སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་ལག་བསྟར་བྱས་ནས་ལོ་ངོ་བཅུ་ཕྱིན་པ།
སྤེལ་དུས། 2014-06-02   ཡོང་ཁུངས། ཤིན་ཧྭ་དྲ་བ།    རྩོམ་སྒྲིག་པ།  ནོར་བུ།

      སྤྱི་ལོ་༢༠༠༤ལོ་ནས་སྤྱི་ལོ་༢༠༡༤ལོའི་བར་བོད་ལྗོངས་ཀྱི་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་རྣམ་གྲངས་ལག་ལེན་བསྟར་ནས་ལོ་ངོ་བཅུ་ཏག་ཏག་ཕྱིན་ཡོད་པ་རེད།  ལོ་ངོ་བཅུའི་རིང་བོད་ལྗོངས་ཀྱི་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་ལ་རགས་རྩིས་བརྒྱབ་ན་མ་འཇོག་བྱས་པ་སྒོར་དུང་ཕྱུར་༢༠.༩༤ཟིན་པ་དང་། ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་ཐོན་སྐྱེད་རྟེན་གཞི་༢༠༠ལྷག་ཙམ་འཛུགས་སྐྲུན་བྱས་པ་དང་།  ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་རྣམ་གྲངས་བཀོད་སྒྲིག་བྱས་པ་༤༥༠ལས་བརྒལ་ཡོད་པ་རེད།
    
སྤྱི་ལོ་༢༠༡༣ལོར་སླེབས་དུས་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་ཀྱིས་མང་ཚོགས་ཀྱི་འབབ་འཕར་བྱུང་བ་རགས་རྩིས་བྱས་ན་སྒོར་དུང་ཕྱུར་༡༡.༥༦ཟིན་པ་དང་།  ཕན་པ་ཐོབ་པའི་མང་ཚོགས་མི་གྲངས་ཁྲི་༡༧༥.༤ཟིན་ཡོད་ཅིང་།  ཐེམ་དུད་རེར་སྤྱིའི་ཆ་ནས་སྒོར་༣༢༦༣ཙམ་འབབ་འཕར་མངོན་འགྱུར་བྱུང་བ། ལོའི་ཆ་སྙོམས་འཕར་ཚད་དེ་བརྒྱ་ཆ་༢༢.༢༦ཟིན་པ། ཞིང་འབྲོག་ལས་ཐོན་ལས་རྣམ་གྲངས་ལ་ཐོག་མའི་ཆ་ནས་ཕན་འབྲས་ཐོན་ཡོད་པ་རེད།

       ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་དེ་ཉེ་བའི་ལོ་ངོ་བཅུའི་གོང་འཕེལ་བཏང་བ་བརྒྱུད་དེ་ཁྱད་ལྡན་ཞིང་འབྲོག་ལས་ཁུལ་ཁྱབ་གདལ་དང་ཆེད་ལས་ཅན་གྱི་ཐོན་སྐྱེད།  ཐོན་ལས་ཅན་གྱི་གསར་སྤེལ།   ཚོང་རྟགས་ཅན་གྱི་གཉེར་སྐྱོང་བཅས་ཀྱི་རྣམ་པ་རིམ་བཞིན་ཐོན་ཡོད་པ་དང་། གཡག་དང་ལུག བོད་ཕག བོད་བྱ་སོགས་མཐོ་སྒང་གི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་དེ་ལྗོངས་ཕྱི་ནང་གི་ཞིང་ཞོར་ཐོན་རྫས་ཁྲོམ་རའི་ནང་ཚད་ངེས་ཅན་བཟུང་ཡོད་པ་དང་དགོས་མཁོ་སྐོང་ཐུབ་ཀྱི་མེད་ཅིང་།  དཔལ་འབྱོར་གྱི་ཕན་འབྲས་ཅུང་ལེགས་ཙམ་ཐོབ་ཡོད་པ་རེད། བོད་ལྗོངས་ཀྱི་ཤང་གྲོང་གྲོང་མིའི་འཛད་སྤྱོད་པའི་དགོས་མཁོར་འགན་སྲུང་དང་ཕུན་སུམ་ཚོགས་སུ་གཏོང་བ་དང་ཆབ་གཅིག་ཏུ་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་དེ་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་དང་ལས་ཞུགས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཟིན་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060