སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
སྨར་ཁམས་ཚྭ་ཞིང་གི་གནའ་བོའི་ལག་རྩལ་དེ་མ་ཉམས་དར་སྤེལ་བྱེད་པ།
སྤེལ་དུས། 2014-07-25   ཡོང་ཁུངས། མི་དམངས་དྲ་བ།   རྩོམ་སྒྲིག་པ།  ཁོན་ཐར་འཚོ།

 

 

    སྨར་ཁམས་རྫོང་ཚྭ་ཞིང་ཤང་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་གྱི་ཤར་ལྷོའི་མཚམས་སུ་ཆགས་ཤིང་། ཚྭ་ཞིང་ལ་བརྟེན་ནས་ས་མིང་ཐོགས་པ་ཡིན།  ཚྭ་ཞིང་གྲོང་ཚོ་དེར་གོང་ཞོལ་གཉིས་ཡོད་པ་དང་། ཚྭའི་ཐོན་ལས་ལ་ལོ་ངོ་༡༣༠༠ལྷག་གི་ལོ་རྒྱུས་ལྡན།   ངག་རྒྱུན་དུ་གེ་སར་རྒྱལ་པོ་དང་འཇང་ས་དམ་རྒྱལ་པོ་གཉིས་ཀྱིས་ཚྭ་ཞིང་འཕྲོག་རྩོད་བྱས་པའི་གཡུལ་འགྱེད་ཅིག་བསླངས་མྱོང་བའི་ཤོད་སྲོལ་ཞིག་ཡོད་པ་རེད། རྫ་ཆུ་འགྲམ་ངོགས་ཀྱི་བསྙིལ་ཆུ་ཐོན་ཁོངས་ཧ་ཅང་ཕུན་སུམ་ཚོགས་ལ། ཏག་ཏག་ཚྭ་ཞིང་ཡང་རྫ་ཆུའི་འགྲམ་ངོགས་སུ་ཁྱབ་ནས་ཡོད།  རྫ་ཆུ་ཤར་བརྒྱུད་ཀྱིས་ཚྭ་དཀར་བཟོ་བ་དང་། ནུབ་བརྒྱུད་ཀྱི་རྒྱ་མདའ་གྲོང་ཚོས་ཚྭ་དམར་བཟོ་བ་རེད།  དེ་ཡང་ཚྭ་དམར་ལ་ཁམ་བུའི་མེ་ཏོག་གི་ཚྭ་ཞེས་མཚན་སྙན་པོ་ཞིག་གསོལ་འདུག་ཅིང་།  དེ་ནི་ཟླ་གསུམ་པར་བཞད་པའི་ཁམ་བུའི་མེ་ཏོག་གི་ཁ་དོག་དང་མཚུངས་པས་དེ་ལྟར་བཏགས་སོ། ། ཚྭ་དམར་ལ་ལུས་ཁམས་བདེ་སྲུང་དང་། ཁམས་གསོའི་ནུས་པ་ཡོད་པས། ཡུལ་དེའི་མི་རྣམས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་མཁོ་ཆས་ཉག་ཅིག་ཡིན། 
             གྲོང་ཚོའི་གྲོང་མི་བསྟན་འཛིན་ཆོས་འཚོས་གསར་འགོད་པར།  ཆེས་ལེགས་པའི་ཚྭ་རྒྱ་མ་བརྒྱ་རེར་སྒོར་༥༥ཡིན།  ཁོ་མོས་ལོ་བཅུ་ཙམ་ནས་བཟུང་ཁྱིམ་མི་ལ་བསྙིལ་ཆུ་འཁུར་རོགས་དང་ཚྭ་སྐམ་རོགས་བྱས་ཤིང་།  མི་ཤུགས་ཁོ་ནར་བརྟེན་དགོས་པའི་དུས་སྐབས་དེར་ཁོ་མོ་སྐྱ་མདའ་མ་གྲགས་གོང་དུ་ཡར་ལངས་ནས་བསྙིལ་ཆུ་འཁུར་དགོས།  ད་ཆ་ཚྭ་དུང་དུ་སྔོན་མ་བཞིན་དཀའ་ལས་མང་པོ་ཚེགས་མི་དགོས།  ཆུ་འཐེན་འཕྲུལ་ཆས་ཀྱིས་བསྙིལ་ཆུ་ཡར་འདྲེན་ཐུབ་པས་མི་ཤུགས་ལ་བརྟེན་མི་དགོས་པ་དང་། གཞན་ཚྭ་བསྡུ་བར་ཆེད་སྤྱོད་རླངས་འཁོར་ཡོད་པས།   ཁལ་རྟ་བཀལ་ནས་ཚྭ་འཚོང་དུ་འགྲོ་མི་དགོས་ཟེར།

    སྨར་ཁམས་རྫོང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཝང་ཁའེ་ཡིས་གསར་འགོད་པར།  ཚྭ་བཟོ་ནི་ཚྭ་ཞིང་གི་སྲོལ་རྒྱུན་རིག་གནས་ཤིག་ཡིན་པས།  ལོ་རེར་དབྱར་གནང་སྐབས་ཚྭ་བཟོ་རྒྱུད་འཛིན་པས་རང་ས་གནས་ཀྱི་ཡུལ་ཕྱིར་སློབ་འགྲིམས་སློབ་མ་སྒྲིག་འཛུགས་བྱས་ནས་ཚྭ་བཟོའི་ལག་རྩལ་སྐོར་འཁྲིད་པ་ཡིན།  མིག་སྔར་ཚྭ་ཁའི་གནའ་བོའི་ཚྭ་ཞིང་ལ་ཉར་སྲུང་ལེགས་པོ་བྱས་ནས་ད་བར་དུ་རྒྱུན་མ་ཆད་པར་ཚྭ་ཐོན་སྐྱེད་བྱེད་བཞིན་ཡོད་ཅེས་དང་།   ཚྭ་བཟོའི་དཔལ་འབྱོར་གྱི་ཁེ་སྤོགས་ཅུང་དམའ་སྟབས།  གྲོང་མི་ཁ་ཤས་ཀྱིས་སྲོལ་རྒྱུན་ཚྭ་བཟོ་རིང་དུ་དོར་བ་རེད།      སྲོལ་རྒྱུན་གྱི་ཐོན་ལས་འདིའི་རྒྱུན་རིང་དུ་སྐྱོང་ཆེད།  ལས་རྗེས་མར་ང་ཚོས་ཡུལ་སྐོར་འཕེལ་རྒྱས་ལ་བརྟེན་ནས་ཚྭའི་ཟུར་སྣོན་རིན་གོང་ཇེ་མཐོར་གཏོང་བའི་དུས་མཚུངས་སུ།  ཡུལ་དེའི་ཚྭ་བཟོ་གྲོང་མིའི་ཚྭ་བཟོ་མོས་པ་ཆེ་རུ་བསྐྱེད་རྒྱུའི་རེ་བ་ཡོད་ཟེར།

 

 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060