སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལྷ་ས་གྲོང་ཁྱེར་གྱིས་ཕུལ་བྱུང་གི་མི་དམངས་དགེ་རྒན་ལ་གཟེངས་བསྟོད་བྱས་པ།
སྤེལ་དུས། 2014-09-12   ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།   རྩོམ་སྒྲིག་པ།  ཚེ་རྡོར།

   སྤྱི་ཚེས ༡༠ ཉིན་གྱི་ཕྱི་དྲོ།  ལྷ་ས་གྲོང་ཁྱེར་གྱིས་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་རྟེན་འབྲེལ་གཟེངས་བསྟོད་ཀྱི་ཚོགས་ཆེན་འཚོགས་ནས།  ཕུལ་བྱུང་གི་མི་དམངས་ཀྱི་དགེ་རྒན་ལ་གཟེངས་བསྟོད་བྱས་ཏེ་སློབ་གསོའི་བྱ་གཞག་གོང་འཕེལ་ཆེན་པོ་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།  བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཆེ་དགྲ་ལྷ་ཚོགས་ཆེན་ལ་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
 
ཆེ་དགྲ་ལྷས་ལྷ་ས་གོང་འཕེལ་གཏོང་བའི་གཞི་རྩ་ནི་ཤེས་ལྡན་པ་ཡིན་པ་དང་འགག་རྩ་ནི་སློབ་གསོ་རེད།  འབྱུང་འགྱུར་ལ་ཁ་ཕྱོགས་དུས་ལྷ་སའི་སློབ་གསོར་སྔར་བྱུང་མྱོང་མེད་པའི་ལོ་རྒྱུས་ཀྱི་གོ་སྐབས་འཕྲད་ཡོད་ལ་སྔར་བྱུང་མྱོང་མེད་པའི་ལོ་རྒྱུས་ཀྱི་འོས་འགན་ཡང་འཕྲད་ཡོད་པས།  ལྟེ་བའི་གྲོང་ཁྱེར་གྱི་གནས་བབ་དང་པོའི་ནུས་པ་འདོན་སྤེལ་གང་ལེགས་ཀྱི་སྤྱིའི་བླང་བྱ་དང་།  མཛེས་སྡུག་ལྡན་པའི་ཁྱིམ་གཞིས་དང་བདེ་སྐྱིད་ལྡན་པའི་ལྷ་ས་འཛུགས་སྐྲུན་བྱེད་རྒྱུ་སོགས་ལ་བསྟུན་ནས།  སློབ་གསོའི་བསྒྱུར་བཅོས་དང་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེ་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060