སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ཀྱིས་ཀུན་སྤྱོད་དཔེ་བཟང་བ་དང་མིང་འདོན་བྱ་དགའ་ཐོབ་མཁན་ལ་གཟེངས་བསྟོད་བྱས་པ།
སྤེལ་དུས། 2016-11-08   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཆོས་སྒྲོན།
          གསར་འགོད་པར་རང་སྐྱོང་ལྗོངས་ཤེས་དཔལ་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་ཤེས་དཔལ་ཨུ་ལྷན་གྱི་2016ལོའི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་རང་སྐྱོང་ལྗོངས་ཤེས་དཔལ་གཞུང་དོན་ཁང་སོགས་སྡེ་ཚན་7གྱིས་ལྗོངས་ཡོངས་སུ་སྐབས་ལྔ་པའི་བོད་རང་སྐྱོང་ལྗོངས་ཀྱི་ཀུན་སྤྱོད་དཔེ་བཟང་དཔྱད་འདེམས་གཟེངས་བསྟོད་བྱེད་སྒོ་སྤེལ་བ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། དཔྱད་འདེམས་གཟེངས་བསྟོད་བྱེད་སྒོ་སྤེལ་བ་ནས་བཟུང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འཚོལ་ཞིབ་གཏིང་ཟབ་དང་། རིམ་པ་བཞིན་འོས་སྦྱོར། འགག་སྒོ་ནན་སྲུང་བཅས་བྱས་ཏེ་འོས་མི་350འོས་སྦྱོར་གོང་ཞུ་བྱས་ཡོད། དཔྱད་འདེམས་བྱེད་སྒོའི་གཞུང་དོན་ཁང་གིས་འོས་མིའི་བྱས་རྗེས་ཀྱི་དཔྱད་གཞི་རེ་རེ་བཞིན་འདེམས་སྒྲུག་དང་། དཔྱད་ཞིབ། ལེགས་སྒྲིག་བཅས་བྱས་མཐར་འོས་མི་182གཏན་འཁེལ་བྱུང་ཡོད། འོས་སྦྱོར་བྱས་པའི་དཔེ་བཟང་བ་ཚང་མ་བཀུར་འོས་པ་དང་། བློས་འགེལ་ཆོག་པ། གཤིབ་བདེ་བ། སློབ་སྦྱོང་བྱེད་འོས་པ་བཅས་ཡོང་ཆེད། དཔྱད་འདེམས་གཟེངས་བསྟོད་ཀྱི་ཚད་གཞི་ལྟར་ཐོག་མའི་དཔྱད་འདེམས་བྱས་རྗེས་འོས་མི་42བདམས་ཡོད། ལྗོངས་སྒྲིག་ཨུད་དང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་བསམ་འཆར་བསྡུ་ལེན་བྱས་རྗེས《བོད་ལྗོངས་ཉིན་རེའི་ཚགས་པར》དང་ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བའི་ཐོག《སྐབས་ལྔ་པའི་བོད་རང་སྐྱོང་ལྗོངས་ཀྱི་ཀུན་སྤྱོད་དཔེ་བཟང་ལ་སྤྱི་དམངས་ཀྱིས་འདེམས་ཤོག་འཕེན་པའི་སྤྱི་བསྒྲགས་དང་འོས་མིའི་བྱས་རྗེས་གཙོ་བོ》བཀོད་པ་དང་སྤྱི་དམངས་ཀྱིས་འདེམས་ཤོག་འཕངས་མཐར་འོས་མི་42ཁྲོད་ནས་སྐབས་ལྔ་པའི་བོད་རང་སྐྱོང་ལྗོངས་ཀྱི་ཀུན་སྤྱོད་དཔེ་བཟང་བ་12དང་ཀུན་སྤྱོད་དཔེ་བཟང་བའི་མིང་འདོན་བྱ་དགའ་ཐོབ་མཁན་30བདམས་ཡོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716