སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཉིང་ཁྲིའི་ཁམ་བུའི་མེ་ཏོག་གི་ཡུལ་སྐོར་རིག་གནས་དུས་ཆེན་ཟླ་3ཚེས་25ཉིན་འགོ་ཚུགས་རྒྱུ་ཡིན་པ།
སྤེལ་དུས། 2017-02-16   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ནོར་བུ་གཡུ་སྒྲོན།
          ཚེས་14ཉིན་གྱི་སྔ་དྲོར་2017ལོའི་ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་གི་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་བཅོ་ལྔ་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་ནས“མི་ཡུལ་གྱི་དག་ཞིང་དང་ཡིད་འོང་གི་ཉིང་ཁྲི”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2017ལོའི་ཁམ་བུའི་མེ་ཏོག་གི་ཡུལ་སྐོར་རིག་གནས་དུས་ཆེན་ཟླ་3ཚེས་25ཉིན་འགོ་ཚུགས་རྒྱུ་དང་། འདི་ལོའི་ཁམ་བུའི་མེ་ཏོག་ལ་ལྟ་བའི་བྱེད་སྒོ་2017ལོའི་ཟླ་3ཚེས་15ནས་ཟླ་4ཚེས་30ཉིན་བར་གཉེར་རྒྱུ་ཡིན་པ་གསར་འགོད་པས་ཤེས་རྟོགས་བྱུང་།
          ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་ཁུལ་དང་ས་ཁོངས་ཡུལ་སྐོར་དཔེ་སྟོན་ཁུལ་གཏོད་པའི་རྣམ་གྲངས་ལ་དམིགས་ཏེ། སྣོད་བཅུད་འཐབ་ཇུས་ཀྱི་ཀ་རྟེན་ཐོན་ལས་ལ་སྐུལ་མ་ཤུགས་ཆེན་བཏང་ནས་ཡུལ་སྐོར་ལ་བརྟེན་པའི་གྲོང་ཁྱེར་སྟོབས་ཆེན་ཧུར་ཐག་གཏོད་རྒྱུ་ཡིན་ཞིང་། འདི་ལོ་ནས་བཟུང་ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་ཐོན་ལས་གཞི་ཁྱོན་ལྡན་པ་དང་། ཡུལ་སྐོར་ཞབས་ཞུ་ཚད་དང་མཐུན་པ། Aརིམ་པའི་མཛེས་ལྗོངས་ཁུལ་རྩེ་གྲ་གཏོད་པ། བྲིན་ཚོང་སྣ་ཚོགས་དྲིལ་བསྒྲགས་བྱེད་པ། ཡུལ་སྐོར་ལ་བརྟེན་ནས་མང་ཚོགས་ཕྱུག་པོ་ཆགས་གང་ཐུབ་བྱེད་པའི་སྒོ་ནས་ཉིང་ཁྲིའི་ས་ཁོངས་ཀྱི་ཡུལ་སྐོར་རིམ་སྤོར་ཧུར་ཐག་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716