སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལོ་ངོ་ཉི་ཤུའི་བོད་སྐྱོར་ལས་མངའ་རིས་ཀྱི་རྣམ་པ་གསར་པ་གཏོད།
སྤེལ་དུས། 2014-09-01   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  བསོད་བསྟན་གྱིས་རྩོམ་བསྒྱུར་བྱས།

    ༡༩༩༤ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་ནས་བཟུང་ཧོ་པེ་ཞིང་ཆེན་དང་ཧྲའན་ཤིས་ཞིང་ཆེན་གཉིས་ཀྱིས་མ་དངུལ་དང་ལག་རྩལ། ཤེས་ལྡན་མི་སྣ་སོགས་ཀྱི་ཐད་ནས་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ཡོང་བར་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་གྲུབ་འབྲས་ལེགས་པོ་ཐོབ་ཅིང་ཕན་འབྲས་གཟེངས་སུ་ཐོན་པ་ཐོབ་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་བར་སྐུལ་མ་ཐེབས་ཏེ་མངའ་རིས་དེ་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱ་བ་སྔར་མེད་ཀྱི་མཐོ་ཚད་ཐོག་སླེབས་ཐུབ་པ་བྱུང་ཡོད།
 
ལོ་ངོ་༢༠ཡི་རིང་ཧོ་པེ་དང་ཧྲའན་ཤིས་ཞིང་ཆེན་གཉིས་ཀྱིས་མངའ་རིས་ས་ཁུལ་ལ་རྣམ་གྲངས་འདྲ་མིན་༣༤༣བསྐྲུན་རོགས་བྱས་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར་༡༢.༠༡བཏང་བའི་ནང་ཧོ་པེ་ཞིང་ཆེན་གྱིས་རྣམ་གྲངས་༡༧༩བསྐྲུན་རོགས་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་༦.༥༨བཏང་བ་དང་ཧྲའན་ཤིས་ཞིང་ཆེན་གྱིས་རྣམ་གྲངས་༡༦༤བསྐྲུན་རོགས་བྱས་པར་མ་དངུལ་སྒོར་དུང་ཕྱུར་༥.༤༣བཏང་བ་དེ་དག་གཙོ་བོ་སློབ་གསོ་དང་འཕྲོད་བསྟེན། རིག་གནས། སྤྱི་ཚོགས་བྱ་གཞག གྲོང་ཁྱེར་གྱི་སྒྲིག་བཀོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྡོད་ཁང་། གཞི་རིམ་རྩ་འཛུགས་འཛུགས་སྐྲུན། ཞིང་འབྲོག་ཁུལ་དང་གཞུང་ལས་ཁང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་མང་པོ་དང་འབྲེལ་བས་ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བའི་ཁ་ཐབས་ལེགས་སུ་སོང་བ་མ་ཟད། རྨང་གཞིའི་སྒྲིག་བཀོད་ཞན་པའི་འཇུར་འགགས་གནད་དོན་ནུས་ལྡན་ངང་ཞི་ལྷོད་དུ་སོང་ནས་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་ཐུབ་པས་དུས་ཐུང་ནང་ས་ཁུལ་དེ་ཡོངས་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་སྦྲགས་མངའ་རིས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་༩ཡིས་དཀའ་ངལ་ལས་རྣམ་པར་རྒྱལ་བ་དང་འཕེལ་རྒྱས་མགྱོགས་སུ་གཏོང་བའི་ཡིད་ཆེས་དང་ཆོད་སེམས་སྔར་བས་ཆེ་རུ་སོང་བ་རེད།
 
