|
ལས་ཞུགས་ལས་ཤོར་ཐོ་འགོད་འཛིན་ཡིག་བརྗེ་སྤེལ་བྱེད་པའི་སྐོར་གྱི་ཁྱབ་བསྒྲགས་ཡི་གེ། |
སྤེལ་དུས། 2011-11-11 ཡོང་ཁུངས། བོད་ལྗོངས་ཚོང་ལས་ཚགས་པར་ཁང་། རྩོམ་སྒྲིག་པ། ཁོན་ཐར་འཚོ། |
ཁུལ་ཏང་ཨུ་དང་སྲིད་གཞུང་གི་རང་རེའི་ས་ཁུལ་གྱི་ལས་ཞུགས་བྱ་བའི་མཛུབ་སྟོན་སྔར་ལས་ལྷག་པའི་སྒོ་ནས་ལག་ལེན་མཐའ་འཁྱོངས་དང་། ལས་ཞུགས་ལས་ཤོར་མི་སྣ་དོ་དམ་ལེགས་པོ་བྱེད་པ། རངརེའི་ས་ཁུལ་གྱི་གྲོང་གསེབ་དང་གྲོང་བརྡལ་གྱི་ལས་ཞུགས་མི་སྣ་ཐོ་འགོད་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་ཡང་དག་ཡོང་བ་བཅས་ཀྱི་ཆེད་དུ། གང་མྱུར་གྱིས་ལས་ཞུགས་རོགས་སྐྱོར་འདོན་སྤེལ་བྱས་ཏེ། མི་ཤུགས་འབྱུང་ཁུངས་དང་སྤྱི་ཚོགས་འགན་ལེན་པུའུ་ཡི་《ལས་ཞུགས་ལས་ཤོར་ཐོ་འགོད་འཛིན་ཡིག་དཔར་འགྲེམ་བྱེད་པའི་སྐབས་བསྟུན་དོ་དམ་ཐབས་ལམ་སྐོར་གྱི་བརྡ་སྦྱོར་》གྱི་རེ་བ་ལྟར། ས་ཁུལ་ཡོངས་ཀྱི་《ལས་ཞུགས་དང་ཡང་བསྐྱར་ལས་ཞུགས་ཀྱི་གཟིགས་སྐྱོང་འཛིན་ཡིག》དང《ལས་ཤོར་འཛིན་ཡིག་》དེ་རྒྱལ་ཡོངས་གཅིག་གྱུར་གྱི་རྣམ་པའི《ལས་ཞུགས་ལས་ཤོར་ཐོ་འགོད་འཛིན་ཡིག》ཞེས་པར་བརྗེ་དགོས་པ་ཡིན། གཅིག འཛིན་ཡིག་བརྗེ་བའི་དུས་ཚོད། ༢༠༡༡ལོའི་ཟླ་༡༡པའི་ཚེས་༥ནས་༣༠བར། གཉིས། འཛིན་ཡིག་བརྗེ་བར་མཁོ་བའི་ཡིག་ཆ་སོགས། ༡《ལས་ཞུགས་དང་ཡང་བསྐྱར་ལས་ཞུགས་གཟིགས་སྐྱོང་འཛིན་ཡིག》 ༢ 《ལས་ཤོར་འཛིན་ཡིག》 ༣ རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་ཁྱིམ་ཐོ། མཐར་ཕྱིན་འཛིན་ཡིག་སོགས་འབྲེལ་ཡོད་ཀྱི་དཔང་ཡིག་དངོས་དང་བསྐྱར་དཔར་ཡི་གེ། ༤ལས་ཁུངས་་ཀྱིས་དངོས་སུ་བྲིས་པའི་ལས་ཞུགས་དང་ལས་ཤོར་གྱི་བདེན་དཔང་ཡི་གེ ༥ ཚུན་གཉིས་ཅན་གྱི་འདྲ་པར་གསུམ་བཅས་དགོས། གསུམ། འཛིན་ཡིག་བརྗེ་སའི་ས་གནས་སོགས། ༡ དེ་སྔར་རང་སྐྱོང་ལྗོངས་ལས་ཞུགས་ཞབས་ཞུ་ལས་ཁུངས་སུ་བཟོས་པའི་《ལས་ཤོར་འཛིན་ཡིག་》ཡིན་ན། རང་སྐྱོང་ལྗོངས་ལས་རིགས་མཚམས་སྦྱོར་ཞབས་ཞུ་ལྟེ་གནས་སུ་སོང་ཏེ་འཛིན་ཡིག་བརྗེ་བའི་འགྲོ་ལུགས་བསྒྲུབ་དགོས། ས་གནས། ལྷ་ས་གྲོང་ཁྲེར་མདོ་སྡེ་ལམ་སྒོ་རྟགས་ཨང་༢༥་དང་། འབྲེལ་གཏུགས་ཁ་པར། ༠༨༩༡༦༦༠༢༥༥༣ཡིན། ༢ ས་ཁུལ་སོ་སོའི་འཛིན་ཡིག་བརྗེ་དགོས་པའི་མི་སྣས། གཏན་ཁེལ་བྱས་པའི་དུས་ཚོད་ནང་དུ་དེ་སྔོན་གྱི་འཛིན་ཡིག་བཟོ་སའི་ལས་ཁུངས་ལ་སོང་ནས་འབྲེལ་ཡོད་ཀྱི་འཛིན་ཡིག་བརྗེ་བའི་འགྲོ་ལུགས་བསྒྲུབ་དགོས། བཞི། འབྲེལ་ཡོད་ཀྱི་རེ་བ། ༡ 《 ལས་ཞུགས་ལས་ཤོར་ཐོ་འགོད་འཛིན་ཡིག་》བརྗེ་སྤེལ་བྱེད་པའི་དུས་ཡུན་ཁྲོད། ངལ་རྩོལ་པས་རྒྱུན་ལྡན་ལྟར་ལས་ཞུགས་ཐོ་འགོད་དང་ལས་ཤོར་ཐོ་འགོད། ལས་ཞུགས་རོགས་སྐྱོར་སྲིད་ཇུས་དང་སྤྱི་སྤྱོད་ལས་ཞུགས་ཞབས་ཞུ་དང་ལེན་བྱས་ཆོག ༢ འཛིན་ཡིག་སྔ་མ་བཟུང་ཏེ་ལས་ཞུགས་རོགས་སྐྱོར་སྲིད་ཇུས་ཀྱི་གཟིགས་སྐྱོང་ཉམས་སུ་མྱོང་མཁན་གྱིས་《ལས་ཞུགས་ལས་ཤོར་ཐོ་འགོད་འཛིན་ཡིག་》བརྗེ་སྤེལ་བྱེད་པའི་དུས་ཡུན་ཁྲོད། མུ་མཐུད་དུ་འབྲེལ་ཡོད་ཀྱི་ལས་ཞུགས་རོགས་སྐྱོར་སྲིད་ཇུས་ཀྱི་གཟིགས་སྐྱོང་ཉམས་སུ་མྱོང་བར་གནོད་འགལ་མེད་པ་བྱེད་དགོས། ༣ འཛིན་ཡིག་བཟུང་མཁན་རྣམས་ཀྱིས་དུས་ལྟར་འཛིན་ཡིག་བརྗེ་བའི་འགྲོ་ལུགས་བསྒྲུབ་དགོས། བོད་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ལས་ཁུངས། ༢༠༡༡ལོའི་ཟླ་བ་༡༠པའི་ཚེས་༣༡ཉིན།
|
|
|||||||||||
| |||||||||||