སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱི་ནང་དོན་མཚོན་པའི་དངོས་བཤུས་གློག་བརྙན་ཀྲུང་གོའི་དྲ་བ་ཁག་ཏུ་གཏོང་བའི་ཚ་རླབས་འཕྱུར་བ།
སྤེལ་དུས། 2016-05-06   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཁྲི་སེམས་དཔའ།

  ཀྲུང་གོའི་ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་འཁྲབ་ཁྲིད་པ་ཞིག་གིས་མངའ་རིས་ས་ཁུལ་གྱི་རང་བྱུང་དང་སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་མཚོན་པའི་དངོས་བཤུས་གློག་བརྙན་ཞིག་ཕབ་སྐྲུན་བྱས་པ་དེ། ཀྲུང་གོའི་ཤུགས་རྐྱེན་ཆེ་བའི་བརྙན་རིས་དྲ་ཚིགས་ཤིག་ཏུ་སྤེལ་བར་རྡེབ་ཚད་སྒྲིག་རིམ་གྱི་མདུན་གྲལ་ཟིན་པར་གྱུར། 2015ལོ་ནས་བཟུང་བོད་ལྗོངས་ཀྱི་ནང་དོན་མཚོན་པའི་དངོས་བཤུས་གློག་བརྙན་དེ་ཀྲུང་གོའི་བརྙན་འཕྲིན་དང་དྲ་བའི་ལས་སྟེགས་སུ་དར་ཁྱབ་ཆེན་པོ་བྱུང་། དེ་ཡིས་ནང་ལོགས་མང་ཚོགས་ཀྱིས་བོད་ལྗོངས་ལ་དོ་ཁུར་བྱེད་ཚད་ཇེ་ཆེར་འགྲོ་བ་མཚོན།
  《མཁའ་དབྱིངས་ཀྱི་མངའ་རིས་དང་མཁར་གྱང་གིས་བསྐོར་བའི་རྩ་མདའ》ཞེས་པའི་དངོས་བཤུས་གློག་བརྙན་འདིར། འཛམ་གླིང་ཐོག་མི་འབོར་འདུས་ཚད་ཆེས་ཆུང་བའི་མངའ་རིས་ཡུལ་གྱི་རྣམ་པ་ཞིབ་ཏུ་བཀོད་ཡོད།རྩ་མདའ་རྫོང་གི་ཡུལ་འདིར་དེ་སྔ་ས་མཁར་གྱིས་བསྐོར་བའི་ཡུལ་གྲུ་ཞེས་བརྗོད་པ་རེད། དེའི་རྒྱུ་མཚན་ནི་ཡུལ་འདིར་ཀྲུང་གོའི་རྒྱ་ཁྱོན་ཆེ་ཤོས་ཀྱི་ཡ་ཏན་ས་དབྱིབས་ཡོད་པས་རེད། ས་མཁར་གྱི་ཡུལ་འདི་ནི་ལོ3000 གྱི་ཡར་སྔོན་དུ་གནའ་བོའི་ཞང་ཞུང་གི་ཤེས་རིག་འབྱུང་གནས་དང་། ལོ་ངོ700 རིང་གི་ལོ་རྒྱུས་ཡོད་པའི་གུ་གེ་རྒྱལ་རབས་ཆགས་ས་ཡིན་ལ། དེ་བས་ཀྱང་བོད་བརྒྱུད་ནང་བསྟན་གྱི་བསྟན་པ་ཕྱི་དར་སྐབས་ཀྱི་འབྱུང་གནས་ཀྱང་ཡིན།
  “ས་མཁར་འདིས་སྔར་བཞིན་ཁྱིམ་གཞིས་དང་འབྲེལ་བའི་དྲན་པ་སྲུང་འཛིན་བྱས་ཡོད་ཅིང་། དེ་མི་རབས་ནས་མི་རབས་བར་མ་ཉམས་ན།ང་ཚོས་གོམ་མཚམས་ཡང་གཏན་ནས་འཇོག་མི་སྲིད”མངའ་རིས་སུ་འཚར་ལོངས་བྱུང་བའི་འཁྲབ་ཁྲིད་པ་ལྷག་པ་དངོས་གྲུབ་ཀྱིས་ངོ་སྤྲོད་བྱེད་དོན།ད་ལྟ་ས་གནས་དེ་གའི་གཞོན་ནུ་མང་པོ་ཞིག་གིས་རང་གི་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ལ་རྒྱུས་མངའ་དེ་ཙམ་ཟབ་མོ་མི་འདུག“ང་ཚོའི་ཚོགས་པས་གློག་བརྙན་འདི་བཟོ་བའི་ཐོག་མའི་དམིགས་ཡུལ་ནི།འོད་སྟོང་འཕྲོ་བའི་ཤེས་དཔལ་འདི་སྐྲུན་མཁན་མེས་པོ་རྣམས་དང་། གྲོང་གསེབ་ཏུ་ཁུ་སིམ་མེར་གནས་པའི་གནའ་བོའི་སྒྱུ་རྩལ་རྒྱུན་འཛིན་བྱེད་མཁན་གྱི་སྐྱེ་བོ་དེ་ཚོར་གུས་འདུད་ཞུ་བ་ཡིན་ལ། དེང་རབས་མངའ་རིས་ཀྱི་རིག་གནས་ཟིན་ཐོརའགོད་པ་དང་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པ་བཅས་ཀྱི་ཆེད་དུ་ཡང་ཡིན།