ལོ་ངོ་༢༠རིང་ཧོ་པེ་ཞིང་ཆེན་དང་ཧྲའན་ཤིས་ཞིང་ཆེན་གཉིས་ཀྱིས་ཁག་བདུན་མངགས་པའི་བོད་སྐྱོར་ལས་བྱེད་པ་དང་དགེ་རྒན། སྨན་པ་བཅས་ཁྱོན་མི་གྲངས་༤༢༦ཁྲོད་ཧོ་པེ་ནས་༢༡༩དང་ཧྲའན་ཤིས་ཞིང་ཆེན་ནས་༢༠༧ཡོད་པ་དེ་དག་གིས་ཆེད་ལས་ལག་རྩལ་པ་སྣ་ཚོགས་མི་ཐེངས་༡༠༨༦གསོ་སྐྱོང་བྱས་ཤིང་བོད་སྐྱོར་ལས་བྱེད་པས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ནས་མངའ་རིས་རང་ཉིད་ཀྱི་ཕ་ཡུལ་གཉིས་པར་བརྩིས་བ་དང་མངའ་རིས་མང་ཚོགས་རང་ཉིད་ཀྱི་གཉེན་ཉེར་བསམས་ནས་ཡངས་ཤིང་རྒྱ་ཆེ་བའི་མཐོ་གྲང་གི་མངའ་རིས་ས་མཐོར་གཞིས་ཚུགས་པ་དང་ལས་ཀ་བྱས་ནས་ཀུན་གྱིས་བསྔགས་པའི་བོད་སྐྱོར་ལས་བྱེད་པའི་གཟུགས་བརྙན་བཟང་པོ་ཞིག་བཏོད་ཡོད་པ་མ་ཟད་ཧྲའན་ཤིས་ཞིང་ཆེན་གྱི་ཁག་དྲུག་པའི་བོད་སྐྱོར་ལས་བྱེད་པ་སྒར་རྫོང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་ཀྲང་ཡུས་འདྲ་བས་མངའ་རིས་ཀྱི་བོད་སྐྱོར་བྱ་གཞག་ལ་རང་ཉིད་ཀྱི་གཅེས་པའི་ཚེ་སྲོག་ཕུལ་བའི་དཔའ་བོ་དཔེ་བཟང་ཅན་ཡང་ཐོན་ཡོད་པ་རེད།
 
ད་ཆ་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་ལ་བསྐྱོད་ཚེ་གྲུབ་ལ་ཉེ་བའི་ཐོག་བརྩེགས་ཁང་ཆེན་མིག་ལམ་དུ་མཐོང་བ་དེ་ནི་ཧྲའན་ཤིས་ཞིང་ཆེན་གྱིལོ་ལྔ་ཚན་བཅུ་གཉིས་པའིརིང་མངའ་རིས་ལ་ཁ་གཏད་བསྐྲུན་རོགས་གྱི་རྣམ་གྲངས་གཙོ་བོའི་གྲས་ཤིག་དང་མགྱོགས་མྱུར་བེད་སྤྱོད་བྱེད་ལ་ཉེ་བའི་མངའ་རིས་ས་ཁུལ་གྱི་མྱུར་སྐྱོབ་ལྟེ་གནས་༡༢༠ཡིན་ཞིང་། རྣམ་གྲངས་དེར་རགས་རྩིས་བྱས་ན་སྒོར་ཁྲི་༢༢༢༥.༤བཏང་བར་ས་ཁྱོན་སྨི་ངོས་གྲུ་༣༧༠༤ཟིན་པར་ཁང་མིག་༤༠ལྷག་ཙམ་དང་ཉལ་ཁྲི་༨༠ལྷག་ཙམ་ཡོད་པ་དེ་དག་གིས་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་སྨན་བཅོས་མཐུན་རྐྱེན་དང་སྒྲིག་ཆས་ཀྱི་ཆ་རྐྱེན་སྔར་བས་ཆེས་ཆེར་བཟང་དུ་འགྲོ་རྒྱུ་མ་ཟད་སྨན་བཅོས་རོགས་སྐྱོབ་ཀྱི་ནུས་པའང་ཆེ་རུ་འགྲོ་རྒྱུ་རེད།
 
ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ལྟར་ཧོ་པེ་ཞིང་ཆེན་དང་ཧྲའན་ཤིས་ཞིང་ཆེན་གཉིས་ཀྱིས་བོད་སྐྱོར་མ་དངུལ་དང་རྣམ་གྲངས་ཞིང་འབྲོག་ཁུལ་དང་དམངས་འཚོར་འཁྱོག་རྒྱུར་མཐོང་ཆེན་པོ་བྱེད་ཅིང་དེའི་ནང་མྱུར་སྐྱོབ་ལྟེ་གནས༡༢༠རྣམ་གྲངས་ཚུད་ཡོད་ལ་སྒར་དང་སྤུ་ཧྲེང་། རྩྭ་མདའ། རུ་ཐོག་བཅས་རྫོང་བཞི་ཡི་བདེ་སྡོད་ལས་གྲྭ་སྔ་རྗེས་སུ་སྤེལ་བ་མ་ཟད་ས་ཁུལ་མ་བུ་བདེ་སྲུང་སྨན་ཁང་དང་སྒར་རྫོང་གི་ནུས་ཆེའི་ཉི་འོད་དྲོད་ཁང་ཆ་ལག་ཚང་བའི་རྣམ་གྲངས་སོགས་མང་ཚོགས་ཀྱི་འཚོ་བའི་ཁ་ཐབས་ལེགས་སུ་གཏོང་བ་དང་མང་ཚོགས་ཀྱི་དོན་དངོས་དཀའ་ངལ་སེལ་བའི་དམངས་འཚོའི་འདུ་འགོད་ཁག་གཅིག་ལག་ལེན་བསྟར་ལ་ལྷག་པར་དུ་བདེ་སྡོད་ལས་གྲྭ་ལས་རྫོང་བཞི་ཡི་ཞིང་འབྲོག་པ་༦༠%ཕན་པ་ཐོབ་ནས་མང་ཚོགས་ཀྱི་སྡོད་གནས་ཆ་རྐྱེན་དང་ཐོན་སྐྱེད་དང་འཚོ་བའི་ཁ་ཐབས་ཆེས་ཆེར་ལེགས་སུ་ཕྱིན་ནས་མང་ཚོགས་ལ་བོད་སྐྱོར་ལས་བྱུང་བའི་དོན་དངོས་ཀྱི་ཕན་པ་དང་འགྱུར་ལྡོག་དངོས་དངོས་རྗེན་རྗེན་ཚོར་ཐུབ་པ་བྱུང་སྟེ་ཏང་གི་བཀའ་ལ་ཉན་པ་དང་རྗེས་སུ་བསྙེགས་པའི་ཁོང་ཚོའི་ཡིད་ཆེས་དང་ཐོན་སྐྱེད་འཕེལ་རྒྱས་དང་དེ་བཞིན་ཁྱིམ་གཞིས་འཛུགས་པའི་སྙིང་སྟོབས་སྔར་བས་བརྟན་དུ་སོང་བ་རེད།
 
དྭངས་གཙང་གི་སེང་གེ་ཁ་འབབ་ལ་ཧོ་པེ་ཞིང་ཆེན་གྱིལོ་ལྔ་ཚན་བཅུ་གཉིས་པའིརིང་གི་མངའ་རིས་ཀྱི་ཁ་གཏད་རོགས་སྐྱོར་གྱི་རྣམ་གྲངས་གཙོ་བོའི་གྲས་ཡིན་པའི་གླང་ཆེན་ཁ་འབབ་ལམ་གྱི་སྤྲིན་ཟམ་འཇའ་ཚོན་བཞིན་རྣམ་པར་བཀྲ་བ་ཞིག་བསྐྲུན་ཡོད། ལས་གྲྭ་དེར་སེང་གེ་ཁ་འབབ་གྲོང་རྡལ་གྱིས་སེང་གེ་ཁ་འབབ་གཙོ་བོར་བྱས་པའི་ལྷོ་བྱང་ཕྱོགས་གཉིས་སུ་གྱེས་པའི་གྲོང་ཁྱེར་འཕེལ་རྒྱས་ཀྱི་སྤྱིའི་འཆར་བཀོད་ལག་ལེན་བསྟར་བར་ཁྱོན་སྒོར་ཁྲི་༡༠༨༦.༦༤བཏང་བ་འདི་ལོའི་ཟླ་༧པར་མཇུག་འགྲིལ་བ་དེས་ལྷོ་བྱང་གི་ངོགས་གཉིས་སུ་གནས་པའི་མང་ཚོགས་འགྲོ་སྐྱོད་ལ་སྟབས་ཧ་ཅང་བདེ་པོ་བྱུང་ནས་གྲོང་ཁྱེར་ལ་ཡུལ་ལྗོངས་གསར་པ་ཞིག་བསྣན་ཡོད།

  ཧོ་པེ་ཞིང་ཆེན་དང་ཧྲའན་ཤིས་ཞིང་ཆེན་གཉིས་ཀྱིས་ཁ་གཏད་རོགས་སྐྲུན་ལོ་ངོ་༢༠བྱས་པའི་ནང་གླང་ཆེན་ཁ་འབབ་ལམ་གྱི་སྤྲིན་ཟམ་དང་མངའ་རིས་ས་ཁུལ་གློག་བརྙན་དང་ཟློས་གར་ཁང་། མངའ་རིས་ས་ཁུལ་ལུས་རྩལ་ཐང་། སྒར་རྫོང་ཡུལ་སྐོར་ཞབས་ཞུ་ལྟེ་གནས་སོགས་ཚབ་མཚོན་རང་བཞིན་ལྡན་པའི་ཨར་སྐྲུན་ཁག་གཅིག་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་བཞིན་སེང་གེ་ཁ་འབབ་གྲོང་རྡལ་དང་སྒར། སྤུ་ཧྲེང་། རྩྭ་མདའ། རུ་ཐོག་བཅས་རྫོང་བཞི་ལ་སྔ་རྗེས་སུ་ཐོན་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་རྣམ་པར་འགྱུར་ལྡོག་ཆེས་ཆེར་བྱུང་སྟེ་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་སོང་བ་དང་རྫོང་༤ཡི་རྒྱལ་ནང་ཐོན་སྐྱེད་བསྡོམས་འབོར་ལོ་རེར་ཆ་སྙོམས་༡༢%ཡན་གྱི་མྱུར་ཚད་ཐོག་ནས་འཕེལ་རྒྱུར་སྐུལ་འཁྲིད་ཐུབ་པ་དང་ཆབས་ཅིག་ཞིང་ཆེན་གཉིས་ཀྱིས་རང་རང་སོ་སོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་ཇུས་འགོད་ཞིབ་འཇུག་ཁང་མངའ་རིས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཚན་པར་མངགས་ནས་སྤུ་ཧྲེང་དང་རྩྭ་མདའ་། རུ་ཐོག དགེ་རྒྱས། སྒེར་རྩེ། མཚོ་ཆེན་བཅས་རྫོང་མཁར་དྲུག་གི་སྤྱིའི་འཆར་བཀོད་བྱས་ནས་མངའ་རིས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཉིད་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་འཕེལ་རྒྱས་ཡོང་བ་དང་རྣམ་པ་ལེགས་སུ་འགྲོ་རྒྱུར་རྨང་གཞི་འདིང་ཐུབ་པ་བྱུང་ཡོད།
 
