སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་མི་ཚོགས་རིགས་ཆེན་པོ༩སྤྱི་ཕན་རང་བཞིན་གྱི་བཀོད་སྒྲིག་བྱ་ཡུལ་དུ་གཏན་འཁེལ་གནང་།
སྤེལ་དུས། 2014-09-18   ཡོང་ཁུངས། བོད་ལྗོངས་ཚོང་དོན་ཚགས་པར།   རྩོམ་སྒྲིག་པ།  བཀྲ་རྒྱལ་གྱིས་བསྒྱུར།

  འགྲིམ་འགྲུལ་ལས་རོགས་པ་དང་།  སྡོད་ཁུལ་ལས་རོགས་པ།  ལྗང་སྒྱུར་གཙང་སྦྲ་མཁན་ལ་སོགས་པ་ལྟ་བུ་བོད་ལྗོངས་ཀྱི་ལས་ཞུགས་ལས་དོན་ལ་ཤུགས་སྣོན་ཚད་ཇེ་ཆེར་ཕྱིན་པ་དང་བསྟུན་ནས། ལས་ཞུགས་དཀའ་ངལ་ཅན་གྱི་ཚོགས་པ་རིགས་ལ་ལས་ཞུགས་རོགས་སྐྱོར་བྱེད་པའི་སྤྱི་ཕན་རང་བཞིན་གྱི་ལས་གནས་དེ་རིམ་བཞིན་ཇེ་མང་དུ་སོང་འདུག     སྤྱི་ཕན་རང་བཞིན་གྱི་ལས་གནས་བདེ་ལེགས་ངང་འཕེལ་རྒྱས་འབྱུང་པར་ཇི་ལྟར་བྱས་ན་ད་གཟོད་ཁག་ཐེག་གནང་ཐུབ་པའི་ཐད་ནས།  ཉེ་ལམ་གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ནས་རྒྱུས་ལོན་བྱུང་པ་ལྟར་ན།  མིག་སྔར།  བོད་རང་སྐྱོང་ལྗོངས་སྲིད་གཞུང་གིསབོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོན་སྤེལ་དོ་དམ་སྐོར་གྱི་གནས་སྐབས་བྱེད་ཐབས》(གཤམ་དུབྱེད་ཐབསཅེས་བསྡུས་པབཀྲམས་ནས་ལག་བསྟར་བྱས་པ་དང་། དེས་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་དང་།  བཀོལ་སྤྱོད།  དོ་དམ་བཅས་སྔར་བས་ཚད་ལྡན་དུ་གཏོང་ཐུབ།

