སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་མི་རྣམས་ཀྱིས་གླིང་ག་བཏང་ནས་ལྔ་གཅིག་ལ་རྟེན་འབྲེལ་ཞུས།
སྤེལ་དུས། 2014-05-05   ཡོང་ཁུངས། ཤིན་ཧྭ་དྲ་བ།   རྩོམ་སྒྲིག་པ།  བཀྲ་རྒྱལ་གྱིས་བསྒྱུར།

         ཤིན་ཧྭ་དྲ་བས་ཟླ་༥བའི་ཚེས་༣ཉིན་སྤེལ་བའི་གློག་འཕྲིན་དུ།  ལྔ་གཅིགགུང་གསེང་གི་སྐབས་སུ་བོད་ལྗོངས་ཀྱི་མང་ཚོགས་རྣམས་གཅིག་རྗེས་གཉིས་མཐུད་ཕྱི་རོལ་ཏུ་བསྐྱོད་ནས་གླིང་ག་གཏོང་བཞིན་ཡོད་ཅིང་།  ཁོང་ཚོས་གཡའ་དག་པའི་ནམ་མཁའ་དང་སྔོ་ལྗང་གཡུ་ལོ་བཀྲ་བའི་ཁྲོད་དུ་རང་བྱུང་གི་མཛེས་སྡུག་ལོངས་སུ་སྤྱད།    དེ་ནི་བོད་ལྗོངས་ཀྱི་གླིང་ག་གཏོང་བའི་དུས་ཚིགས་གསར་པ་འཆར་འགོ་ཚུགས་པ་རྟགས་མཚན་རེད།  

         གླིང་ག་གཏོང་པ་ནི་ཕྱི་རོལ་ཏུ་ལྟ་སྐོར་དུ་ཕྱིན་པ་དང་འདྲ་སྟེ།  བོད་མི་རྣམས་ཀྱིས་ཁམས་གཡེང་སྤྲོ་གསེང་གཏོང་ཐབས་གཙོ་བོ་ཞིག་རེད།  གནམ་གཤིས་དྲོད་འཇམ་ལྡན་པའི་ཉིན་མོར་མི་རྣམས་སྤྱི་གླིང་དང་གཙང་འགྲམ།  ནགས་ཚལ་ཆུང་ངུར་ལྷན་དུ་འཛོམས་ནས་རྩྭ་ཐང་དུ་སྡོད་པའམ།  གུར་ཕུབ་ཏེ་མཉམ་དུ་ཨ་རག་མཆོད་དེ་ལྷོད་ལྷོད་བྱེད་པ་དང་།  གླུ་ལེན་བྲོ་གར་འཁྲབ་ནས་སེམས་གཡེང་ངལ་གསོ་རྒྱག་གི་ཡོད།  འདས་པའི་དུས་སུ་མངའ་བདག་ཆེན་པོ་གསུམ་དང་རྒྱུ་འབྱོར་ཅུང་ལྡན་པའི་གྲལ་རིམ་འབྲིང་མཐོའི་མི་སྣས་ད་གཟོད་གླིང་ག་གཏོང་གི་ཡོད་པ་རེད། 

         གུང་གསེང་གི་སྐབས་སུ།  གསར་འགོད་པས་ཕོ་བྲང་པོ་ཏཱ་ལའི་རྒྱབ་ཕྱོགས་ཀྱི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་གི་རྩྭ་ཐང་སྟེང་དུ་མི་ཚོགས་སྐོར་སྐོར་བྱས་ཏེ་ཐང་ལ་བལ་གདན་ནམ་འགྱིག་གདན་བཏིང་རྗེས་དེའི་སྟེང་ཇ་མངར་མོ་དང་།  སྦི་རག།  མངར་ཟས་སྣ་ཚོགས་བཞག་ཏེ་ཁ་བརྡ་ལྷོད་ལྷོད་བྱས་ནས་བསྡད་ཡོད་པ་མཐོང་། 

           ད་ནི་ལྷ་སར་ལོ་གཅིག་གི་ཁྲོད་གླིང་ག་གཏོང་འགོ་ཚུགས་པའི་དུས་ཡིན།  ཏག་ཏག་ལྔ་གཅིག་གུང་གསེང་དང་འཁེལ་ཡོད་ཕྱིར།   གོ་སྐབས་ལེགས་པོ་འདི་དམ་འཛིན་བྱས་ནས་སེམས་གཡེང་ལྷོད་ལྷོད་ཅིག་བྱེད་དགོས་བསམ་ཞེས་བོད་ལྗོངས་དངུལ་ཁང་དུ་ལས་ཀ་བྱེད་ཀྱིན་པའི་ཕུར་བུ་བཀྲ་ཤིས་དང་གྲོགས་པོ་རྣམས་རྩྭ་ཐང་སྟེང་བསྡད་ནས་སྤྲོ་སེམས་ཆེན་པོའི་ངང་བོད་ཀྱི་སྲོལ་རྒྱུན་རོལ་རྩེད་ལྭ་སྒྲིག་རྩེད་བཞིན་འདུག 

