སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཆབ་མདོས་ཁྱད་ལྡན་གྱི་ཞིང་འབྲོག་ལས་འདེབས་གསོ་དང་འཕེལ་རྒྱས་ཤུགས་ཆེ་བཏང་བ།
སྤེལ་དུས། 2014-09-18   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རྡོར།

   ཉེ་བའི་ལོའི་ཚུན། ཆབ་མདོས་ཁྱད་ལྡན་གྱི་ཞིང་འབྲོག་ལས་འདེབས་གསོ་དང་འཕེལ་རྒྱས་ཤུགས་ཆེ་བཏང་ནས། ས་མཐོའི་ཁྱད་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་རྟེན་གཞི་དང་། ཁྱད་ལྡན་གྱི་ཞིང་འབྲོག་ལས་ཚོད་ལྟ་ཁུལ་བཟོ་སྐྲུན་བྱས་ཏེ། ཚད་ལྡན་ཅན་དང་། གཞི་ཁྱོན་ཅན། ཐོན་ལས་ཅན། དེང་དུས་ཅན་བཅས་སུ་ཁ་ཕྱོགས་ནས། ཕུལ་བྱུང་གི་ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱས་ཏེ། ཁྱད་ལྡན་གྱི་ཞིང་འབྲོག་ལས་ཀྱི་ཐོན་ལས་འཕེལ་རྒྱས་ཤུགས་ཆེ་བཏང་ཡོད་པ་རེད།

  སྤྱི་ཚེས༡༥ཉིན་གྱི་སྔ་དྲོ། ཉིན༣གསུམ་རིང་སྤེལ་བའི་ཆབ་མདོའི་ཁྱད་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་འགྲེམ་ཚོང་ཚོགས་འདུ་དེ་ཆབ་མདོ་གྲོང་བརྡལ་ཐན་ཅིང་ཐང་ཆེན་དུ་སྤེལ་བ་དང་། ཆབ་མདོ་ས་ཁུལ་དེ་བཞིན་རྫོང་༡༡ནས་ཡོང་བའི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་ཁེ་ལས་གཙ་བོ་དང་། ཚོང་དོན་རྒྱུན་འཁོར་གྱི་ཁེ་ལས། མི་རིགས་ལག་ཤེས་དེ་བཞིན་ཞིང་འབྲོག་མང་ཚོགས་ཀྱི་མཉམ་ལས་ཁང་སོགས་ཚན་པ༤༠འགྲེམ་སྟོན་ནང་ཞུགས་པས། ཚོང་པ་དང་གྲོང་མི་རྣམས་ཀྱི་ཡིད་དབང་འཕྲོག་ཡོད་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060