སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཚན་རྩལ་གྱི་འདེད་སྒུལ་ལ་བརྟེན་ནས་གཞན་སྒྱུར་ལ་སྐུལ་འདེད་བཏང་བ།
སྤེལ་དུས། 2014-08-15   ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།   རྩོམ་སྒྲིག་པ།  བསོད་བསྟན་གྱིས་བསྒྱུར།

        རང་ལྗོངས་ཀྱིས་ཚན་རྩལ་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་བཏང་བའི་སྐོར་གྱི་དངོས་བྲིས།

འདི་ལོ་བོད་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་ནས་སོན་གསར་པབོད་ནས་ཨང་༢༠༠༠མུའུ་ཁྲི༣༧.༧༣ཁྱབ་གདལ་བཏང་བ་དེ་ན་ནིང་ལས་མུའུ་ཁྲི༢༧.༡༣འཕར་སྣོན་བྱུང་ཡོད་པ་རེད།
  
ཁུ་ལྡན་འབྲས་བུའི་རྒྱལ་པོ་ཞེས་པར་འབོད་པའི་ལན་མའེ་ལོ་གསུམ་གྱི་གསོ་སྦྱོང་བྱས་རྗེས་ཉེ་སྔོན་ལྷ་སའི་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་ཁུལ་དུ་ཚོད་ལྟའི་འདེབས་འཛུགས་ལེགས་གྲུབ་བྱུང་བ་རེད།
 
མཐོ་གསར་ལག་རྩལ་གྱི་ཁེ་ལས་མང་པོ་མགྱོགས་མྱུར་ཐོན་པ་དང་འདི་ལོ་རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས་ལྔ་གསོ་སྦྱོང་བྱ་རྒྱུ་དང་རང་སྐྱོང་ལྗོངས་རིམ་པའི་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་༡༠ངོས་འཛིན་བྱ་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།
 
ལྗོངས་ཡོངས་སུ་ཚན་རྩལ་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་གཏོང་བའི་སྐུལ་འདེད་འོག་༢༠༡༣ལོའི་ལོ་མཇུག་བར་རང་ལྗོངས་ཀྱི་དཔལ་འབྱོར་འཕར་སྣོན་ཡོང་བའི་ཐད་ཚན་རྩལ་གྱིས་ལེགས་སྐྱེས་ཕུལ་ཚད་༣༥%དང་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བའི་ཐད་ཚན་རྩལ་གྱིས་ལེགས་སྐྱེལ་ཕུལ་ཚད་༤༣%ཟིན་པ་དང་ཚན་རིག་ཁྱབ་གདལ་བྱུང་ཚད་༨༦%ཟིན་ཡོད། ཚན་རྩལ་གྱིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་འདེགས་སྐྱོར་དང་སྣེ་ཁྲིད་བྱེད་ཚད་སྔར་མེད་གསར་སྣོན་བྱུང་ཡོད།

ཚན་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་བཏང་བ།

  
ཉེ་བའི་ལོའི་རིང་ལྗོངས་ཡོངས་ཀྱི་ཚན་རྩལ་སྡེ་ཚན་གྱིས་ཐོན་ལས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དངསྟེགས་བུ་གཏོད་པ་དང་ཆེད་དོན་ལ་དམིགས་པ། གཞན་སྒྱུར་ལ་སྐུལ་གཏོང་། ཁྱབ་གདལ་ཡོང་བབཅས་ཀྱི་བླང་བྱར་གཞིགས་ནས་ཚན་རྩལ་གསར་གཏོད་བྱེད་ནུས་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར། ཚན་རྩལ་གྱིས་དམངས་འཚོར་ཕན་འདོགས་ཤུགས་ཆེར་གཏོང་སོགས་ཀྱི་ཐད་ཚད་བརྒལ་ཡོང་བ་བཅས་བྱས་པས་ཚན་རྩལ་སྟོབས་ཤུགས་དེ་ཉིད་ཉིན་རེ་བཞིན་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བྱེད་ཅིག་ཏུ་གྱུར་ཡོད།

