བོད་རང་སྐྱོང་ལྗོངས་རིམ་པའི་རྒྱུན་འཛིན་པ་རེར་ལོ་རེར་སྒོར་ཁྲི་1བར་མཐོ་རུ་གཏོང་རྒྱུ།
ཉེ་ཆར། རང་སྐྱོང་ལྗོངས་རིག་གནས་ཐིང་དང་ནོར་སྲིད་ཐིང་གིས་མཉམ་དུ《རང་སྐྱོང་ལྗོངས་རིམ་པའི་འཐུས་ཚབ་རྒྱུན་འཛིན་པར་སྤྲོད་རྒྱུའི་གསབ་དངུལ་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམས་པའི་ནང་། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་འཐུས་ཚབ་རྒྱུན་འཛིན་པའི་གསབ་དངུལ་ཚད་གཞི་དེ་མི་རེར་ལོ་རེར་སྒོར་5000ནས་སྒོར་10000བར་མཐོ་རུ་གཏོང་རྒྱུ་ཡིན་པ་འཁོད་ཡོད་པ་རེད།
བརྡ་ཐོའི་ནང་། ས་ཁུལ་དང་ཚན་པ་ཁག་གིས《བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་གསར་སྤེལ་བེད་སྤྱོད་ཀྱི་ཆེད་དམིགས་མ་དངུལ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》ཀྱི་གཏན་འབེབས་ལྟར། དུས་ཐོག་ཏུ་དངུལ་གྲངས་ཚང་བ་སྤྲད་ནས་ཆེད་དངུལ་ཆེད་སྤྱོད་ཐུབ་པ་བྱས་ཏེ། རྒྱུན་འཛིན་པར་གཟི་བརྗིད་དང་སྤོབས་པ་ཚོར་སེམས་སྔར་བས་འཕེལ་བར་བྱེད་པ་དང་། དགེ་ཕྲུག་འཁྲིད་ནས་ལག་རྩལ་སློབ་པའི་རྒྱུན་འཛིན་པའི་ཧུར་སེམས་དང་རང་རྟོགས་བསམ་པ་ཆེ་རུ་བཏང་སྟེ། རང་ལྗོངས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་བར་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།