  དོགས་གནད་སེལ་པ

ཅི་ཞིག་ལ་སྤྱི་ཕན་རང་བཞིན་གྱི་ལས་གནས་ཟེར།

  གསར་འགོད་པས་བཅར་འདྲི་ལས་ཤེས་གསལ་ལྟར་ན།  གྲོང་མི་མང་དག་ཅིག་གིས་ལས་གནས་གང་དག་ནི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཡིན་པ་ཤེས་མི་འདུག    ཐེངས་འདིར་བྱེད་ཐབས》ཀྱིས་སྤྱི་ཕན་རང་བཞིན་གྱི་ལས་གནས་དེ་གང་ཡིན་པ་གཏན་འཁེལ་གསལ་པོ་གནང་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ལས་ཞུགས་སྐུལ་འདེད་ཁྲུའུ་ཡི་འབྲེལ་ཡོད་འགན་ཁུར་པས།  སྤྱི་ཕན་རང་བཞིན་གྱི་ལས་གནས་ནི་སྲིད་གཞུང་གིས་ལས་ཞུགས་དཀའ་ངལ་ཅན་གྱི་མི་སྣར་རོགས་སྐྱོར་བྱེད་ཐབས་ཤིག་རེད་མོད།  དེ་ནི་དོན་དངོས་ཀྱི་ལས་ཞུགས་དང་མི་འདྲ།       དེ་ལ་དུས་རིམ་རང་བཞིན་དང་  སྤྱི་ཕན་རང་བཞིན།  བར་བརྒལ་རང་བཞིན།  འཁོར་སྐྱོད་རང་བཞིན་བཅས་ཀྱི་ཁྱད་ཆོས་ལྡན།མིག་སྔར།  ལས་རིགས་ཁག་ཏུ་ལས་ཞུགས་གནོན་ཤུགས་ཆེན་པོ་ལྡན་པས།  ལས་ཞུགས་དཀའ་ངལ་ཅན་གྱི་མི་སྣས་སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་བར་བརྒལ་གནང་པ་དང་།  དུས་ཐུང་དུ་སྤྱི་ཚོགས་ཀྱི་འགྲན་རྩོད་དུ་ཞུགས་མི་དགོས་པ་མ་ཟད།  ཡོང་འབབ་ཀྱང་གཏན་འཇགས་ཡིན་པ་རེདཅེས་ངོ་སྤྲོད་གནང་བྱུང་།  འགན་ཁུར་པ་དེས།  རོགས་སྐྱོར་དུས་ཚད་བརྒལ་རྗེས།  ཁོ་ཚོའི་ལས་ཞུགས་ནུས་པ་དང་སྤྱི་ཚོགས་བསྟེན་ཚུལ་མཐོར་འདེགས་བྱུང་ཡོད་ན།   ལས་གནས་སྤར་ནས་ལས་ཀ་གཏན་འཇགས་ཅན་ལ་ཞུགས་ཐུབ་པ་ཡིན་ཟེར།

འགན་ཁུར་པ་དེས།  བྱེད་ཐབསསུ་སྤྱི་ཕན་རང་བཞིན་གྱི་ལས་གནས་ནི་ཐོན་སྤེལ་ངོ་བོ་དང་ཞབས་ཞུའི་ཁྱབ་ཁོངས་ལྟར་རིགས་བཞི་རུ་དབྱེ་ཡོད་དེ།   བྱེ་བྲག་ཏུ་སྲིད་གཞུང་སྡེ་ཁག་གི་སྤྱི་བའི་དོ་དམ་བྱེད་ནུས་ཐོན་སྤེལ་བྱེད་པའི་གཞོགས་འདེགས་རང་བཞིན་གྱི་གཞི་རིམ་སྤྱི་ཚོགས་དོ་དམ་དང་སྤྱི་བའི་ཞབས་ཞུའི་ལས་གནས།     ལས་ཁུངས་ཀྱིས་ཐོན་སྤེལ་གནང་པའི་སྤྱི་ཕན་རང་བཞིན་གྱི་ལས་གནས།   སྲིད་གཞུང་གི་གསབ་དངུལ་སྤྲོད་པ་དང་སྤྱི་ཚོགས་ཀྱི་ཐོན་སྤེལ་གནང་པའི་ལས་ཞུགས་དཀའ་ངལ་ཅན་བཀོད་སྒྲིག་དང་འཚམ་པའི་ཞབས་ཞུ་རང་བཞིན་གྱི་ལས་གནས་གཞན་དག  བོད་ལྗོངས་ཐོ་ཁུངས་ཀྱི་ལས་ཤོར་ཐོ་འགོད་གནང་པའི་སློབ་གྲྭ་ཆེ་འབྲིང་གི་སློབ་མར་སྲིད་གཞུང་གིས་ཐོན་སྤེལ་གནང་པའི་ཆེད་ལས་རང་བཞིན་དང་ལག་རྩལ་རང་བཞིན་གྱི་སྤྱི་ཕན་ལས་གནས་བཅས་སོ།

