སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ཀྱིས་ཆུ་བེད་སྒྲིག་བཀོད་ཀྱི་ཉམས་གསོའི་ལས་གྲྭ་ལག་བསྟར་བྱེད་འགོ་ཚུགས་པ།
སྤེལ་དུས། 2017-02-16   ཡོང་ཁུངས། མི་དམངས་ཉིན་ཚགས།   རྩོམ་སྒྲིག་པ།  རིན་ཆེན།
          2016ལོར་བོད་རང་སྐྱོང་ལྗོངས་སུ་ཆུ་ལོག་དང་ཞོད་སྐྱོན་ཚབས་ཆེན་བྱུང་ཞིང་། དེའི་རིང་ཆུ་བེད་ལས་གྲྭའི་སྒྲིག་བཀོད་ལ་གནོད་སྐྱོན་ཚབས་ཆེན་ཕོག་ནས་ཆུ་བེད་སྒྲིག་བཀོད་ལ་ཐད་ཀར་དཔལ་འབྱོར་གྱི་གྱོང་གུན་ཚབས་ཆེན་ཕོག་ཡོད་པ་རེད། ཆུ་བེད་པུའི་ཆུ་བེད་ལས་གྲྭའི་སྒྲིག་བཀོད་ཀྱི་ཉམས་གསོའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུའི་དགོངས་དོན་གཞིར་བཟུང་ཉིན་ཤས་གོང་བོད་ཀྱིས་ཆུ་བེད་སྒྲིག་བཀོད་ཀྱི་ཉམས་གསོའི་ལས་གྲྭ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་བོད་རང་སྐྱོང་ལྗོངས་ཆུ་བེད་ལས་གྲྭའི་སྒྲིག་བཀོད་ཀྱི་ཉམས་གསོའི་ལས་དོན་ལག་བསྟར་བྱེད་པའི་དུས་མཚམས་སུ་སླེབས་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་འབྲེལ་ཡོད་འགན་འཁུར་བས་2016ལོའི་ཟླ་12ཚེས་30ཉིན་ཆུ་བེད་པུས་ཆུ་བེད་ལས་གྲྭའི་སྒྲིག་བཀོད་ཀྱི་ཉམས་གསོའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་འཚོགས་ཏེ་འགན་འཁྲི་དང་ལས་འགན་དོན་འཁྱོལ་གྱིས་རྒྱལ་ཡོངས་ཀྱི་ཆུ་བེད་ལས་གྲྭ་སྒྲིག་བཀོད་ཀྱི་ཉམས་གསོའི་ལས་དོན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་2017ལོའི་ཆུ་མ་རྒྱས་གོང་ཉམས་གསོའི་ལས་འགན་ཆ་ཚང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
          བོད་རང་སྐྱོང་ལྗོངས་ཆུ་བེད་ལས་གྲྭ་སྒྲིག་བཀོད་ཀྱི་ཉམས་གསོའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྤེལ་ནས་ཉམས་གསོའི་ལས་འགན་དུས་བཀག་བཞིན་ལེགས་སྒྲུབ་བྱ་ཆེད། བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས《ཆུ་བེད་ལས་གྲྭའི་སྒྲིག་བཀོད་ཀྱི་ཉམས་གསོའི་ལས་དོན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་པའི་སྐོར་གྱི་བརྡ་ཐོ》བཏང་བ་རེད། དེ་དང་ཆབས་ཅིག བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས་གེགས་འགོག་གེགས་སེལ་དང་། འཆར་འགོད་ཇུས་འགོད། འཛུགས་སྐྲུན་དོ་དམ། ཞིང་ལས་ཆུ་བེད། ས་ཆུ་རྒྱུན་འཁྱོངས། སྤུས་བཤེར་བདེ་འཇགས། ཞིང་སྤྱོད་གློག ཆུ་དཔྱད། ཉེན་ཁ་མྱུར་སེལ་སོགས་སྡེ་ཚན་ལས་གྲུབ་པའི་འགོ་ཁྲིད་ཚོགས་ཆུང་ཆེད་མངགས་བཙུགས་ཏེ་ས་གནས་ཁག་གི་ཆུ་བེད་ལས་གྲྭའི་སྒྲིག་བཀོད་ཀྱི་ཉམས་གསོའི་ལས་དོན་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུ་རེད།
          བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ད་ཐེངས་ཀྱི་ཉམས་གསོའི་ལས་དོན་དེ་གྲོང་ཁྱེར(ས་གནས)ཁག་གི་ཆུ་བེད་ཅུས་ཀྱིས་གོང་ཞུ་བྱ་རྒྱུ་དང་ཉམས་གསོའི་རྣམ་གྲངས་གཙོ་བོའི་གྲས་སུ་2017ལོ་འཁོར་གྱི་བདེ་འཇགས་འབྲུབ་འགོག་ལ་ཤུགས་རྐྱེན་ཐེབས་པའི་ཆུ་མཛོད་དང་། ཆུ་གློག་ས་ཚིགས། ཆུ་རགས། ཆུ་དཔྱད་ཞིབ་བཤེར་ས་ཚིགས་སོགས་ཆུ་བེད་ལས་གྲྭའི་སྒྲིག་བཀོད་ཚུད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716