 
ན་ནིང་རང་ལྗོངས་ཀྱི་ཉིང་ཁྲི་དང་གཞིས་རྩེ། ལྷོ་ཁ་སོགས་ས་ཁུལ་དང་གྲོང་ཁྱེར་ཡི་རྫོང་དང་གྲོང་ཁྱེར་༣༠ཡི་ཞིང་པ་ཚོས་ནས་སོན་གསར་པབོད་ནས་ཨང་༢༠༠༠བཏབ་ཡོད། ནས་སོན་ཆུང་ངུ་དེ་ལས་རང་ལྗོངས་ཀྱིས་དཔེ་སྟོན་ངང་ནས་ཞིང་མུའུ་ཁྲི་༡༠.ཁྱབ་གདལ་བཏང་ནས་ནས་འབྲུ་ཁྱོན་སྤྱི་རྒྱ་ཁྲི་༢༨༠.ཡོང་རྒྱུར་སྐུལ་མ་ཐེབས་པ་དང་ཞིང་པ་རྣམས་ལ་ཐད་ཀར་འབབ་འཕར་སྒོར་ཁྲི་༡༡༢༣.ཡོང་རྒྱུར་སྐུལ་མ་ཐེབས་ཡོད།

 
སྤུས་ལེགས་ཀྱི་ནས་སོན་བཏབ་པ་ཕུད་རང་ལྗོངས་ཀྱིས་གཞིས་རྩེ་ས་ཁུལ་རྣམ་གླིང་རྫོང་དུ་མུའུ་༡༠༠༠ཟིན་པའི་འཕྲུལ་ཆས་ལ་བརྟེན་ནས་སྤུས་ལེགས་ཞོག་ཁོག་འདེབས་པའི་དཔེ་སྟོན་རྟེན་གཞི་བཙུགས་ཏེ་ཁེ་ལས་ཀྱིས་དཔེ་སྟོན་ངང་ཞོག་ཁོག་སིང་ཕྱེ་དང་ཧྥེན་སི། འཚོ་བཅུད་ཕྱེ་མ་བཅས་ཐོན་སྐྱེད་བྱེད་འགོ་ཚུགས་ཡོད། ནས་དང་འབྲི་གཡག སྤུས་ལེགས་ཕྱུགས་རྩྭ་སྣ་ཁ་གསར་པ་གསོ་ཚགས་དང་གསོ་འདེབས་བྱེད་པའི་ཐད་གྲུབ་འབྲས་གསར་པ་ཐོབ་པ་དང་ལོ་ཧྲིལ་པོར་རེ་ཞུ་དང་ཁས་ལེན་བྱས་པའི་ཞིང་ལས་སྐྱེ་དངོས་སྣ་ཁ་གསར་པ་༡༧ཟིན་པ་མ་ཟད། གཞི་ཁྱོན་ལྡན་པའི་ངང་ཐོན་མཐོའི་བཞོན་མ་གསོ་ཚགས་དང་ཁུ་ལྡན་ར་འདེམས་གསོ། ལྷ་སའི་བྱ་དེ་དཀར་པོ་གསོ་ཚགས་སོགས་སྣ་ཁ་གསར་པ་ཁྱབ་གདལ་གཏོང་བའི་མདུན་ལམ་བཟང་པོ་ཡོད།

  
ལག་རྩལ་ཞིབ་འཇུག་དང་གསར་སྤེལ་གྱི་རོགས་སྐྱོར་འོགབོད་ཀྱི་གྲགས་ཅནགྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་ཐོན་ལས་མང་པོ་ཞིག་ཆེ་རྗེས་ཀྱི་མྱུ་གུ་ལྟར་ཐོན་ཞིང་ཁ་ཆེ་ཤ་སྐམ་དང་མོག་རོ། ཀོ་ཤ་སོགས་ཁྱད་ལྡན་ཐོན་ཁུངས་གཞི་ཁྱོན་ལྡན་པའི་ངང་འདེབས་པའི་ལག་རྩལ་ལེགས་གྲུབ་ལྡན་པའི་ངང་ཞིབ་འཇུག་གསར་སྤེལ་ཐུབ་ནས་འདེབས་འཛུགས་ཐོན་ལས་ཅན་དུ་འགྱུར་ཚད་མཐོ་རུ་ཕྱིན་པ་དང་བོད་རུམ་གྱི་རྩི་ཤིང་ཚོས་རྒྱུ་དང་དེ་བཞིན་རང་བྱུང་གཏེར་རྒྱུའི་ཚོན་རྒྱུའི་བཟོ་རྩལ་སོགས་ཀྱི་ལག་རྩལ་ཐད་འགག་སྒྲོལ་གསར་པ་བྱུང་བ། ནས་ཀྱི་སྦི་རག་དང་གྲོ་མ་ཞོ་སོགས་ཁྱད་ལྡན་ཐོན་རྫས་མང་པོ་ལེགས་གྲུབ་ལྡན་པའི་ངང་གསར་སྤེལ་ཐུབ་ཡོད། ཁྱད་ལྡན་ཞིང་འབྲོག་ལས་དང་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས། མི་རིགས་ལག་ཤེས་བཟོ་ལས། ནུས་རྒྱུ་གཙང་མའི་ལས་རིགས་སོགས་ཀྱི་ཁྱབ་ཁོངས་རང་ལྗོངས་ཀྱི་དཔལ་འབྱོར་གྱི་འཕར་གཞི་གསར་པ་ཞིག་ཏུ་འཕེལ་རྒྱས་འགྲོ་བཞིན་ཡོད།

ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྣེ་ཁྲིད་ཀྱི་ནུས་པ་ཐོན་རྒྱུར་རོགས་སྐྱོར་བྱས་པ།
 

ཉེ་བའི་ལོའི་རིང་རང་ལྗོངས་ཀྱི་ཚན་རྩལ་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་ལྟེ་བར་འཛིན་ནས་ཚན་རྩལ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དམ་ཟབ་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་བྱ་རྒྱུ་གཙོ་གནད་དུ་འཛིན་པ་དང་ནུས་ཤུགས་ཡོད་རྒུས་བོད་ལྗོངས་ཀྱི་ཚན་རྩལ་བྱ་གཞག་གསར་གཏོད་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཚོད་འཛིན་གྱིས་རང་ངོས་གསར་གཏོད་ཀྱི་ནུས་པ་གོང་མཐོར་ཤུགས་ཆེ་བཏང་ནས་ཆ་ཚང་བའི་ངང་ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་སྣེ་ཁྲིད་ནུས་པ་འདོན་སྤེལ་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་ཚན་རྩལ་བྱ་གཞག་གསར་གཏོད་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་ཡིན་པ་རེད།
 
ཉེ་དུས་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་གྲབས་གསོག་བྱས་པའི་མ་འཇོག་སྒོར་དུང་ཕྱུར་ཟིན་པའི་ཚན་རྩལ་གླིང་ཁུལ་གསར་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ལས་དོན་བདེ་བླག་ངང་སྤེལ་ཐུབ་པ་བྱུང་ཞིང་། དེའི་ནང་ནས་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་བོད་ལྗོངསལྷ་སཚན་རྩལ་སྐྱོང་བཟོ་ཁེ་ལས་རྣམ་གྲངས་ལ་མ་འཇོག་སྒོར་ཁྲི་༦༨༠༠ལྷག་ཙམ་ཟིན་ནས་འདི་ལོའི་ནང་ཚུན་དུ་སྐྲུན་འགོ་འཛུགས་རེ་ཡོད་པ་དང་། རྣམ་གྲངས་ཀྱི་དུས་ཐེངས་གཉིས་པའི་ཀྲུང་གོའི་ལྷ་སའི་ལས་གཏོད་གླིང་ཁུལ་དང་བོད་ལྗོངས་རྒྱལ་སྤྱིའི་ལས་གཏོད་རྟེན་གཞི་དེ་ཉིད་ལྷ་སའི་ལས་གཏོད་རྩེ་གྲའི་གྲས་སུ་སླེབས་པ་དང་གཙོ་གནད་ཐོག་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ཆེ་གྲས་དང་། རྒྱལ་སྤྱིའི་ཞིབ་འཇུག་གསར་སྤེལ་སྒྲིག་གཞི། དངུལ་རྩའི་སྒྲིག་གཞི། ལས་རིགས་ཀྱི་སྣེ་ཁྲིད་ཁེ་ལས་བཅས་ཀྱི་ས་ཁོངས་སྤྱི་ཁྱབ་པུའུ་ནང་འདྲེན་བྱས་ཡོད།

  
༢༠༠༧ལོར་རང་ལྗོངས་ཀྱིས་བཙུགས་པའི་གཞན་ཡུལ་ཚན་རྩལ་སྐྱོང་བཟོ་ཁེ་ལས་ཏེ་བོད་ལྗོངསཁྲེང་ཏུའུཚན་རྩལ་སྐྱོང་བཟོ་ཁེ་ལས་ཀྱིས་མིག་སྔའི་བར་ཁེ་ལས་༥༢ཡིག་ཐོག་སྙན་ཞུ་བསྐྱར་མ་བྱེད་མཁན་ཁེ་ལས་ཚུདསྐྱོང་བཟོ་བྱས་པ་དང་སྐྱོང་བཟོ་བྱས་པའི་ཁེ་ལས་ཁྲོད་ཁེ་ལས་༢༤རང་ཚུགས་ཐུབ་པཕྱིར་བསྐྱོད་ཐུབ་པབྱུང་ཡོད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། སྐྱོང་བཟོ་ཁེ་ལས་ལ་རིམ་རྩིས་བྱས་ན་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་༧༠ཙམ་དང་ཁེ་སྤོགས་སྒོར་དུང་ཕྱུརཙམ་བྱུང་བ་དང་ཁེ་བེད་བདག་ཐོབ་ཁག་༡༡༥རག་ཡོད།