         བོད་ལྗོངས་སློབ་ཆེན་གྱི་རིག་གནས་ཞིབ་འཇུག་པ་ཡེ་ཤེས་བསྟན་འཛིན་གྱིས་གླིང་ག་གཏོང་པ་ནི་བོད་རིགས་སྤུན་ཟླས་ས་མཐོའི་གནམ་གཤིས་དང་ཐུན་མིན་གྱི་འཚོ་བའི་ཁོར་ཡུག་ཁྲོད་ཆགས་པའི་གོམས་གཤིས་ཤིག་རེད།   ཁོས་འདི་སྐད། ས་མཐོར་དགུན་རིང་ལ་དབྱར་ཐུང་།  ཟླ༥པའི་རྗེས་སུ། བོད་ལྗོངས་སུ་ག་ལེར་ཆར་དུས་སླེབས་འོང་ །  གནམ་གཤིས་ཇེ་དྲོར་ཕྱིན་པ་དང་བསྟུན་ལྗང་མདོག་གི་རྣམ་པས་ཁེངས་འདུག་པ་མ་ཟད།   རང་བྱུང་ཁམས་ཆེན་མོར་སྐྱེ་སྟོབས་གསར་པའི་རྣམ་པས་ཁེངས་འདུག་པས་ཕྱི་རོལ་ཏུ་སྤྲོ་གསེང་བྱེད་པའི་དུས་ཚིགས་ཡག་ཤོས་ཤིག་ཏུ་བརྩི་བཞིན་ཡོད། 

ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གིསྐལ་བཟང་ནི་ཐང་ཆད་ནས་དབུགས་ཀྱང་འབྱིན་དཀའ་བའི་ཚོད་དུ་སླེབས་འདུག    ལོ་གཉིས་ཀྱི་ཡར་སྔོན་དུ།   ཁོས་ཉ་རིགས་ཟས་སྦྱོར་གཙོར་བྱས་ནས་གླིང་ག་གཉེར་འགོ་བརྩམས་པ་རེད།    ཁོས་ལྔ་གཅིག་གི་ཉིན་གཅིག་པུར་ཡང་གླིང་ག་གཏོང་པའི་མགྲོན་པོ་སྐོར་ཁག་བཅུ་ལྷག་སྣེ་ལེན་བྱས །  མི་མང་པོ་ཞིག་གིས་བོད་རིགས་ཀྱིས་ཉ་ཤ་མི་མཆོད་པར་འདོད་མོད།  དོན་དུ་མི་ཁ་ཤས་ཀྱིས་མི་མཆོད་པ་ཙམ་རེད་ཟེར།

ཁོས་མགྲོན་པོར་གྲ་སྒྲིག་བྱས་པའི་ཉ་ཤའི་ཤ་མོག་དང་།  ཉ་ཤ་བཙོས་མ། ཇ་ཤ་བརྔོས་མ། ཉ་སྐམ་སོགས་སྟོན་ཞོར་བོད་རིགས་འདུས་པའི་མི་མང་པོས་འདི་གའི་ཉ་ཤའི་བྲོ་བ་མྱངས་ཆེད་ཆུ་ཚོད་གཉིས་རིང་རླངས་འཁོར་བཏང་ནས་གླིང་ག་གཏོང་པར་ཕེབས་པ་རེད་ཟེར།

སྐལ་བཟང་གིས་གླིང་ག་གཉེར་པར་བརྟེན་ནས་ཁེ་ཕན་རག་པ་ནང་བཞིན་གླིང་གའི་རིག་གནས་ཀྱིས་གླིང་གའི་དཔལ་འབྱོར་ལ་ཚེ་སྲོག་བསྩལ་པ་རེད།  དེང་སྐབས།  ལྷ་ས་གྲོང་ཁྱེར་གྱི་གྲོང་མཐའ་དང་ཉེ་འཁོར་ས་ཁུལ་དུ་སྤྲོ་གསེང་གཏོང་ས་དང་ཞིང་པའི་སྤྲོ་སྐྱིད་གླིང་མང་པོ་བཏོན་ཡོད་པ་རེད།

      བོད་ཀྱི་སྲོལ་རྒྱུན་གླིང་གའི་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་བྱ་ཆེད།  ལྷ་ས་གྲོང་ཁྱེར་གྱིས་ཉེ་བའི་ལོ་འགའི་རིང་སྔར་ལས་ལྷག་པའི་སྒོ་ནས་གྲོང་ཁྱེར་གྱི་ལྗང་སྒྱུར་ཁེབས་ཚད་དང་མི་རེའི་ཆ་སྙོམས་སྤྱི་བའི་སྔོ་ལྗང་ཟིན་ཚད་ཇེ་མཐོར་བཏང་ནས་མི་རྣམས་ལ་གླིང་ག་གཏོང་ས་དེ་ལས་མང་པོ་མཁོ་འདོན་བྱས་ཡོད།  གྲངས་ཀར་གཞིགས་ན།  མིག་སྔའི་བར་དུ་ལྷ་སའི་མི་རེའི་ཆ་སྙོམས་སྔོ་ལྗང་ས་ཁྱོན་རྨིད་གྲུ་བཞི་མ༩༦ལ་སླེབས་ཡོད་པ་དང་། དེ་༢༠༠༧ལོར་བསྒྲགས་པའི་མི་རེའི་ཆ་སྙོམས་སྔོ་ལྗང་ས་ཁྱོན་༣༦༩དང་བསྡུར་ན་ལྡབ༡༦འཕར་འདུག

 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060