སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང་ལྷ་ས་སྣེའུ་ཁུལ་གསར་དུ་འཛུགས་རྒྱུ་ཡིན་པ།
སྤེལ་དུས། 2016-11-16   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  རིན་ཆེན།
          ལྷ་ས་དགོང་དྲོའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་གསལ། 《བོད་རང་སྐྱོང་ལྗོངས་བྱིས་པའི་སྨན་ཁང(ལྗོངས་བུ་བཙའ་དང་བྱིས་པའི་སྨན་ཁང)མ་བུ་བདེ་སྲུང་སྨན་ཁང་གི་འོས་སྐུལ་སྤྱི་བསྒྲགས》རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གི་དྲ་ཚིགས་ཐོག་སྤེལ་ནས་ཡོངས་བསྒྲགས་འོས་སྐུལ་བྱས་པ་རེད། སྔོན་དཔག་བྱས་ན་རྣམ་གྲངས་དེ་ཉེ་ཆར་སྐྲུན་འགོ་འཛུགས་རྒྱུ་དང་། ལས་ཡུན་ཟླ་30ཡིན་ལ། བསྐྲུན་ཚར་རྗེས་བྱིས་པ་སྐྱོབ་བཅོས་དང་སྦྲུམ་མར་འཕྲོད་སྦྱོར་གཙོ་བོར་འཛིན་པ་དང་ཆབས་ཅིག ནད་གཞི་གཞན་དག་བརྟག་བཅོས་ཞབས་ཞུ་ཡང་ཡོད་པའི་ཕྱོགས་བསྡུས་རང་བཞིན་གྱི་སྨན་བཅོས་སྒྲིག་གཞི་ཞིག་ཏུ་འགྱུར་རྒྱུ་ཡིན་པ་རེད།
          རྣམ་གྲངས་དེའི་བསྐྲུན་ཡུལ་ནི་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་བྲག་སྒོ་ལམ་ཆེན་གྱི་ནུབ་ཕྱོགས་དང་། ཨོ་རྩལ་ཁྲོམ་ཆེན་གྱི་ལྷོ་ཕྱོགས། མཚོ་ཁུག་ལམ་གྱི་བྱང་ཕྱོགས་བཅས་ཀྱི་མཚམས་ཁུལ་དུ་ཡོད་ལ་རྒྱ་ཁྱོན་མུའུ་60ཟིན་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་5.99ཟིན་རྒྱུ་ཡིན་པ་རེད། རྣམ་གྲངས་བསྐྲུན་རྗེས་ཀ་པ་རིམ་པ་གསུམ་པའི་བྱིས་པའི་སྨན་ཁང་དང་ཀ་པ་རིམ་པ་གསུམ་པའི་མ་བུ་བདེ་སྲུང་སྨན་ཁང་གི་ཚད་གཞི་ཟིན་རྒྱུ་ཡིན་པ་དེར་ནད་ཁྲི་ཁྱོན་650བཀོད་སྒྲིག་བྱེད་རྩིས་ཡོད་པ་ལས། བྱིས་པའི་སྨན་ཁང་དུ་ནད་ཁྲི་500དང་མ་བུ་བདེ་སྲུང་སྨན་ཁང་དུ་ནད་ཁྲི་150བཀོད་སྒྲིག་བྱེད་རྩིས་ཡོད་པ་རེད།
          བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་སྤྱི་ཚོགས་འཕེལ་རྒྱས་ཁྲུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་འཛུགས་སྐྲུན་ཁྲོད་དུ་དོས་དྲག་ཁང་དང་། སྒོ་བསྟེན་ཁང་། ནད་སྡོད་ཁང་སོགས་ཕན་ནུས་ཡན་ལག་ཁུལ་མང་པོ་ཞིག་ཡོད་པ་རེད། སྒོ་བསྟེན་ཁང་ལ་ཡང་མ་བུ་བདེ་སྲུང་སྤྱི་པའི་ཞབས་ཞུ་དང་སྣེའུ་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་གཉིས་ཡོད་ཅིང་། རྣམ་གྲངས་ཧྲིལ་པོའི་འཛུགས་སྐྲུན་གྱི་གྲུབ་ཆ་གཞན་དག་ནང་དུ་སྨན་བཅོས་ཕྱོགས་བསྡུས་ཐོག་ཁང་སོགས་ཀྱང་ཡོད་པ་རེད། བསྐྲུན་ཚར་རྗེས་ཀྱི་རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང་དེ་སྣེའུ་ཁུལ་གསར་གྱི་མཚོན་རྟགས་རང་བཞིན་གྱི་བཟོ་བཀོད་ཅིག་ཏུ་འགྱུར་རྒྱུ་ཡིན་པ་རེད། འགན་འཁུར་བ་དེས། རྣམ་གྲངས་དེ་མ་བསྐྲུན་གོང་བོད་ལྗོངས་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་མ་བུ་བདེ་སྲུང་སྨན་ཁང་མེད་པའི་ཞིང་ཆེན་འབའ་ཞིག་དེ་ཡིན་ལ། རྣམ་གྲངས་དེ་བསྐྲུན་ཚར་རྗེས་སྟོང་ཆ་འདི་སྐོང་ཐུབ་རྒྱུ་རེད་ཅེས་བཤད།
          ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་སྨན་ཁང་གསར་སྐྲུན་ལས་གྲྭ་ནི་ལྗོངས་ཡོངས་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཤིག་རེད། སྨན་ཁང་བསྐྲུན་རྗེས་ལྗོངས་ནང་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཚོའི་བུ་བཙའ་དང་བྱིས་པའི་འཕྲོད་བསྟེན་བདེ་སྲུང་སྨན་བཅོས་ཐད་ཀྱི་དགོས་མཁོ་གཞི་རྩའི་ཆ་ནས་སྐོང་ཐུབ་རྒྱུ་ཡིན་པ་མ་ཟད། རྩ་བའི་ཆ་ནས་སྦྲུམ་མ་དང་། ཕྲུ་གུ་སྐྱེས་མ་ཐག་པའི་སྐྱེད་མ། བྱིས་པ་བཅས་ཀྱི་སྨན་བཅོས་ཆ་རྐྱེན་དང་ཁོར་ཡུག་ལེགས་སུ་བཏང་ནས་ལྗོངས་ཡོངས་ཀྱི་ལོ་རེའི་སྒོ་བསྟེན་སྨན་བཅོས་བྱེད་ཚད་དང་ནད་སྡོད་མི་ཐེངས་མང་དུ་ནུས་ལྡན་བཏང་སྟེ་མིག་སྔའི་བྱིས་པ་དང་། སྦྲུམ་མ། ཕྲུ་གུ་སྐྱེས་མ་ཐག་པའི་སྐྱེད་མ་བཅས་ཀྱི་ནད་གཞི་བཅོས་དཀའ་བ་དང་ནད་སྡོད་བྱེད་དཀའ་བའི་རྣམ་པ་ཐག་གཅོད་བྱེད་ཐུབ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716