  2015ལོའི་ཟླ10པར། གློག་བརྙན་འདིས་སྐབས13པའི“གསེར་གྱི་དོམ་ཁྲའི“རྒྱལ་སྤྱིའི་དངོས་བཤུས་གློག་བརྙན་ལས་མི་ཚུལ་རིགས་ཀྱི་བྱ་དགའི་ནང་ཚུད། 1991ལོར་འགོ་བརྩམས་པའི“གསེར་གྱི་དོམ་ཁྲའི་བྱ་དགའ“ནི་ཨེ་ཤེ་ཡའི་གི་ཤུགས་རྐྱེན་ཆེ་ཤོས་ཡིན་པའི་རྒྱལ་སྤྱིའི་དངོས་བཤུས་གློག་བརྙན་གྱི་དཔྱད་འདེམས་བྱེད་སྒོའི་གྲས་ཤིག་ཡིན་པ་རེད། མིག་སྔར་གློག་བརྙན་དེ་ཐེང་ཤུན་དྲ་བའི་དངོས་བཤུས་གློག་བརྙན་འཕྲིན་ལམ་གྱི་རྡེབ་ཚད་མིང་ཐོའི་སྒྲིག་རིམ་གྱི་གྲལ་འགོ་ཟིན་ཡོད། 
  དེའི་ཡར་སྔོན་ཏེ། 2015ལོའི་ཟླ3པར་ཀྲུང་གོའི་ཐེངས་དང་པོར་ཁྱོན་ཡོངས་ནས་མཚོ་བོད་ས་མཐོའི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་གནས་ཚུལ་མཚོན་པའི་བརྙན་འཕྲིན་ཆེ་གྲས《འཛམ་གླིང་གི་ཡང་རྩེ》ཞེས་པ་གཏོང་འགོ་ཚུགས་པ་དང་། དེ་བ སྟན་རྗེས་རྒྱལ་ཁབ་ཕྱི་ནང་དུ་གྲུབ་འབྲས་བཟང་པོ་ཐོབ། ཡར་ཀླུང་གཙང་པོ་རྒྱབ་ལྗོངས་སུ་བྱས་པའི་དངོས་བཤུས་གློག་བརྙན《དགུ་ཚིགས》ཞེས་པ་ཡང་ན་ནིང་ཀྲུང་གོའི་བརྙན་འཕྲིན་དང་དྲ་བའི་སྨྱན་སྦྱོར་དུ་དར་ཁྱབ་ཆེན་པོ་བྱུང་།
  ལྷག་པས་བལྟས་ན། བོད་ལྗོངས་ཀྱི་ནང་དོན་མཚོན་པའི་དངོས་བཤུས་གློག་བརྙན་ལ་དགའ་བསུ་ཐོབ་པ་དེ་ནི་འཛམ་གླིང་གི་ཡང་རྩེར་གནས་པའི་བོད་ལྗོངས་དང་འཛམ་གླིང་གི་བར་ཐག་ཉེ་རུ་བཏང་བ་དང་། “དངོས་བཤུས་གློག་བརྙན་ནི་འཛམ་གླིང་གིས་བོད་ལྗོངས་ལ་རྒྱུས་ལོན་བྱེད་པའི་ཆེས་ཐད་ཀར་དང་ཆེས་བདེ་བགྲོད་ཀྱི་སྐར་ཁུང་ཞིག་ཡིན་པ་དང་། ཆ་འཕྲིན་དེ་དག་གི་རྐྱེན་གྱིས་འཛམ་གླིང་གི་བར་ཐག་ཀུན་ནས་བསྟུང་བ་རེད། ”
  འོན་ཏེ་ཁོང་གིས་ཀྱང་དྲིལ་བསྒྲགས་ལ་བརྩི་མཐོང་དང་། སྨྱན་སྦྱོར་གྱི་སྟོབས་ཤུགས་མངོན་པར་མཚོན་པའི་དུས་རབས་འདིར། སྨྱན་སྦྱོར་གང་འདོད་དུ་སྤྱོད་པའི་འཕེལ་ཕྱོགས་ཀྱང་ཐོན་བཞིན་ཡོད།“གང་ལགས་ཤེ་ན་། ཡ་མཚན་འཚོལ་ཐབས་དང་། རིག་གནས་ཀྱི་ཁྱད་པར་སོགས་ཀྱི་དབང་གིས་མ་གཞི་བོད་ཀྱི་ས་གཞི་འདིའི་སྟེང་དུ་གནས་ཡོད་པའི་དངོས་ཡོད་སྐོར་ཞིག་འགེབས་སླ་བ་རེད”ཟེར།
  ལྷག་པས“དེའི་ཕྱིར། བོད་ལྗོངས་ཀྱི་ནང་དོན་མཚོན་པའི་དངོས་བཤུས་གློག་བརྙན་ཕབ་སྐྲུན་བྱེད་པ་དེ། ཡུལ་འདིར་འཚོ་བ་རོལ་བའི་ང་ཚོར་མཚོན་ན། ལོ་རྒྱུས་སོར་ཆུད་དང་། རང་བྱུང་ཁམས་ལ་བརྩི་འཇོག དད་མོས་དང་གོམས་སྲོལ་ལ་བརྩི་འཇོག་བྱེད་པ་དེ་ནི་ང་ཚོའི་བཤོལ་ཐབས་བྲལ་བའི་འགན་འཁྲི་ཡིན ”ཡིན་ཟེར།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:2083958102@qq.com
ཁ་པར།:010-58336070