སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
མལ་གྲོ་གུང་དཀར་རྫོང་གིས་སྨན་བཅོས་རོགས་སྐྱོབ་བཅས་ཀྱི་མ་ལག་འཐུས་ཚང་དུ་བཏང་བ།
སྤེལ་དུས། 2014-09-18   ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།   རྩོམ་སྒྲིག་པ།  ནོར་བུ།

ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་གཏིང་ཟབ་བསྟར་ནས།  རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ན་ཚ་ལྟ་དཀའ་བའི་གནད་དོན་ཐག་གཅོད་བྱེད་ཆེད།  མལ་གྲོ་གུང་དཀར་རྫོང་གིས་སྨན་བཅོས་རོགས་སྐྱོབ་ཀྱི་གྲངས་ཚད་མཐོ་ཤོས་ཟིན་པ་དང་རོགས་སྐྱོབ་བསྡུར་གྲངས་མཐོ་རུ་གཏོང་བ།  སྨན་བཅོས་རོགས་སྐྱོབ་བྱེད་སྟངས་འཐུས་ཚང་བཟོ་བ།  ལྟ་སྐུལ་ཞིབ་བཤེར་ཁྱོན་ཡོངས་ནས་བྱེད་པ།  མ་དངུལ་དོ་དམ་ཚད་ལྡན་བཟོ་བ་སོགས་བྱས་ནས།  རྒྱུན་ཆད་མེད་པར་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་སྨན་བཅོས་ནད་བསྟེན་དང་སྨན་བཅོས་སྲོག་སྐྱོབ།  རོགས་སྐྱོབ་བཅས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་བ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན།  ད་ལོའི་ལོ་སྟོད་དུ་མལ་གྲོ་གུང་དཀར་རྫོང་གིས་ཞིང་འབྲོག་མང་ཚོགས་ཀྱི་སྨན་བཅོས་རོགས་སྐྱོབ་མ་དངུལ་སྒོར་ཁྲི་ཚོ ༢༡༧ ལྷག་ཙམ་རྩིས་ཞུ་བྱས་པ་རེད།  རྫོང་དེའི་སྨན་བཅོས་རོགས་སྐྱོབ་མ་དངུལ་ཐད་ཀྱི་གཏོང་སྒོ་སྒོར་ཁྲི་ཚོ ༡༢༠ མི་དམངས་སྨན་ཁང་གཉིས་པ་དང་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་སོགས་སྨན་ཁང་དྲུག་ལ་སྤྲད་པས།  གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་པ་བསྟེན་མཁན་མང་ཚོགས་ཚོའི་སྨན་བཅོས་དང་འགྲོ་སོང་རྩིས་ཞུ་ལམ་སེང་བྱེད་ཐུབ་ཅིང་།  ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མང་ཚོགས་ལ་ཞབས་ཞུ་དང་སྟབས་བདེ་བསྐྲུན་ཐུབ་ཡོད།
          མལ་གྲོ་གུང་དཀར་རྫོང་གིས་ལོ་ལྟར་རིམ་པ་དེ་གའི་ནོར་སྲིད་ནས་སྒོར་ཁྲི་ཚོ ༣༠༠ བཏང་སྟེ།  རྫོང་རིམ་པའི་ནད་ཆེན་རོགས་སྐྱོབ་ཀྱི་གཅེས་སེམས་ཐེབས་རྩ་བཙུགས་ནས་སྨན་བཅོས་གོང་གི་རོགས་སྐྱོབ་བྱེད་པ་དང་རོགས་སྐྱོབ་གོ་རིམ་སྟབས་བདེ་རུ་བཏང་ཡོད།  ད་བར་རྫོང་དེའི་ནད་ཆེན་རོགས་སྐྱོབ་ཀྱི་གཅེས་སེམས་ཐེབས་རྩས་མི ༢༡༠ ལ་ཕན་པ་ཐོབ་ཡོད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060