སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་ཡུལ་སྐོར་ཞབས་ཞུའི“ཚད་གཞི”གསར་པ་ཐོན་པ།
སྤེལ་དུས། 2017-01-06   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  རྡོ་རྗེ།
——བོད་ཀྱི་ཡུལ་སྐོར་ཞབས་ཞུའི་ས་གནས་ཀྱི་ཚད་གཞི་བཏོན་པའི་སྔ་རྗེས།
          བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། 2016ལོ་སྟོད་ནས་བཟུང་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་2016ལོའི་ཡུལ་སྐོར་ཞབས་ཞུ་ཚད་གཞིའི་ཇུས་གཞི་འཆར་འགོད་གཏན་འཁེལ་བྱས་པ་དང་། དེའི་ནང་ཇུས་གཞི་དང་། བཀོད་སྒྲིག དྲིལ་བསྒྲགས། ལག་བསྟར་བཅས་ཚུད་ཅིང་། མིག་སྔར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། 《བོད་རང་སྐྱོང་ལྗོངས་ཡུལ་སྐོར་ལས་དོན་ཁང་གི་སྣེ་ལེན་ཞབས་ཞུའི་ཞིབ་སྲོལ》དང་། 《བོད་རང་སྐྱོང་ལྗོངས་ཀྱི་སྣེ་ཤན་པའི་ཞབས་ཞུའི་ཞིབ་སྲོལ》《བོད་རང་སྐྱོང་ལྗོངས་སྐར་མ་རིམ་པའི་གསོལ་མགྲོན་ཁང་གི་སྣེ་ལེན་ཞབས་ཞུའི་ཞིབ་སྲོལ》《བོད་རང་སྐྱོང་ལྗོངས་ཡུལ་སྐོར་འགྲུལ་སྐྱེལ་ཞབས་ཞུའི་ཞིབ་སྲོལ》བཅས་དངོས་སུ་བཏོན་ནས་ལག་བསྟར་བྱས་པ་རེད།
          ཤེས་རྟོགས་བྱུང་བ་ལྟར་ན། ཚད་གཞི་བཟོས་པ་དེས་རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་དོན་དངོས་དང་བོད་ལྗོངས་ཀྱི་ཁྱད་ཆོས་དང་ཁྲོམ་རའི་ལམ་སྲོལ་སོགས་རྒྱུ་རྐྱེན་དང་ཟུང་འབྲེལ་གང་ལེགས་ཐུབ་ནས། རྒྱ་ཆེའི་ཡུལ་སྐོར་བའི་གཞི་རྩའི་དགོས་མཁོ་སྐོང་བ་དང་། ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། འགྲུལ་པ་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བར་བཅའ་ཁྲིམས་ཁྲིམས་སྲོལ་གྱི་འགན་ལེན་དང་བོད་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་རའི་འཁོར་རྒྱུག་བཟང་པོ་ཡོང་བར་ལམ་སྲོལ་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བར་རྩ་བའི་གཞི་འཛིན་ས་བྱུང་བས། བོད་ཀྱི་ཡུལ་སྐོར་ཞབས་ཞུའི་ས་གནས་ཚད་གཞིའི་མ་ལག་རགས་ཙམ་ཆགས་ནས་ཡུལ་སྐོར་ཞབས་ཞུ་ཚད་གཞི་ཅན་དང་། ལམ་ལུགས་ཅན་བཅས་སུ་སླེབས་པ་མཚོན་གྱི་ཡོད།
          བོད་ལྗོངས་ཀྱི་ཡུལ་སྐོར་སྣེ་ལེན་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་ལེགས་སུ་ཏན་ཏིག་བཏང་ནས་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་ཧུར་ཐག་བསྐྲུན་ཆེད། 2016ལོའི་ཟླ་4ཚེས་27ཉིན་རང་ལྗོངས་ཀྱི་ཡུལ་སྐོར་ཞབས་ཞུ་ཚད་གཞི་ཅན་འཛུགས་སྐྱོང་ལོའི་བྱེད་སྒོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཏེ། 2016ལོ་ཡུལ་སྐོར་ཞབས་ཞུ་ཚད་གཞི་ཅན་འཛུགས་སྐྱོང་ལོར་བརྩིས་པ་མ་ཟད། ཡུལ་སྐོར་མཛེས་ལྗོངས་ཁུལ་སྤུས་རྟགས་ཅན་གྱི་ཚོད་ལྟའི་ལས་དོན་གོ་སྐབས་བཟང་པོར་བརྩིས་ནས་རང་ལྗོངས་ཀྱི་ཡུལ་སྐོར་ཞབས་ཞུར་ཚད་གཞིའི་མ་ལག་བཟོ་བ་དང་འདོན་རྒྱུའི་ཐག་བཅད་པས། ཞབས་ཞུ་དང་། དཔྱད་ཞིབ། གདེང་འཇོག་བཅས་ཀྱི་གཞི་འཛིན་ས་གལ་ཆེན་ཆགས་པ་རེད།
          བསམ་འཆར་བསྡུ་ལེན་དུས་མཚམས་དང་། སྲིད་གཞུང་ཚོགས་འདུའི་ཞིབ་བཤེར་བཟོ་བཅོས་ཀྱི་དུས་མཚམས། རེས་འཁོར་གཉིས་པའི་བསམ་འཆར་བསྡུ་ལེན་དུས་མཚམས་བཅས་བརྒྱུད། 2016ལོའི་ཟླ་11ཚེས་27ཉིན་བོདརང་སྐྱོང་ལྗོངས་སྲིད་གཞུང་གིས་ཡུལ་སྐོར་ཞབས་ཞུ་ཚད་གཞི་ཅན་གྱི་ཆེད་དོན་ལས་ཀའི་ཚོགས་འདུ་ཐེངས་བདུན་པ་འཚོགས་ནས། ཞབས་ཞུའི་ཞིབ་སྲོལ་བཞིར་ཞིབ་འཇུག་བྱས་ཏེ་གྲོས་འཆམ་བྱུང་བར་ཁ་གསབ་དང་བཟོ་བཅོས་ཕྲན་ཙམ་བྱས་ནས་འཐུས་སྒོ་ཚང་དུ་བཏང་རྗེས། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཙོ་བོར་གཟིགས་རྒྱུར་ཕུལ་ནས་ཆོག་མཆན་གནང་བ་ལས། ལོ་ཕྱེད་ཙམ་བརྒྱུད་བོད་ཀྱི་ཡུལ་སྐོར་གྱི་ས་གནས་ཚད་གཞིའི་ལས་རིགས་བཞིའི་ཞབས་ཞུའི་ཞིབ་སྲོལ་དངོས་སུ་ལག་ལེན་བསྟར་བ་མཚོན་གྱི་ཡོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716