  བྱ་ཡུལ  མི་ཚོགས་རིགས་དགུའི་ལས་གནས་སྙན་ཞུ་ཕུལ་ཆོག

བྱེད་ཐབསནང་སྤྱི་ཕན་རང་བཞིན་ལས་གནས་བཀོད་སྒྲིག་བྱ་ཡུལ་ནི་བོད་ལྗོངས་ཀྱི་གྲོང་བརྡལ་ཐོ་ཁུངས་ལྡན་པའིཆེད་སྦྱོང་དང་འབྲིང་རིམ་སློབ་ཐོན་སློབ་མར་བོད་ལྗོངས་གྲོང་བརྡལ་ཁྱིམ་ཐོའི་ཚད་བཀག་མེདངལ་རྩོལ་ནུས་ཤུགས་དང་ལས་ཞུགས་རེ་བ་ལྡན་མཁན་དག་ཡིན་པ་དང་།  ལས་ཤོར་ཐོ་འགོད་དཔང་ཡིགབཟོས་ཚར་པ་མ་ཟད་རིམ་པ་གཅིག་པའི་ངལ་རྩོད་ལས་ཞུགས་ཞབས་ཞུ་སྡེ་ཁག་གི་ངོས་ལེན་བྱས་ཡོད་པའི་ལས་ཞུགས་དཀལ་ངལ་མི་སྣ་ཡིན་དགོས།

འགན་ཁར་པ་དེསསྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱིས་གཙོ་བོ་ལས་ཞུགས་དཀའ་ངལ་ཅན་གྱི་མི་སྣ་རིགས་དགུར་བཀོད་སྒྲིག་བྱེད་ཀྱི་ཡོདཟེར།

གཅིག རྒྱལ་གཉེར་ཁེ་ལས་སྒོ་གཏན་ཐོར་ཞིག་བྱུང་ནས་ངེས་པར་བཀོད་སྒྲིག་བྱེད་དགོས་པའི༣༥༤༥མི་སྣ(“༣༥༤༥མི་སྣ་ནི་ལོ་ན༣༥ལོན་སྐྱེས་མ་དང་ལོ་ན༤༥ལོན་པའི་སྐྱེས་པར་གོ

  གྲོང་བརྡལ་དུ་ལས་ཞུགས་གཅིག་ཀྱང་བྱས་མྱོང་མེད་པའི་ཁྱིམ་ཚང་གི་ཁོངས་མི།

གྲོང་བརྡལ་དུདབང་བོ་སྐྱོན་ཅནགྱི་དཔང་ཡིག་ལྡན་པའི་དབང་བོ་སྐྱོན་ཅན།

གྲོང་བརྡལ་གྱི་ཆེས་དམའི་འཚོ་བའི་འགན་སྲུང་ཕན་ཁེ་རག་པའི་མི་སྣ།

ལས་ཤོར་ཐོ་འགོད་ཀྱི་ཉིན་དེ་ནས་བཟུང་བསྟུད་མར་ཟླ༦ཡན་ལ་ལས་ཤོར་བྱུང་ཏེ་ལས་ཞུགས་མ་ཐུབ་པའི་གྲོང་བརྡལ་གྱི་ལས་ཤོར་མི་སྣ།

སྔོན་གཤེགས་དཔའ་བོའི་ཉེ་འབྲེལ།   དངོས་ཞབས་དམག་མིའི་བཟའ་ཟླ། དམག་ཁོངས་ནས་ཕྱིར་ཐོན་པའི་དམག་མི་རང་བདག་སྒོས་ལས་ཀ་བདམས་པའི་དམག་མི་ནས་ལས་བྱེད་དུ་སྒྱུར་པ་མི་འདུ།

གྲོང་བརྡལ་ལོ་ཆུང་བྱིས་པ་གཉོར་སྐྱོང་གནང་མཁན་ཉེ་གཅིག་ཁྱིམ་ཚང་གི་ཁོངས་མི།

ལས་ཤོར་ཐོ་འགོད་གནང་པའི་སློབ་གྲྭ་ཆེ་འབྲིང་གི་སློབ་ཐོན་སློབ་མ།

གྲོང་བརྡལ་གྱི་འཆར་འགོད་ཁུལ་དུ་ས་ཞིང་གཞུང་ལེན་བྱས་པའི་ལས་ཤོར་ཞིང་འབྲོག་མང་ཚོགས།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060