སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཀྲུང་གོ་བྱིས་པའི་ཐེབས་རྩ་ཚོགས་པས་དྭ་ཕྲུག་དང་བྱིས་པ་དབུལ་པོར་ནད་ཆེན་འགན་བཅོལ་ངོ་གྲངས་ཁྲི་༩༣སྤྲད་པ།
སྤེལ་དུས། 2014-06-03   ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ནོར་བུ།

      གསར་འགོད་པར་ཟླ་༦ཚེས་༡ཉིན་ཀྲུང་གོ་ལོ་ཆུང་བྱིས་པ་ཐེབས་རྩ་ཚོགས་པ་ནས་ཤེས་རྟོགས་བྱུང་བར་གཞིགས་ན།དྭ་ཕྲུག་འགན་ལེན་གྱི་བྱ་སྤྱོད་ཆེན་པོཡིས་སྤྱི་ཕན་འགན་བཅོལ་གྱི་ལམ་སྲོལ་གསར་གཏོད་བྱས་ཤིང་། སྤྱིར་བཏང་མང་ཚོགས་ཀྱིས་འབོར་ཉུང་རོགས་རམ་རྣམ་པའི་ནང་ཞུགས་ཆོག་པ་དང་དགེ་དངུལ་སྒོར་༥༠ཡིས་དྭ་ཕྲུག་གཅིག་ལ་ལོ་གཅིག་ནང་འགན་བཅོལ་སྒོར་ཁྲི་༡༠མཁོ་འདོན་བྱེད་ཐུབ། སྐྲན་ནད་ཁྲག་རིལ་དཀར་པའི་ནད་ཚུད་པདང་། མཁལ་ནུས་ཉམས་པ། དེ་ཡང་དབང་པོ་སྤོ་འཛུགས་སོགས་བྱིས་པར་རྒྱུན་དུ་ཐོན་པའི་ནད་རིགས་ཆེན་པོ་༡༢ཀྱི་སྤྱི་ཕན་འགན་བཅོལ་ཐུབ་ཀྱི་ཡོད་པ་རེད།   
       ཐེབས་རྩ་ཚོགས་པ་དེས་ཁོངས་གཏོགས་ཀྲུང་གོ་བྱིས་པའི་འགན་བཅོལ་ཆེད་དོན་ཐེབས་རྩ་བརྒྱུད་། དྭ་ཕྲུག་དང་བྱིས་པ་དབུལ་པོར་ནད་ཆེན་གྱི་སྤྱི་ཕན་འགན་བཅོལ་བྱེད་ཅིང་། ཉིན་དེར་མཚོ་སྔོན་དང་། ནང་སོགཧོ་ནན། པེ་ཅིང་། ཐེན་ཅིན་བཅས་ཀྱི་དྭ་ཕྲུག་ཁྲི་༦ཙམ་ལ་ནད་ཆེན་སྤྱི་ཕན་འགན་བཅོལ་དངོས་སུ་ཐོབ་པ་རེད།
    ཐེབས་རྩ་ལྷན་ཚོགས་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཝུའུ་ཧུའེ་ཅོན་གྱིས་ད་རེས་ཀྱི་ཞལ་འདེབས་དེ་དག་ནི་གཏོང་སྤྲོད་ནོར་གཞོང་སྤྱོད་མཁན་དང་། ནོར་འཚོལ་དྲ་ཚོང་། རྒྱལ་སྤྱིའི་མཁའ་འགྲུལ་གྱི་འགྲུལ་པ། དེ་བཞིན་གཞུང་ཁོངས་རྒྱུ་ནོར་ཨུ་ཡོན་ལྷན་ཁང་གི་དཔྱད་འཇོག་ཅུས་དང་།  མཁའ་སྐྱོད་ཚན་རྩལ།མཁའ་སྐྱོད་ཚན་རིག་ལག་རྩལ་ལས་དོན། ཀྲུང་གོ་རྒྱལ་གློགརྒྱལ་སྤྱིའི་མཁའ་འགྲུལ་བཅས་ཀྱི་བྱང་སེམས་མི་སྣའི་ཡིན་པ་དང་།   མིག་སྔར་
དྭ་ཕྲུག་འགན་ལེན་གྱི་བྱ་སྤྱོད་ཆེན་པོའིབྱང་སེམས་མི་སྣ་ཁྲི་༡༠༠ལས་བརྒལ་ཡོད་པ་རེད།    ཀྲུང་གོ་བྱིས་པ་འགན་བཅོལ་ཆེད་དོན་ཐེབས་རྩའི་ཚན་པ་གཙོ་བོ་རྒྱལ་སྤྱིའི་མཁའ་འགྲུལ་གྱིས་ཚེས་༡ཉིནདྲུག་གཅིག་བྱིས་པའི་དུས་ཆེན་ལ་གཅེས་སེམས་འབུལ།དྭ་ཕྲུག་བྱིས་པའི་སེམས་པ་དགའ་ལྷང་ལྷངཞེས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། བྱེད་སྒོ་སྤེལ་རིང་རྒྱལ་སྤྱིའི་མཁའ་འགྲུལ་དྲ་ཚིགས་སུ་སྤ་སེ་ཉོ་བ་དང་འབྲེལ དྭ་ཕྲུག་འགན་ལེན་གྱི་བྱ་སྤྱོད་ཆེན་པོ
ལ་ཞལ་འདེབས་འབུལ་མཁན་འགྲུལ་པར་སྒོར་༢༠རི་བའི་རྒྱལ་སྤྱིའི་མཁའ་འགྲུལ་གྱི་སྤ་སེའི་དངུལ་ཚབ་ཤོག་འཛིན་ཐོབ་རྒྱུ་རེད།
     རྒྱལ་སྤྱིའི་མཁའ་འགྲུལ་ཞབས་ཞུ་པུའུ་ཡིས་ད་དུང་
དྲུག་གཅིག་བྱིས་པའི་དུས་ཆེནགྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་དྭ་ཕྲུག་ལ་ཞལ་འདེབས་སློང་རྒྱུ་ཡིན་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060