སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལྷ་ས་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར ༡༥ བཏང་ནས་གྲོང་ཁུལ་རྙིང་བ་བསྐྱར་བསྐྲུན་བྱས།
སྤེལ་དུས། 2013-06-21   ཡོང་ཁུངས། ཤིན་ཧྭ་དྲ་བ།   རྩོམ་སྒྲིག་པ།  དཔལ་མགོན་སྐྱབས་ཀྱིས་བསྒྱུར།

སྤྱི་ཟླ ༦ པའི་ཚེས ༡༨ ཉིན། བཟོ་ལས་པས་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་གཙུག་ལག་ཁང་གི་ཐང་ཆེན་དུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གློག་སྒྲོན་འགེལ་བཞིན་པ།

       ལྷ་སའི་བར་སྐོར་སྲང་ལམ་དུ་ཉུལ་ཚེ། མིག་མདུན་དུ་འཆར་བ་ཆ་ཚང་བྲེལ་འཚུབ་ངང་འཛུགས་སྐྲུན་བྱེད་བཞིན་པའི་སྣང་ཚུལ་རེད། རྐང་སྒྲོམ་དང་ལག་སྒྲོམ། འགོག་སྲུང་དྲ་བ་སོགས་ཀྱིས་སྲང་ལམ་འགྲམ་ངོགས་གཉིས་ཀྱི་འཛུགས་སྐྲུན་ཆ་ཚང་ཁེབས་འདུག གཙུག་ལག་ཁང་གི་ཕྱི་ནང་ཆ་ཚང་དུ་ལས་བཟོ་བས་བྲེལ་འཚུབ་ཀྱིས་གཟུགས་བརྙན་གྱིས་ཁེངས་འདུག དེ་ནི་ལོ་སྔོན་མའི་ཟླ་བ ༡༢ པའི་ནང་དུ་འགོ་བརྩམས་པའི་ལྷ་ས་གྲོང་ཁྱེར་གྱི་གྲོང་མཁར་རྙིང་བ་བསྐྱར་བསྐྲུན་བྱེད་པའི་ལས་གཞི་རེད།
      
བོད་ཀྱི་རིག་གནས་བཏེགས་ཡོད་པའི་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་བ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་བར་སྐོར་སྲང་ལམ་གྱིས་ལྟེ་བ་བྱས་ཡོད། སྲང་ལམ་དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ ༡.༣༣ ཡོད་པ་དང་། རྒྱུན་སྡོད་མི་གྲངས་ཁྲི་བརྒྱད་ཡོད། ས་ཁུལ་དེ་རུ་འཛམ་གླིང་ཤུལ་བཞག་རིག་གནས་ཏེ་གཙུག་ལག་ཁང་ཆེན་མོ་ཡོད་པ་མ་ཟད། ལྷ་ལྡན་གཙུག་ལག་ཁང་དང་དགོན་སྡེ་ཆེ་ཆུང ༢༧ ཡོད། གནའ་བོའི་འཛུགས་སྐྲུན་ར་སྐོར ༥༦ བཅས་ཡོད་ལ། མི་རིགས་དང་ཆོས་ལུགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པ་རེད།
      
དུས་རབས་སྔོན་མའི་ལོ་རབས་བརྒྱ་ཅུ་བ་ནས་བཟུང་། སྲིད་གཞུང་གིས་ཐེངས་མང་པོར་བར་སྐོར་སྲང་ལམ་བསྐྱར་བསྐྲུན་བྱས་པ་དང་། སྤྱི་ལོ ༢༠༠༢ ལོ་ཁོ་ནར་མ་དངུལ་སྒོར་དུང་ཕྱུར ༡.༧ བཏང་སྟེ། གཞུང་ལམ་བསྐྱར་བསྐྲུན་དང་། གློག་ལམ་དང་གློག་སྒྲོན་གསར་བརྗེ་སོགས་བྱས། ས་ཁུལ་དེར་སྡོད་པའི་མང་ཚོགས་སྔ་མོ་ནས་ཆུ་དུང་དང་ལྭ་སྒྲོན་དང་ཁ་བྲལ་ཡོད་ནའང་། དེང་རབས་ཀྱི་ཁང་ཁྱིམ་དང་བསྡུར་ན་ས་ཁུལ་དེ་ཡི་འཚོ་བ་ད་དུང་ཅུང་ཙམ་སྟབས་བདེ་མིན་པ་རེད།
      
ཆོས་ལུགས་དང་ཚོང་ལས་བྱ་འགུལ་ཉིན་རེ་བཞིན་ཇེ་མང་ཕྱིན་པ་དང་བསྟུན་ནས། གྲོང་ཁུལ་རྙིང་བ་སྔར་ལས་ཇེ་དོག་ཏུ་གྱུར་བ་དང་། གྲོང་ཁྱེར་སྲིད་གཞུང་གི་རྨང་གཞིའི་སྒྲིག་གཞི་རྗེས་ལས་ཡིན་པ་སྔར་ལས་མངོན་གསལ་བྱུང་། ལོ་སྔོན་མའི་ལོ་མཇུག་ཏུ། ལྷ་ས་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར ༡༥ བཏང་ནས། དངོས་སུ་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་བ་བསྐྱར་བསྐྲུན་ལས་དོན་འགོ་བརྩམས་ཏེ། ཕྱོགས་མང་པོ་ནས་བསྐྱར་འཛུགས་བྱས།
      
གྲོང་ཁུལ་རྙིང་བ་རུ་ཕྱིར་དྲན་མང་པོ་ལྷག་ཡོད་པས། གྲོང་ཁུལ་རྙིང་བ་བསྐྱར་བསྐྲུན་ཐད་ལ་བསམ་ཚུལ་མང་པོ་བྱུང་། མི་ལ་ལས་བསྐྱུར་བསྐྲུན་བྱས་ཚེ་ཐོག་མའི་རྣམ་པ་ཉམས་འགྲོ་འདོད་བཞིན་ཡོད།  

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060