སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ལས་དོན་བརྟན་པོའི་ངང་སྐུལ་འདེད་བཏང་བ།
སྤེལ་དུས། 2014-09-18   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  བསོད་བསྟན་གྱིས་བསྒྱུར།

    མི་གཙོ་བོར་བྱེད་པ་དང་ཅན་བཞི་མཉམ་བགྲོད། འགྲེམ་ཚུལ་ལེགས་བསྒྱུར། སྐྱེ་དངོས་ཤེས་དཔལ། རིག་གནས་རྒྱུན་འཛིན་བཅས་ནི་རང་རྒྱལ་གྱི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ལམ་བུ་ཞིག་རེད། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་ནི་ཚང་མས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་ཞིག་རེད། བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ལས་དོན་གྱི་འཕེལ་རིམ་ཇི་འདྲ་ཡིན་མིན་ཐད་ཉེ་སྔོན་བོད་རང་སྐྱོང་ལྗོངས་སྡོད་ཁང་དང་འཛུགས་སྐྲུན་ཐིང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དོ་དམ་ཁྲུའུ་ཡི་ཀྲུའུ་རེན་ཁོའོ་ཡོན་ཆི་མིང་ཧུང་གིས་གནད་དོན་དེར་དམིགས་ནས་གསལ་འགྲེལ་གནང་བ་སྟེ། ལོ་རྒྱུས་དང་ས་ཁམས་སོགས་ཀྱི་ཆ་རྐྱེན་གྱིས་རྐྱེན་པས་བོད་ལྗོངས་ཀྱི་དཔལ་འབྱོར་རྨང་གཞི་དང་སྤྱི་ཚོགས་འཕེལ་རྒྱས་ཆ་རྐྱེན་ནང་སའི་སྤུན་ཟླའི་ཞིང་ཆེན་དང་བསྡུར་ཚེ་ཧེ་བག་ཆེ་ཙམ་ཡོད་པས་དེས་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་ངེས་པར་དུ་ཚང་དགོས་པའི་རང་ངོས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་གཏན་འཁེལ་བྱས་ཡོད།
 
ཆི་མིང་ཧུང་གིས་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ལས་དོན་སྔོན་ལ་ཚོད་ལྟ་བྱེད་པ་དང་དེ་རྗེས་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས་ཅེས་ལྷུག་པོར་གླེང་བ་དང་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་རིགས་ཁག་གི་ལས་དོན་བདེ་ལྷག་ངང་སྐུལ་འདེད་གཏོང་ཆེད་བོད་རང་སྐྱོང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ལས་དོན་སྐུལ་འདེད་ཀྱི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་བོད་རང་སྐྱོང་ལྗོངས་སྡོད་ཁང་དང་འཛུགས་སྐྲུན་ཐིང་གིས་འགོ་ཁྲིད་ཚོགས་ཆུང་གི་གཅིག་འགྱུར་བཀོད་སྒྲིག་འོག་ཀྲུང་དབྱང་གི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འབྲེལ་ཡོད་མཛུབ་ཁྲིད་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་གྱིས་ནན་ཏན་ངང་བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ལམ་ཕྱོགས་དང་བྱ་ཐབས་ལ་སྐུལ་འདེད་ཞིབ་འཇུག་བྱས་ཡོད་པ་རེད། མིག་སྔར་ད་བར། བོད་ལྗོངས་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ལས་དོན་ཚོགས་འདུ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཚོད་ལྟ་འགོ་འཛུགས་ཚོགས་འདུའི་གྲ་སྒྲིག་ལས་དོན་སྤྱིར་ན་ལེགས་གྲུབ་བྱས་ཟིན་པ་རེད།
  
བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ལས་དོན་ཇི་ལྟར་སྐུལ་འདེད་གཏོང་བའི་ཐད་ཆི་མིང་ཧུང་གིས་མུ་མཐུད་གསལ་འགྲེལ་གནང་བར། གོང་དུ་བརྗོད་པ་ཇི་བཞིན་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཐད་རང་ངོས་ཀྱི་ཁྱད་ཆོས་ལྡན་ཡོད་པ་དང་ང་ཚོས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་གཅིག་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤྱིར་བཏང་གི་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ་གྲོང་རྡལ་གྱི་ཕྱོགས་བསྡུས་ཐེག་ནུས་གོང་མཐོར་ཤུགས་ཆེ་བཏང་ནས་གཅིག་སྡུས་ཐོན་སྐྱེད་གྲུབ་ཆ་དང་སྔོ་ལྗང་གི་ཐན་ཉུང་ཐོན་ལས་གསར་པ་འཕེལ་རྒྱས་ལ་བརྟེན་ནས་དཔལ་འབྱོར་གྱི་གསོན་ཤུགས་ཆེར་གཏོང་དང་ལས་ཞུགས་རྒྱ་སྐྱེད། ལམ་ལུགས་ཀྱི་བཀག་རྒྱ་མེད་པར་བཟོ་བ་བཅས་བྱས་ཏེ་མི་འབོར་གྲོང་མི་ཅན་དུ་སྐུལ་འདེད་གཏོང་བ་དང་འབོད་བརྩོན་ཆེན་པོས་གྲོང་རྡལ་གྱིས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཕེལ་རིམ་ཁྲོད་ཀྱི་འཐེན་ཤུགས་གསོ་སྐྱོང་བྱ་དགོས། གཉིས་ནས་བོད་ལྗོངས་ཀྱིས་གྲོང་རྡལ་ཅན་གྱི་ཚད་གཞིར་ནན་བཤད་དང་མུན་འཐོམས་ཀྱིས་ཞིང་འབྲོག་པ་མང་ཚོགས་གྲོང་ཁྱེར་དུ་བསྐྱོད་རྒྱུར་བརྩོན་ལེན་གཏན་ནས་མི་བྱེད་ལ་བྱེད་མི་སྲིད་པས་མི་འབོར་གྲོང་མི་ཅན་དུ་སྤོ་བསྒྱུར་ལ་སྐུལ་འདེད་བྱེད་པའི་བརྒྱུད་རིམ་ཁྲོད་ཆ་ཚང་བའི་སྒོ་ནས་ཞིང་འབྲོག་པ་མང་ཚོགས་མི་སྒེར་གྱི་འདོད་མོས་ལ་བརྩི་འཇོག་བྱེད་ལ་དེ་བས་ཕྱོགས་བསྡུས་ཐོག་ནས་གྲོང་རྡལ་གྱི་སྡོད་ཁང་དང་ལས་ཞུགས། སྨན་བཅོས། སློབ་གསོ་སོགས་ཀྱི་གྲུབ་ཆའི་བསྡུ་ལེན་ནུས་པར་བསམ་གཞིགས་ཀྱིས་ནན་ཏན་ངང་སྔོན་ལ་ཚོད་ལྟ་བྱེད་པ་དང་དེ་རྗེས་བརྟན་པོའི་སྒོ་ནས་སྐུལ་འདེད་གཏོང་བའི་གལ་ཆེའི་རྩ་དོན་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱ་རྒྱུ་ཡིན་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060