སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ལྷ་ས་གྲོང་ཁྱེར་གྱིས་2017ལོའི་རྒྱལ་ཡོངས་སྡེ་ཁུལ་གྱི་དྲ་རྒྱའི་དཔྱིད་གསར་མཚན་ཚོགས་ཕབ་འཇུག་བྱས་པ།
སྤེལ་དུས། 2017-01-17   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཆོས་སྒྲོན།
          དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་སྐབས་སུ་ཟླ་བ་གཉིས་ལྷག་ཙམ་རིང་ཛ་དྲག་གི་གྲ་སྒྲིག་ལས་དོན་སྤེལ་བ་བརྒྱུད། སྐབས་དྲུག་པའི“སྡེ་ཁུལ་དུ་བརྩེ་སེམས་འཆང་ཀྲུང་ཧྭའི་ཕུགས་འདུན་སྒྲུབ”ཅེས་པའི་2017ལོའི་རྒྱལ་ཡོངས་སྡེ་ཁུལ་གྱི་དྲ་རྒྱའི་དཔྱིད་གསར་མཚན་ཚོགས་ཉེ་དུས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཤང་ལྷོ་ངོ་གྲོང་ཚོར་བདེ་བླག་ངང་ཕབ་འཇུག་བྱས་ཤིང་། ཞབས་བྲོ་དང་། ཁེར་གཞས། འཁྲབ་ཚན་ཐུང་ངུ་སོགས་སྤྲོ་སེམས་རབ་ཏུ་འཁོལ་བའི་ལེ་ཚན་11རེས་མོས་ཀྱིས་འཁྲབ་སྟོན་བྱས་ཏེ་རྒྱ་ཆེའི་ལྟད་མོ་བ་ཚོར་མིག་གི་སྟོན་མོ་གཟབ་རྒྱས་བཤམས་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། “སྡེ་ཁུལ་དུ་བརྩེ་སེམས་འཆང་ཀྲུང་ཧྭའི་ཕུགས་འདུན་སྒྲུབ”ཅེས་པའི་རྒྱལ་ཡོངས་སྡེ་ཁུལ་གྱི་དྲ་རྒྱའི་དཔྱིད་གསར་མཚན་ཚོགས་བྱེད་སྒོས་རྒྱལ་ཡོངས་སྡེ་ཁུལ་གྱི་དྲ་རྒྱའི་དཔྱིད་གསར་མཚན་ཚོགས་ཀྱི་གར་སྟེགས་ཆེན་པོ་དེར་བརྟེན་ནས་ཤིན་ཧྭ་དྲ་བ་དང་། མི་དམངས་དྲ་བ། ཀྲུང་གོ་སྡེ་ཁུལ་དང་བླངས་པའི་ཞབས་ཞུའི་དྲ་བ་སོགས་དྲ་བའི་སྨྱན་སྦྱོར་500ལྷག་ཙམ་དང་དེ་བཞིན་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱི་བརྙན་འཕྲིན་ལས་ཁུངས་30ལྷག་ཙམ་བརྒྱུད་དྲ་རྒྱའི་ལས་སྟེགས་ཐོག་སྲོལ་རྒྱུན་རིག་གནས་ཁྱབ་སྤེལ་བཏང་སྟེ་རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱི་རིག་གནས་དང་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཡོད་པ་རེད། རྒྱ་ཆེའི་གྲོང་མི་ཚོས་སྐད་འཕྲིན་དང་APPབརྒྱུད་དྲ་ཐོག་ནས་དཔྱིད་གསར་མཚན་ཚོགས་ལྟ་ཆོག་པའམ་ཡང་ན་སྐད་འཕྲིན་དང་APPསོགས་བརྒྱུད་འདེམས་ཤོག་འཕེན་ཆོག
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716