ཡིས་སྲུང་སྐྱོང་བྱེད་ཐབས་རབ་དང་རིམ་པས་བོད་ལྗོངས་འདི་ཉིད་བདག་ཏུ་མ་བཟུང་བའི་དུས་བྱའི་དགུན་སྒྲོལ་གྱི་ཞིང་ཁམས་ལྟ་བུར་གྱུར་ཡོད། མིག་སྔར་བོད་ལྗོངས་འདི་ཉིད་གོ་ལ་ཧྲིལ་པོའི་ཁྲུང་ཁྲུང་སྐེ་ནག་དགུན་སྒྲོལ་བྱེད་ས་ཆེ་ཤོས་སུ་གྱུར་ནས་ཁྲུང་ཁྲུང་སྐེ་ནག་གི་བསྡོམས་གྲངས་2000ནས་ད་ཆའི་8000ལྷག་ཙམ་བར་མང་དུ་ཕྱིན་ཡོད། གྲངས་གཞི་དེས་གོ་ལ་ཧྲིལ་པོའི་ཁྲུང་ཁྲུང་སྐེ་ནག་གི་བསྡོམས་གྲངས་ཀྱི་80%ཡན་བཟུང་གི་ཡོད་ཅེས་བཤད་པ་རེད།
          མིག་སྔར། གངས་ལྗོངས་ས་མཐོའི་དུས་བྱ་གནས་སྤོ་བྱེད་མང་བའི་དུས་ཡིན་པས་གང་བྱུང་དུ་འཛིན་བཟུང་དང་རྔོན་རྒྱག་པ་དང་ཁྲིམས་འགལ་ངང་དུས་བྱ་ཉོ་ཚོང་བྱེད་པ་སོགས་ཉེས་གསོག་བྱེད་སྤྱོད་ཀྱི་འཕེལ་ཕྱོགས་ནུས་ལྡན་ངང་བཀག་འགོག་བྱ་ཆེད་བོད་ལྗོངས་ནགས་ལས་སྡེ་ཚན་གྱིས་ལྗོངས་ཡོངས་སུ་ཕྱོགས་ཡོངས་ནས“གཙང་བཤེར་བྱ་སྤྱོད”སྤེལ་ཏེ་དུས་བྱའི་དགུན་སྒྲོལ་བྱེད་གནས་དང་། གནས་སྤོ་བྱེད་རིང་ངལ་གསོ་གནས། གནས་སྤོ་བྱེད་ལམ། ཁྱུ་ཚོགས་འགུལ་སྐྱོད་ཁུལ་བཅས་ལ་སྐོར་སྲུང་དང་ལྟ་སྲུང་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་མཐའ་མཚམས་སྒྲོལ་བའི་དུས་བྱར་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716