སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་གྲོང་ཁུལ་རྙིང་བ་བསྐྱར་བསྐྲུན་ལས་གཞིར་བོད་ཀྱི་འཛུགས་སྐྲུན་ཆེད་མཁས་པས་མཛུབ་སྟོན་གནང་བཞིན་ཡོད་པ།
སྤེལ་དུས། 2013-06-21   ཡོང་ཁུངས། འོད་སྣང་ཉིན་རེའི་ཚགས་པར།   རྩོམ་སྒྲིག་པ།  དཔལ་མགོན་སྐྱབས་ཀྱིས་བསྒྱུར།

ཟླ་དྲུག་པའི་ཚེས ༡༩ ཉིན། བཟོ་ལས་བས་སྲོལ་རྒྱུན་གྱི་རི་མོ་འབྲི་བཞིན་པ།

       བསྐྱར་བསྐྲུན་ལེགས་འགྲུབ་བྱུང་བའི་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་བར་སླེབས་ཚེ། གཙང་དག་དག་གི་སྲང་ལམ་ཕན་ཚུན་བར་དུ་སྔོན་ཆད་གློག་སྐུད་མང་བ་དེ་དག་མེད་པར་བཟོས་ཡོད། གྲལ་འགྲིག་པའི་སྒོ་བྱང་སྣ་ཚོགས་དང་ཆ་ཚང་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྒྲིག་ཆས་སོགས་ཀྱིས། གྲོང་ཁུལ་རྙིང་བའི་གསོན་ཤུགས་ངང་གིས་ཚོར་ཐུབ་ལ། སྔོན་མའི་རྣམ་པ་ཇི་བཞིན་བསྐྱར་བསྐྲུན་བྱས་ཡོད་པའི་འཛུགས་སྐྲུན་རྙིང་བའི་ར་བ་དང་། སྲུང་སྐྱོབ་གང་ལེགས་བྱས་ཡོད་པའི་རིག་དངོས་གནའ་ཤུལ་སྔོན་དུ། ལྷ་ས་གྲོང་ཁྱེར་གྱི་འདས་ཟིན་པའི་ལོ་རྒྱུས་ཆ་ཚང་མངོན་འདུག
      
བོད་ཀྱི་རིག་གནས་བཏེགས་ཡོད་པའི་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་བ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་བར་སྐོར་སྲང་ལམ་གྱིས་ལྟེ་བ་བྱས་ཡོད། སྲང་ལམ་དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ ༡.༣༣ ཡོད་པ་དང་། རྒྱུན་སྡོད་མི་གྲངས་ཁྲི་བརྒྱད་ཡོད། ས་ཁུལ་དེ་རུ་འཛམ་གླིང་ཤུལ་བཞག་རིག་གནས་ཏེ་གཙུག་ལག་ཁང་ཆེན་མོ་ཡོད་པ་མ་ཟད། ལྷ་ལྡན་གཙུག་ལག་ཁང་དང་དགོན་སྡེ་ཆེ་ཆུང ༢༧ ཡོད། གནའ་བོའི་འཛུགས་སྐྲུན་ར་སྐོར ༥༦ བཅས་ཡོད་ལ། མི་རིགས་དང་ཆོས་ལུགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པ་རེད།
      
དུས་རབས་སྔོན་མའི་ལོ་རབས་བརྒྱ་ཅུ་བ་ནས་བཟུང་། ས་ཁུལ་དེར་སྡོད་པའི་མང་ཚོགས་སྔ་མོ་ནས་ཆུ་དུང་དང་ལྭ་སྒྲོན་དང་ཁ་བྲལ་ཡོད་ནའང་། ཆོས་ལུགས་དང་ཚོང་ལས་བྱ་འགུལ་ཉིན་རེ་བཞིན་ཇེ་མང་ཕྱིན་པ་དང་བསྟུན་ནས། གྲོང་ཁུལ་རྙིང་བ་སྔར་ལས་ཇེ་དོག་ཏུ་གྱུར་བ་དང་། གྲོང་ཁྱེར་སྲིད་གཞུང་གི་རྨང་གཞིའི་སྒྲིག་གཞི་རྗེས་ལས་ཡིན་པ་སྔར་ལས་མངོན་གསལ་བྱུང་། ལོ་སྔོན་མའི་ལོ་མཇུག་ཏུ། ལྷ་ས་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར ༡༥ བཏང་ནས། དངོས་སུ་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་བ་བསྐྱར་བསྐྲུན་ལས་དོན་འགོ་བརྩམས།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060