གཞན་ཡང་ཧོ་པེ་དང་ཧྲའན་ཤིས་ཞིང་ཆེན་གཉིས་ཀྱིས་མངའ་རིས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་མ་གཏོང་རྒྱུར་མཐོང་ཆེན་པོ་བྱས་ནས་ས་མཐོའི་ཆུ་སྔོན་གནམ་དྭངས་ཡོང་བ་བྱས་ཤིང་མངའ་རིས་ས་ཁུལ་གྱི་ས་བབ་མཐོ་ལ་སྐམ་ཤས་ཆེ་བའི་ས་ཆར་རྩྭ་འདེབས་ལག་རྩལ་གཅིག་སྡུད་དཔེ་སྟོན་ཁྱབ་གདལ་རྣམ་གྲངས་ལག་ལེན་བསྟར་ནས་མེ་ཏོག་སྨུག་པོ་བཞད་པའི་འབུ་སུ་ཧང་འདེབས་འཛུགས་དཔེ་སྟོན་རྟེན་གཞི་བཙུགས་པ་དང་སྤུས་ལེགས་རྩྭ་ཁ་ལས་སྣོན་དང་གསོག་འཇོག བེད་སྤྱོད་ནུས་ཆེའི་ལག་རྩལ་ལ་ཞིབ་འཇུག་དང་ཚོད་ལྟ་བྱས་ཏེ་མངའ་རིས་སུ་མི་ཐབས་ལ་བརྟེན་པའི་རྩྭ་འདེབས་ཀྱི་ཐབས་ལམ་གསར་པ་ཞིག་བཤངས་པས་ཚད་གཞི་ངེས་ཅན་ཐོག་ནས་རྩྭ་ཕྱུགས་དོ་སྙོམས་མེད་པའི་འགལ་བ་ཚབས་ཆེན་ཆུང་དུ་སོང་ནས་འབྲོག་ལས་རྒྱུན་བསྲིང་འཕེལ་རྒྱས་ཡོང་བར་རྨང་གཞི་བཟང་པོ་འདིང་ཐུབ་པ་བྱུང་ཡོད། བདེ་སྡོད་ལས་གྲྭ་དང་གྲོང་ཚོའི་རྣམ་པ་ཕྱོགས་བསྡུས་བཅོས་སྒྲིག དེ་བཞིན་ཆུ་མཁོ་འདོན་ལས་གྲྭ་སོགས་ལག་བསྟར་བྱས་པ་དང་བསྟུན་ནས་སྔར་བས་ཞིང་འབྲོག་ཁུལ་གྱི་སྲོལ་རྒྱུན་གྱི་འཚོ་བའི་རྣམ་པར་འགྱུར་ལྡོག་བྱུང་བ་དང་མི་རིགས་ཁག་གི་མང་ཚོགས་དེ་བས་ཤེས་དཔལ་དང་དེང་རབས། སྐྱེ་དངོས་བཅས་ཀྱི་འཚོ་བའི་ཕྱོགས་སུ་གོམ་སྟབས་སྤོ་བར་རོགས་རམ་བྱས་པ་རེད།
 
ཧོ་པེ་ཞིང་ཆེན་དང་ཧྲན་ཤིས་ཞིང་ཆེན་གཉིས་ཀྱི་བོད་སྐྱོར་རྣམ་གྲངས་ལག་ལེན་བསྟར་ནས་མངའ་རིས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆ་རྐྱེན་ཆེས་ཆེར་ལེགས་སུ་བཏང་བ་དང་མངའ་རིས་ས་ཁུལ་གྱི་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཁ་ཐབས་མུ་མཐུད་ཡག་ཏུ་འགྲོ་ཐུབ་པ་བྱས་པའི་ནང་ཞིང་འབྲོག་ཁུལ་ལ་༦༠%འཁྱོག་པ་ཕུད་དེ་བྱིངས་༤༠%དམངས་འཚོ་ལེགས་སུ་གཏོང་རྒྱུར་ཕྱོགས་ཡོདཅེས་མངའ་རིས་ས་ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་རོགས་སྐྲུན་དང་ལེན་ཁོའོ་ཡི་ཁོའོ་ཀྲང་ཀྲའོ་པིང་གིས་དེ་ལྟར་བཤད་རྗེས་ཁོང་གིསལོ་དེ་དག་ནང་མངའ་རིས་ལ་འགྱུར་བ་ཅི་བྱུང་བ་ཚང་མ་ནི་བོད་སྐྱོར་གྱི་རོགས་སྐྲུན་དང་ཁ་འབྲལ་ཐབས་མེདཅེས་བཤད།
 
ལོ་ངོ་༢༠ནི་མཐའ་མཇུག་གི་དམིགས་མིན་པར་འདི་ནི་འགོ་འཛུགས་ས་གསར་པ་ཞིག་རེད། ཧོ་པེ་ཞིང་ཆེན་དང་ཧྲན་ཤིས་ཞིང་ཆེན་གཉིས་ཀྱི་ཤུགས་ཆེའི་རོགས་སྐྱོར་སྒེར་སེམས་མེད་པའི་རོགས་སྐྱོར་འོག་དང་བོད་སྐྱོར་ལས་བྱེད་པ་མི་རེ་ངོ་རེའི་དཀའ་སྤྱད་འབད་བརྩོན་འོག་མངའ་རིས་ཀྱི་འཕེལ་རྒྱས་འདི་ནི་དེ་བས་རྒྱ་ཆེ་ལ་འཁོད་སྙོམས་པ་ཞིག་ཏུ་གྱུར་རྒྱུར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060