སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཚན་རྩལ་གྱིས་བོད་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་འདེགས་གཏོང་རྒྱུར་རོགས་ཕན་བྱུང་བ།
སྤེལ་དུས། 2017-02-16   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རྣམ།
ལྗང་མདོག་ཐོན་མཐོ་རིམ་བཞིན་འཕེལ་ཕྱོགས་གཙོ་བོར་གྱུར་པ་དང་། མཁོ་སྤྲོད་དངོས་རྫས་ཀྱི་སྤུས་ཚད་རིམ་བཞིན་མཐོ་རུ་ཕྱིན་པ།
          བོད་ལྗོངས་ཀྱི་རྩི་ཤིང་བཟོ་གྲྭ་དང་། འཁོར་རྒྱུག་ཞིང་ལས། ནུས་རྒྱུ་གསར་པ། ཕྱོགས་བསྡུས་ཞིང་ལས་བཅས་གཞི་གཅིག་ཏུ་འདུས་པའི་ས་གཙང་ཞིང་ལས་ཚན་རྩལ་དཔེ་སྟོན་ལྟེ་གནས་ཤིག་ཡིན་པའི་ཆ་ནས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྲི་གྲོང་ས་གཙང་བདེ་ཐང་ཐོན་ལས་གླིང་ཁུལ་གྱི་ཚད་གཞི་མཐོ་བའི་དེང་རབས་ཅན་གྱི་བཞོན་མ་གསོ་ཚགས་ལྟེ་གནས་ཀྱིས་དེང་རབས་ཚན་རྩལ་ལ་བརྟེན་པས་གསོ་ཚགས་གཞི་ཁྱོན་བཞོན་མ་མགོ་གྲངས་2000ལྷག་ཙམ་ཟིན་པ་དང་། ཉིན་རེར་འོ་མ་ཐོན་ཚད་ཏུན་7ཟིན་པ་མ་ཟད། ད་དུང་འོ་མའི་དམིགས་ཚད་ཁག་ཚང་མ་རྒྱལ་སྤྱིའི་ཆུ་ཚད་ལས་མཐོ་བ་ཡོད་སྟབས་ཁྲོམ་རའི་འཛད་སྤྱོད་པ་ཚོའི་ཁས་ལེན་དང་གདེང་འཇོག་བཟང་པོ་རྒྱ་ཁྱབ་ངང་ཐོབ་ཡོད་པ་རེད། དེ་ནི་བོད་ལྗོངས་ཀྱི་ཞིང་འབྲོག་སྡེ་ཚན་དང་ཞིང་འབྲེལ་ཁེ་ལས་ཀྱིས་ཞིང་འབྲོག་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་དམ་པོར་གཞིགས་པ་དང་ཐོན་ཁུངས་ཀྱི་ལེགས་ཆར་གཞིགས་ནས་ཚན་རྩལ་འདེགས་སྐྱོར་དུ་བྱས་ཏེ་ཞིང་འབྲོག་ཐོན་རྫས་ཀྱི་མཁོ་སྤྲོད་སྤུས་ཚད་མཐོ་རུ་བཏང་བའི་གྲུབ་འབྲས་གཞན་ཞིག་ཡིན་པ་རེད།
          གསར་འགོད་པས་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ལམ་ལོ་ཤས་རིང་བོད་ལྗོངས་ཀྱིས་ཚན་རྩལ་གྱི་འདེགས་སྐྱོར་འགན་ལེན་བྱེད་རྒྱུ་དེ་ཞིང་འབྲོག་ལས་རྒྱུན་མཐུད་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་གསར་པ་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་2016ལོར་ལྗོངས་ཡོངས་ཀྱིས་རྒྱུད་པ་ལེགས་བཅོས་བྱས་པའི་བ་གླང་མགོ་གྲངས་ཁྲི་26ཟིན་པ་དང་། ལག་ཡོད་རྒྱུད་བཟང་ཕྱུགས་རིགས་མགོ་གྲངས་ཁྲི་420ཟིན་ནས་མགོ་གྲངས་ཁྲི་30མང་དུ་ཕྱིན་ནས་རྒྱུད་བཟང་ཕྱུགས་རིགས་ཁྱབ་ཚད་22.7%ཟིན་ཡོད་པ་རེད། ཞིང་ལས་ལོ་ཏོག་སྐྱེ་དངོས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞི་བསྐྲུན་ནས་ཞིང་ལས་ལོ་ཏོག་སོན་བཟང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཁྱབ་གདལ་རྒྱ་ཁྱོན་མུའུ་ཁྲི་227ཟིན་ནས་ཞིང་ལས་ལོ་ཏོག་སོན་བཟང་ཁྱབ་ཚད་85%ཟིན་ཡོད་པ་རེད། སྔོ་ཚལ་སྣ་ཁ་ནང་འདྲེན་བྱས་ནས་ཚོད་འདེབས་ཧུར་ཐག་བྱས་པས་མིག་སྔར་ལྗོངས་ཡོངས་ཀྱི་སྔོ་ཚལ་འདེབས་འཛུགས་སྣ་ཁ་120ལྷག་ཙམ་ཟིན་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱིས་ད་དུང་ལྗང་མདོག་ཐོན་མཐོ་དང་ཕན་འབྲས་ཆེ་ཁུལ་བཏོད་པ་དང་། ས་དཔྱད་ལུད་སྦྱོར། ཞིང་ལས་ལོ་ཏོག་གི་ནད་དང་འབུའི་གནོད་འཚེ་སྔོན་འགོག་གི་ཆེད་ལས་ཅན་གྱི་གཅིག་གྱུར་སྔོན་འགོག་དང་བཅོས་སྒྲིག་དང་ཉི་འོད་དྲོད་ཁང་དུ་ས་མེད་འདེབས་གསོ་སོགས་ཀྱི་ལག་རྩལ་ཚོད་ལྟའི་དཔེ་སྟོན་བྱེད་སྒོ་ཁྱབ་སྤེལ་བཏང་ནས་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་རྩྭ་གསོ་དོ་དམ་དང་། རྩྭ་ཐང་གི་ཨ་བྲ་དང་འབུའི་གནོད་འཚེ་འགོག་བཅོས། ཚན་རིག་དང་མཐུན་ལ་གཞི་ཁྱོན་ལྡན་པའི་གསོ་ཚགས་སོགས་ཀྱི་ཉེར་སྤྱོད་ལག་རྩལ་ཁྱབ་གདལ་གཏིང་ཟབ་བཏང་སྟེ་ཞིང་འབྲོག་ལས་ཐོན་སྐྱེད་ཁྲོད་ཀྱི་ཚན་རྩལ་གྱི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ཡོད་པ་རེད།
          གཞན་ཡང་། བོད་ལྗོངས་ཀྱིས་རང་སྐྱོང་ལྗོངས་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་དམིགས་ཚད་གལ་ཆེན་ལ་གཞིགས་ནས། ཞིང་འབྲོག་ཚན་རྩལ་གྱི་མཁོ་སྤྲོད་ནུས་པ་དང་གྲུབ་འབྲས་གཞན་སྒྱུར་ནུས་པ་ཆེ་རུ་མངོན་གསལ་དོད་པོ་བཏང་ཡོད་པ་རེད། གསར་འགོད་པས་ཞིང་འབྲོག་ཚན་རིག་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2016ལོར་ཁང་དེས་རྣམ་གྲངས་ཁག་232ལག་ལེན་བསྟར་བར་གྲོན་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་3.48ཟིན་ནས་དུས་མཚུངས་ལས་25.2%འཕར་ཡོད་པ་རེད། ཞིང་ཆེན་དང་པུའུ་ཡིས“ནས་དང་འབྲི་གཡག་གི་ཐོན་ཁུངས་དང་རྒྱུད་པ་ལེགས་བཅོས་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང”གི་སྒོ་བྱང་བཀལ་ནས་བཙུགས་ཏེ་བོད་ལྗོངས་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་འབའ་ཞིག་དེར་གྱུར་བ་དང་། ཞིང་ལས་ཡོན་ཧྲེའི་ལས་དོན་ས་ཚིགས་བཙུགས་ནས་བོད་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་རིག་མཛོད་གལ་ཆེན་དུ་གྱུར་ཡོད་པ་རེད། རྒྱལ་ཁབ་རིམ་པའི་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་དཔེ་སྟོན་རྟེན་གཞི་འཛུགས་རྒྱུའི་ཆོག་མཆན་ཐོབ་ནས་རིམ་པ་མཐོ་བའི་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུར་ཧ་ཅང་གལ་འགངས་ཆེ་བའི་ནུས་པ་ཐོན་ཡོད་པ་རེད།
          ཞིང་འབྲོག་ལས་ཀྱི་ཚན་རྩལ་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཚན་རྩལ་འབབ་འཕར་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་རང་ལྗོངས་ཀྱི་ཞིང་འབྲོག་པའི་འགྲོ་ལམ་དེ་བས་ཇེ་ཡངས་སུ་ཕྱིན་ཡོད་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716