 
རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ལྗོངས་ཚན་རྩལ་ཐིང་གིས་མུ་མཐུད་དེ་འཐབ་ཇུས་རང་བཞིན་གྱི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱ་ཤུགས་ཆེ་རུ་གཏོང་བ་དང་དུས་ཚོད་འོས་འཚམ་ནང་ནས་ཀྱི་ཐོན་ལས་དང་། གསེར་གྱི་འབྲི་གཡག་ཚན་རྩལ་འདུ་འགོད། གཟན་རྩྭ་ཐོན་ལས། བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་སོགས་གལ་ཆེའི་ཚན་རྩལ་རྣམ་གྲངས་ལ་དུས་འབྲིང་ཚོད་སྐོར་བྱས་པ་དང་འགག་རྩའི་ལག་རྩལ་འགག་སྒྲོལ་དང་ཐོན་ལས་ཅན་གྱི་དཔེ་སྟོན་ལ་ཤུགས་སྣོན་བརྒྱབ་ཡོད།
ཚན་རྩལ་འཕེལ་རྒྱས་ལ་བརྟེན་ནས་དམངས་ཡོངས་ཀྱིས་ཚན་རྩལ་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱས་པ།
 
གངས་རིའི་འདབས་རོལ་གྱི་གཉའ་ལམ་རྫོང་དུ་ཚན་རྩལ་དམངས་ཕྱུག་རྫོང་དར་གྱི་ཆེད་དོན་བྱ་སྒུལ་འཆར་འགོད་གཉའ་ལམ་རྫོང་གི་སྔོ་ཚལ་ཐོན་ལས་གསར་སྤེལ་རྣམ་གྲངས་ནུས་མཐོའི་ཉི་འོད་དྲོད་ཁང་གི་སྔོ་ཚལ་འདེབས་གསོའི་ལག་རྩལ་རྟེན་གཞིའི་ནང་སྔོ་ཚལ་གྱི་འདབ་པ་ལྷུག་པར་རྒྱས་ཡོད་པ་རེད།
 
ཉེ་ལམ་ལོ་ཤས་རིང་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་རྒྱལ་ཁབ་ཚན་རྩལ་དམངས་ཕྱུག་རྫོང་དར་གྱི་ཆེད་དོན་བྱ་སྤྱོད་འཆར་གཞི་ལག་ལེན་ཤུགས་ཆེན་བསྟར་བ་བརྒྱུད་རྣམ་གྲངས་ཁུལ་གྱི་ཞིང་འབྲོག་པ་མི་རེར་འབབ་འཕར་སྒོར་༦༢༣བྱུང་བ་དེས་ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་འབབ་འཕར་སྒོར་༧༤༡ཀྱི་༨༤%བཟུང་ཡོད་པ་དང་ཆ་སྙོམས་སྒོར་ཁྲི་གཅིག་རེའི་ཚན་རྩལ་མ་འཇོག་ལས་འབབ་འཕར་སྒོར་༣༩༨༥བྱུང་བ་དང་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་ལྡབ་.ཟིན་གྱི་ཡོད།

 
ལྗོངས་ཚན་རྩལ་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ཟླ་པར་གཏིང་སྐྱེས་དང་ས་དགའ་སོགས་རྫོང་༡༢སླར་ཡང་རྒྱལ་ཁབ་ཚན་རྩལ་དམངས་ཕྱུག་རྫོང་དར་གྱི་ཆེད་དོན་བྱ་སྤྱོད་འཆར་གཞིའི་རྣམ་གྲངས་ནང་བཅུག་ཅིང་མིག་སྔའི་བར་རང་ལྗོངས་ཀྱི་རྫོང་༦༩རུ་རྒྱལ་ཁབ་ཀྱི་དམངས་ཕྱུག་རྫོང་དར་གྱི་ཆེ་དོན་བྱ་སྤྱོད་འཆར་གཞིའི་རྣམ་གྲངས་ཁག་༧༩ལག་ལེན་བསྟར་བའི་ནང་རྒྱུན་མཐུད་རྒྱབ་སྐྱོར་རྣམ་གྲངས་༡༠ཟིན་པར་རྒྱལ་ཁབ་ནས་མ་དངུལ་སྒོར་ཁྲི་༡༥༢༤༤རྒྱབ་སྐྱོར་ཐོབ་ཡོད། མིག་སྔའི་ལས་དོན་སྤེལ་ཚུལ་ལ་གཞིགས་ན་ཕྱི་ལོལོ་ལྔ་ཚན་བཅུ་གཉིས་པའིརིང་བོད་ཀྱི་རྫོང་དང་གྲོང་ཁྱེརཆུས༧༤རྣམས་རྒྱལ་ཁབ་ཀྱི་དམངས་ཕྱུག་རྫོང་དར་གྱི་ཆེ་དོན་བྱ་སྤྱོད་འཆར་གཞིའི་ནང་འཇུག་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་དམིགས་ཚད་དོན་འཁྱོལ་ཐུབ་རེ་ཡོད།

