སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ཀྱི་ལྕཊ་ལམ་སྡེ་ཚན་གྱིས་སྤ་སེ་གླཊ་ཚོང་སོཊ་ཀྱི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ།
སྤེལ་དུས། 2016-12-30   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  རིན་ཆེན།
          འགྲུལ་པས་སྤ་སེ་ཉོ་བའི་ཁོར་ཡུག་ལེགས་སུ་གཏོང་ཆེད། ཉིན་ཤས་གོང་ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡིས་ཆེད་དོན་བྱ་སྤྱོད་སྤེལ་ནས་སྤ་སེ་གླགས་ཚོང་དང་སྤ་སེ་རྫུས་མ་བཟོ་བ་སོགས་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ་རེད།
          ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའི་བདེ་སྲུང་ཉིང་ལག་རུ་ཁག་གི་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2017ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་མེ་འཁོར་སྤ་སེ་མཁོ་སྤྲོད་ཀྱི་འགལ་བ་སྔར་བཞིན་མངོན་གསལ་དོད་པོ་ཡོད་སྟབས་ཁྲིམས་འགལ་ངང་སྤ་སེ་ཚོང་མཁན་ཁག་གཅིག་གིས་ཁེ་བཟང་ཁོ་ན་བསམ་ནས་སྤ་སེ་གླགས་ཚོང་བྱེད་ཀྱི་ཡོད། ཁྲིམས་འགལ་ངང་སྤ་སེ་ཚོང་མཁན་ཁྱོན་ཡོངས་ནས་བཀག་སྡོམ་བྱ་ཆེད། ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡིས་སྤ་སེ་རྫུས་མ་བཟོ་མཁན་དང་ཁྲིམས་འགལ་ངང་སྤ་སེ་ཚོང་མཁན་ལ་རྡུང་རྡེག་བཏང་སྟེ་སྤ་སེ་ཚོང་བའི་ཁོར་ཡུག་ལེགས་སུ་གཏོང་རྒྱུ་ཡིན་པ་རེད། “དྲ་ཐོག”དང“དྲ་ཕྱི”གཞོགས་འདེགས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤ་སེ་དང་ལག་ཁྱེར་དང་འབྲེལ་བ་ཡོད་པའི་གྱོད་གཞིའི་ཆ་འཕྲིན་ཡོང་ཁུངས་རྒྱ་ཆེར་གཏོང་བ་དང་། ཆེད་ལས་ལག་རྩལ་མི་དམངས་ཉེན་རྟོག་པ་མངགས་ནས་དྲ་ཐོག་ཏུ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་བསྡུས་དབྱེ་ཞིབ་ལས་སྟེགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། གྲངས་གཞི་བསྡུར་བ་བྱེད་ཤུགས་ཆེ་རུ་གཏོང་བ། ཁྱོན་ཡོངས་ནས་དབྱེ་ཞིབ་དང་བརྡར་ཤ་གཅོད་པ། གཙོ་གནད་མི་སྣ་གཏན་འཁེལ་བྱེད་པ། གཙོ་གནད་ཁུངས་སྣེ་གཏན་འཁེལ་བཅས་བྱས་ཏེ་གནད་སྨིན་ངང་རྡུང་རྡེག་གཏོང་རྒྱུར་གཞི་འཛིན་ས་མཁོ་འདོན་བྱས་པ་མ་ཟད། ལས་སྒོ་བྱང་ཆུབ་པའི་ཉེན་རྟོག་པ་མེ་འཁོར་གྱི་སྤ་སེ་འཚོང་ས་དང་། མེ་འཁོར་སྒུག་ས། མེ་འཁོར་ཐོག་འགྲུལ་པའི་སྤ་སེར་བརྟག་དཔྱད་བྱེད་པ་སོགས་ཀྱི་ལས་དོན་སྤེལ་བར་སྐོང་འཐེན་བྱས་ཡོད།
          གཞན་ཡང་། བོད་ལྗོངས་ལྕགས་ལམ་གྱི་དཔྱིད་གསར་སྐྱེལ་འདྲེན“དུས་བདེ་དང་། གོ་རིམ་ལྡན་པ། དྲོ་སྐྱིད་ལྡན་པ”བཅས་ཡོང་རྒྱུ་འགན་ལེན་བྱ་ཆེད། ཟླ་བ་12པ་ནས་བཟུང་དཔྱིད་གསར་སྐྱེལ་འདྲེན་མཇུག་མ་འགྲིལ་བར་ལྷ་ས་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་ད་དུང་ལྕགས་ལམ་ལམ་ཐིག་གི་སྐྱེལ་འདྲེན་བདེ་འཇགས་འགན་ལེན་བྱེད་པའི་ཆེད་དོན་བྱ་སྤྱོད་སྣ་ཚོགས་མུ་མཐུད་སྤེལ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716