སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱིས་འདི་ལོ་སྒོར་དུང་ཕྱུར༧༠བཏང་ནས་དམངས་འཚོའི་དངོས་དོན་བཅུ་སྒྲུབ་རྒྱུ་ཡིན་པ།
སྤེལ་དུས། 2014-04-18   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  བསོད་བསྟན་གྱིས་བསྒྱུར།

   བོད་རང་སྐྱོང་ལྗོངས་ལྷ་ས་གྲོ་ཁྱེར་བརྟན་རྒྱས་གླིང་སྲང་ལམ་གྱི་མི་ཧྲེང་རྒན་རྒོན་ཟླ་བ་བཀྲ་ཤིས་ཀྱིས་བཅར་འདྲི་བྱེད་པར་ཡོང་བའི་གསར་འགོད་པརབོད་ཀྱི་ལོ་གསར་གོང་སྲིད་གཞུང་གི་སྤྲད་པའི་དུས་ཆེན་གྱི་ཁ་གསབ་སྒོར་༩༠༠ལག་འབྱོར་བྱུང་ལ་ད་ཆ་མ་མཐའི་འཚོ་བའི་ཁ་གསབ་སླར་ཡང་མང་དུ་བཏང་འདུག་པས་སེམས་ནང་དངོས་གནས་ཧ་ཅང་དགའ་པོ་འདུགཅེས་བརྗོད། ཟླ་བ་བཀྲ་ཤིས་ལྟ་བུའི་ཕན་པ་ཐོབ་མཁན་བོད་ལྗོངས་སུ་མི་གྲངས་ཉུང་ཉུང་མ་ཡིན། དམངས་འཚོའི་དངོས་ཕན་འདི་ནི་བོད་ལྗོངས་ཀྱིས་ཉེ་བའི་ལོའི་རིང་གི་དམངས་འཚོའི་དངོས་དོན་བཅུ་སྒྲུབ་རྒྱུ་ལག་བསྟར་ཧུར་ཐག་བྱས་པའི་ལས་གྲྭ་ཞིག་རེད། གྲངས་གཞི་ལས་མངོན་པར། བོད་ལྗོངས་ཀྱིས་ན་ནིང་དམངས་འཚོའི་ཐད་ཁྱོན་ནོར་སྲིད་ནས་མ་དངུལ་སྒོར་དུང་ཕྱུར༥༠ལྷག་ཙམ་བཀོད་སྒྲིག་བྱས་པ་དང་འདི་ལོ་འཆར་གཞིར་སྒོར་དུང་ཕྱུར༢༠ཁ་སྣོན་བྱ་ཡིན་པ་དང་མང་ཚོགས་རྣམས་ཉིན་རེ་ལས་མ་འདས་པར་འཚོ་བ་དེ་བས་ལེགས་པ་ཡོང་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་པ་རེད།
   
བོད་རང་སྐྱོང་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་འདི་ལོ་འཆར་གཞིར་སྒོར་དུང་ཕྱུར༧༠ལྷག་ཙམ་བཏང་ནས་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་དང་ལས་ཞུགས་རྒྱ་ཆེ།  གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་འཕར་སྣོན། ཟོག་གོང་བརྟན་པོའི་ངང་ཚོད་འཛིན་བྱེད་པ། སྤྱི་ཚོགས་འགན་སྲུང་། སྨན་བཅོས་འགན་སྲུང་། རིག་གནས་དམངས་ཕན།  དབུལ་སྐྱོར་གསར་སྤེལ། གནོད་འཚེ་ཉུང་གཏོང་དང་བདེ་འཇགས་ཐོན་སྐྱེད་སོགས་དམངས་འཚོའི་དངོས་དོན་བཅུ་སྒྲུབ་རྒྱུ་ཡིན་པ་སྟོན་གནང་བ་རེད།   དུས་ཡུན་རིང་པོའི་ནང་།  དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཆུ་ཚད་ཀྱིས་ཤུགས་རྐྱེན་ཐེབས་པའི་དབང་གིས་བོད་ལྗོངས་ཀྱི་རྒྱུ་སྟོབས་ལ་ཧ་ཅང་ཚད་བཀག་ཡོད། བོད་ལྗོངས་ཀྱིས་ཚད་ཡོད་པའི་རྒྱུ་སྟོབས་སྔོན་དུ་མ་མཐའ་འགན་སྲུང་དང་འགན་ལེན་ལྔའི་དུད་ཁྱིམ་སོགས་དཀའ་ངལ་ཆེ་བའི་མང་ཚོགས་ཆེད་གཏོང་འཇོག་དང་གཞི་རིམ་གྱི་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན། རྒན་གསོ་སོགས་རྩ་བའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཐད་གཏོང་འཇོག་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060