སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱིས་དཔྱིད་གསར་སྐྱེལ་འདྲེན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ།
སྤེལ་དུས། 2017-01-20   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  བསོད་ནམས་མཚོ་མོས་བསྒྱུར།
          ཟླ་1ཚེས་17ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དཔྱིད་གསར་སྐྱེལ་འདྲེན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་ཁག་གི་འབྲེལ་ཡོད་འགན་ཁུར་བའི་སྣེ་ཁྲིད་ནས་ལྷ་ས་ནུབ་འདབས་འགྲུལ་སྐྱེལ་བབས་ཚུགས་དང་། ལྷ་ས་གོང་དཀར་གནམ་ཐང་། ལྷ་ས་མེ་འཁོར་བབས་ཚུགས་བཅས་སུ་བསྐྱོད་དེ་བདེ་འཇགས་ཞིབ་བཤེར་དང་། སྤ་སེ་ཉོ་ཚོང་། བདེ་འཇགས་སྲུང་སྐྱོང་། འཕྲལ་སྡོམ་སྔོན་ཇུས། ལས་རེས་ལམ་ལུགས་བཅས་དོན་འཁྱོལ་བྱས་ཚུལ་དང་། དེ་བཞིན་འཕྲོད་བསྟེན་རིམས་འགོག་དང་ཡུལ་སྐོར་བར་ཞབས་ཞུ་མཁོ་འདོན་བྱས་ཚུལ་སོགས་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད།
          ས་ཆ་རེ་རེར་སླེབས་རིམ་བཞིན་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་དཔྱིད་གསར་སྐྱེལ་འདྲེན་གྱི་ལས་དོན་སྙན་ཞུ་ནན་ཏན་ངང་ཉན་པ་དང་། ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་ཐག་གཅོད་སྔོན་ཇུས་ལ་ཞིབ་བཤེར་ཚགས་ཚུད་པོ་བྱས་ནས། ས་ཆ་དངོས་སུ་བདེ་སྲུང་དང་། སྤ་སེ་ཕྱིར་འཚོང་། ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་མ་ཟད། མེ་འཁོར་གྱི་ལས་དོན་མི་སྣ་དང་ཡུལ་སྐོར་བ་དང་སྤེལ་རེས་བྱས་ཏེ། ཁོང་ཚོས་དཔྱིད་གསར་སྐྱེལ་འདྲེན་གྱི་ལས་དོན་ལ་བཏོན་པའི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་ཉན་པ་རེད།
          ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ནན་བཤད་གནང་དོན། བདེ་འཇགས་ལ་སྣང་ཆུང་བྱེད་མི་རུང་བ་དང་། སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་དང་སྟོབས་ཤུགས་མཉམ་ཏུ་བསྒྲིལ་ཏེ། འཕྲལ་སྡོམ་ཐག་གཅོད་སྔོན་ཇུས་སྔར་བས་ཞིབ་ཚགས་སུ་གཏོང་བ་དང་སྔོན་ཇུས་དངོས་འཐབ་ནང་སྦྱོང་ལ་ཤུགས་སྣོན་རྒྱག་དགོས། ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལྷག་པར་དུ་འབར་གས་སླ་ལ་ཉེན་ཁ་ཆེ་བའི་དངོས་རྫས་ཀྱི་བཀག་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། རིགས་ཁག་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མེད་པར་བཟོས་ཏེ་དཔྱིད་གསར་སྐྱེལ་འདྲེན་གྱི་བདེ་འཇགས་འགན་ལེན་བྱེད་དགོས། སྤ་སེ་ཕྱིར་འཚོང་བྱས་ཚད་ལ་བསྡོམས་རྩིས་ཡག་པོ་རྒྱག་པ་དང་། ཞབས་འདེགས་ཞུ་སྟངས་གསར་གཏོད། དུས་ཐོག་ཏུ་སྤ་སེའི་གྲངས་ཀ་ཁྱབ་བསྒྲགས་བཅས་བྱས་ནས། མང་ཚོགས་འགྲོ་སྐྱོད་བྱེད་པར་སྟབས་བདེ་བསྐྲུན་དགོས། གནམ་གཤིས་སྔོན་བརྡ་གཞིར་བཟུང་བཀོད་སྒྲིག་སྔ་ཙམ་དང་དུས་ཐོག་ཏུ་སྐྱེལ་འདྲེན་བྱེད་ཤུགས་ལེགས་སྒྲིག་བྱས་ནས། ཡུལ་སྐོར་བ་མང་པོ་རང་སོར་ལུས་པའི་སྣང་ཚུལ་ཐོན་རྒྱུར་སྔོན་འགོག་བྱེད་དགོས་པ་མ་ཟད། སྐར་ཁུང་ཚན་པའི་ཞབས་ཞུའི་ལེགས་ཆ་མུ་མཐུད་འདོན་སྤེལ་གང་ལེགས་དང་། ཞབས་འདེགས་ཞུ་སྟངས་གསར་གཏོད་དང་ལེགས་གཏོང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བ་བཅས་བྱས་ཏེ། ཡུལ་སྐོར་བར་སྤུས་ཚད་དང་ཕན་འབྲས་མཐོ་བའི་ཞབས་ཞུ་མཁོ་འདོན་བྱས་ནས། ཡུལ་སྐོར་བ་བློ་བདེའི་ངང་ཕྱིར་སྐྱོད་དང་བདེ་འཇགས་ངང་ཕྱིར་སྐྱོད་ཐུབ་རྒྱུར་འགན་ལེན་བྱེད་དགོས། 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716