  
ཚན་རྩལ་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བརྒྱུད་རིམ་ནང་རང་ལྗོངས་ཀྱིས་མུ་མཐུད་དེབཅུ་བརྒྱ་སྟོང་ཁྲིའིཚན་རྩལ་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་འདུ་འགོད་ལག་ལེན་བསྟར་ནས་བྱང་ཚད་མཐོ་བའི་ཚན་རྩལ་གསར་གཏོད་ཀྱི་ཤེས་ལྡན་མི་སྣ་གསར་པ་གསོ་སྐྱོང་དང་ནང་འདྲེན་བྱས་ཡོད་པ་དང་རྒྱལ་ཁབ་ཀྱིཁུལ་གསུམ་གྱི་ཤེས་ལྡན་མི་སྣའི་འཆར་གཞིང་གསར་གཏོད་ཤེས་ལྡན་མི་སྣའི་སྐུལ་སྤེལ་འཆར་གཞི བོད་ལ་ཕྱོགས་རྒྱུའི་བརྩོན་ལེན་བྱས་ཡོད། ཚན་རྩལ་ཆེད་མངགས་པའི་དཔུང་ཁག་འཛུགས་ཤུགས་ཆེ་རུ་བཏང་ནས་བྱ་ཐབས་སྣ་ཚོགས་དང་ཐབས་ལམ་སྣ་ཚོགས་བརྒྱུད་ཚན་རྩལ་གྱི་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣ་དང་ཚན་རྩལ་འཇོན་ཐང་ཅན་སྣ་ཚོགས་གསོ་སྐྱོང་བྱས་ཡོད། འདི་ལོ་ལྗོངས་ཡོངས་སུ་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པ་༢༦༠༠གསར་དུ་གསོ་སྐྱོང་བྱེད་རྩིས་ཡོད། རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་འབྲེལ་ཡོད་འགན་འཁུར་བསགསོ་སྐྱོང་འཆར་གཞི་དེས་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པའི་མི་གྲངས་༧༡༦༦ཟིན་རྒྱུ་མ་ཟད་སྲིད་འཛིན་གྲོང་ཚོར་ཁྱབ་ཚད་ཀྱང་༩༠%ཟིན་རྒྱུ་རེད། ༢༠༡༥ལོར་སླེབས་སྐབས་ལྗོངས་ཡོངས་སུ་ཆ་སྙོམས་སྲིད་འཛིན་གྲོང་ཚོ་རེར་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པ་རེ་དང་བསྡོམས་མི་གྲངས་༡༡༠༠༠ལྷག་ཙམ་ཟིན་རྒྱུ་རེད
ཅེས་བཤད་བྱུང་།
  
ད་ཆ། བོད་ལྗོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་ཁུལ་དུ་དྲོད་ཁང་གི་འདེབས་གསོ་དང་བ་མོ་ལེགས་བཅོས་ཡིན་ནའང་འདྲ་ས་རྒྱུར་བརྟག་དཔྱད་དང་ཚད་ལྡན་ཐོན་སྐྱེད་ཁྱབ་གདལ་ཡིན་ནའང་འདྲ། ཡང་ན་འཕྲུལ་ཆས་ཅན་གྱི་འདེབས་འཛུགས་ནས་ཞིང་དུད་ཀྱིས་རྫབ་རླངས་བེད་སྤྱོད་ལས་གྲྭ་སོགས་གང་ཞིག་ཡིན་རུང་ཞིང་འབྲོག་མང་ཚོགས་ཚོས་ཚན་རྩལ་གྱིས་ཁོང་ཚོའི་ཐོན་སྐྱེད་འཚོ་བའི་ཁྲོད་ཐོབ་པའི་འགྱུར་ལྡོག་གསར་པ་ལོངས་སྤྱོད་བྱེད་བཞིན་ཡོད་ལ་ཚན་རྩལ་གྱི་གྲུབ་འབྲས་ལས་ཐོབ་པའི་དོན་དངོས་ཀྱི་ཁེ་ཕན་ཡང་ལོངས་སྤྱོད་བྱེད་བཞིན་ཡོད།

 

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060