སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱིས་ཚེས༡༦ཉིན་ལས་ཞུགས་བོད་སྐྱོར་གྱི་ལས་མི་བསྡུ་བའི་ཚོགས་འདུ་སྤེལ་རྒྱུ།
སྤེལ་དུས། 2014-08-15   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རྡོར།

    གསར་འགོད་པས་ཤེས་རྟོགས་བྱུང་བར། བོད་རང་སྐྱོང་ལྗོངས་མི་ཤུགས་ནུས་ཁུངས་སྤྱི་ཚོགས་འགན་ལེན་ཐིང་དང་། ཅང་སུའུ་ཞིང་ཆེན། ཨན་ཧུའེ་ཞིང་ཆེན། ཧེ་ལུང་ཅང་ཞིང་ཆེན། ལེའོ་ཉིང་ཞིང་ཆེན། ཧོ་པེ་ཞིང་ཆེན། ཝུའུ་ཧན་ངར་ལྕགས་བཟོ་གྲྭ ཀྲུང་གོ་རྡོ་སྣུམ་མཚོ་སྔོན་ཡན་ལག་ཀུང་སི་བཅས་ཀྱིས་མཉམ་གཉེར་གནང་བའི་ལས་ཞུགས་བོད་སྐྱོར་གྱི་ཆེད་དོན་ལས་མི་བསྡུ་བའི་ཚོགས་འདུ་དེ་སྤྱི་ཟླ༨པའི་ཚེས༡༦ཉིན། བོད་རང་སྐྱོང་ལྗོངས་ལས་ཞུགས་ཅུས་སུ་སྤེལ་རྒྱུ་ཡིན་པ་རེད། མིག་སྔར། ལས་མི་བསྡུ་བའི་ཚོགས་འདུའི་ལས་གནས་ཀྱི་ཆ་འཕྲིན་རྣམས་བོད་རང་སྐྱོང་ལྗོངས་མི་ཤུགས་ནུས་ཁུངས་དང་སྤྱི་ཚོགས་འགན་ལེན་ཐིང་གི་དྲ་ཚིགས་ཐོག་སྤྱི་བསྒྲགས་བྱས་ཡོད་པ་རེད།

  ཤེས་རྟོགས་བྱུང་བར། ཐེངས་དེའི་ཆེད་དོན་ལས་མི་བསྡུ་བའི་ཚོགས་འདུ་དེ་ནི་འདི་ལོའི་ལས་ཞུགས་བོད་སྐྱོར་གྱི་ལས་མི་བསྡུ་བའི་ཚོགས་འདུ་ཐེངས་བཞི་པ་དེ་ཡིན་པ་དང་། སྐབས་དེར། ཞིང་ཆེན༥དང་ཀྲུང་དབྱང་གི་ཁེ་ལས་གཉིས་ཀྱིས་བོད་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མར་ཚན་པ༢༢༩ཡི་ལས་གནས༣༢༡༠མཁོ་འདོན་བྱེད་རྒྱུ་ཡིན་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060