ཉེ་སྔོན་ལྷ་ས་གྲོང་ཁྱེར་གྱིས་སྐབས་གཉིས་པའི་ལྷ་ས་གྲོང་ཁྱེར་གྱི་ཀུན་སྤྱོད་དཔེ་བཟང་ལ་བྱ་དགའ་སྤྲོད་པའི་མཛད་སྒོ་ཚོགས་པ་དང་སྤེན་པ་སྒྲོལ་མ་སོགས་མི་༢༢ལ་གཟེངས་རྟགས་སྤྲད་པ་རེད།
ཀུན་སྤྱོད་དཔེ་བཟང་དང་ཉེ་འགྲམ་གྱི་དཔེ་བཟང་མི་སྣའི་སྤྱོད་བཟང་དང་དྲང་བདེན་སོགས་དར་སྤེལ་གཏོང་ཆེད་དང་སྤྱི་ཚོགས་ཡོངས་ཀྱི་རྣམ་པའི་ཐོག་ནས་ཀུན་སྤྱོད་དཔེ་བཟང་ལ་སློབ་སྦྱོང་དང་ཀུན་སྤྱོད་དཔེ་བཟང་ལ་དོ་ཁུར། ཀུན་སྤྱོད་དཔེ་བཟང་ལ་སྤྱི་བཀུར། ཀུན་སྤྱོད་དཔེ་བཟང་བརྩོན་ལེན་བཅས་ཀྱི་རྣམ་པ་ལེགས་པོ་ཞིག་གྲུབ་པ་བྱ་ཆེད་བྱེད་སྒོས་ད་དུང་སྐབས་གསུམ་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་བསྟན་འཛིན་ཉི་མ་དང་རིན་ཆེན་ཟླ་བ། དེ་བཞིན་སྐབས་བཞི་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་ཉི་མ་ཕན་ཐོགས་སོགས་གདན་ཞུ་བྱས་ཏེ་ཚང་མར་ལག་ལེན་དངོས་ཀྱི་སྤྱོད་བཟང་མི་སྣའི་མི་སེམས་འགུལ་བའི་ཉམས་མྱོང་རོལ་མྱོང་བྱས་པ་རེད། བྱེད་སྒོའི་རྗེས་སུ་ལྷ་ས་གྲོང་ཁྱེར་གྱི་ཀུན་སྤྱོད་དཔེ་བཟང་དང་ཉེ་འགྲམ་གྱི་དཔེ་བཟང་མི་སྣའི་འཐུས་མིས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུན་མོང་ཐོག་ཀུན་སྤྱོད་དཔེ་བཟང་བརྩོན་ལེན་གྱི་གྲོས་འགོ་བཏོན་པ་རེད།