སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
“ལོ་གསར་གྱི་ལག་རྟགས”ཡག་ཤོས།
སྤེལ་དུས། 2017-02-20   ཡོང་ཁུངས། བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རྡོ།

རང་སྐྱོང་ལྗོངས་ཀྱི་2017ལོའི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན། བཅའ་ཁྲིམས། རྒྱལ་གཅེས་ཆོས་གཅེས་བཅས་དྲིལ་བསྒྲགས་ཀྱིགཤམ་སྤེལ་ལྔཡི་བྱེད་སྒོའི་སྐོར་གྱི་ཟུར་བྲིས།

          བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་སྐབས་འདིར་གངས་ལྗོངས་ས་མཐོར་དུས་ཆེན་གྱི་དགའ་སྤྲོའི་རྣམ་པས་ཁེངས། ཟླ་2ཚེས་17ཉིན་ཉི་འོད་ལྷག་པར་དྲོ་ཞིང་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣ་ཤང་དུས་བཞི་བཀྲ་ཤིས་གྲོང་ཚོའི་གྲོང་མིའི་བྱེད་སྒོ་ཐང་ཆེན་དུ་མི་ཚོགས་ཆེ་ལ་འཁྲུག་ཆ་དོད་ཅིང་། རང་སྐྱོང་ལྗོངས་ཀྱི་2017ལོའི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན། བཅའ་ཁྲིམས། རྒྱལ་གཅེས་ཆོས་གཅེས་བཅས་དྲིལ་བསྒྲགས་ཀྱིགཤམ་སྤེལ་ལྔའིབྱེད་སྒོ་འདི་གར་དངོས་སུ་སྤེལ་འགོ་ཚུགས་པ་རེད།

          དུས་བཞི་བཀྲ་ཤིས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་དབྱངས་སྐྱིད་ཀྱིས་དུས་བཞི་བཀྲ་ཤིས་གྲོང་ཚོ་ནི་ལྷ་ས་གྲོང་ཁྱེར་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གྲོང་ཚོའི་གྲས་ཤིག་ཡིན་ཞིང་། 2016ལོའི་ཟླ་12ཚེས་15ཉིན་དུད་ཚང་365ཡི་གྲོང་མི་2000ལྷག་ཙམ་དངོས་སུ་སྡོད་ཁང་གསར་པར་སྤོས་པ་རེད་ཅེས་ངོ་སྤྲོད་བྱས། ད་ཐེངས་ཀྱི་བྱེད་སྒོ་འདི་ཡུལ་གཞན་དུ་གནས་སྤོས་དུད་ཚང་གི་གྲོང་མི་ཡོངས་ལ་ལོ་གསར་གྱི་ལག་རྟགས་ཡག་ཤོས་ཤིག་སྤྲོད་ཆེད་སྤེལ་བ་ཞིག་རེད། ཁོང་ཚོས་ཞིང་འབྲོག་པ་མང་ཚོགས་དང་དགོན་སྡེའི་གྲྭ་བཙུན་རྣམས་ལ་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་དང་། སེམས་རྩ་འཁོལ་ལ་འཐུས་སྒོ་ཚང་བའི་སྒོ་ནས་སྨན་བཅོས་བྱས་པ། སྤྱོད་གོ་ཆོད་པའི་ཚན་རིག་གི་ཤེས་བྱ་དང་བཅའ་ཁྲིམས་སྐོར་གྱི་ཤེས་བྱ་འཆད་ཁྲིད་བྱས་པ། ཁ་ཚ་དགོས་གཏུག་གི་འཚོ་བའི་མཁོ་ཆས་བསྐྱལ་བ་བཅས་ཀྱིས་ང་ཚོར་བསམ་པའི་སྒུལ་ཤུགས་དེ་བས་ཆེན་པོ་ཞིག་སྦྱིན་ལ་ཞིང་འབྲོག་པ་མང་ཚོགས་དང་དགོན་སྡེའི་གྲྭ་བཙུན་རྣམས་ཀྱིས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་གང་ལེགས་ཚོར་ཐུབ་པ་བྱུང་སོངཞེས་བསོད་ནམས་དབྱངས་སྐྱིད་ཀྱིས་བཤད།

          “དེ་རིངགཤམ་སྤེལ་ལྔའིབྱེད་སྒོ་སྤེལ་རྒྱུ་ཡིན་པ་གོ་ཐོས་བྱུང་བས་ངས་ཞོགས་པ་སྔ་པོ་ནས་འདི་གར་ལྟ་བར་ཡོང་བ་ཡིནཞེས་ཚལ་སྣ་ཤང་གི་ཙུའུ་གསུམ་པའི་གྲོང་མི་ཚེ་རིང་བསམ་གྲུབ་ཀྱིས་ལག་ཏུཁྱིམ་སྤྱོད་གསོ་ཚགས་ལག་རྩལཞེས་པའི་དེབ་ཞིག་ཁྱེར་ཏེ་དེ་ལྟར་བཤད། ཁོང་གིསང་སྔར་ནས་ད་བར་གསོ་ཚགས་ལས་རིགས་ལ་ཞུགས་འདོད་ཆེན་པོ་ཡོད་ཀྱང་ལག་རྩལ་གྱི་ཚད་གཞི་མ་ལོན་པའི་སེམས་ཁྲལ་ཆེན་པོ་བྱུང་། དེ་རིང་ཚན་རྩལ་པས་ང་ལ་དེའི་སྐོར་གྱི་ཤེས་བྱ་ཞིབ་ཚགས་པོ་བསླབས་བྱུང་ལ་ཆེད་ལས་གསོ་ཚགས་ཀྱི་དཔེ་དེབ་ཀྱང་སྤྲད་བྱུང་། ངས་སློབ་སྦྱོང་ནན་ཏན་དང་ཚན་རིག་དང་མཐུན་པའི་གསོ་ཚགས་ཤེས་བྱ་མང་ཙམ་སྦྱངས་ཏེ་གསོ་ཚགས་ལས་ལ་གཞོལ་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་ཡིནཞེས་བཤད།

          ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་འགྲེམས་སྟེགས་མདུན་དུ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་སྨན་པ་སྒྲོལ་མ་བྲེལ་བ་ཤིན་ཏུ་ཆེ་ཞིང་ཡུད་ཙམ་ཡང་ངལ་གསོ་ཁོམ་མེད། ནད་བསྟེན་པར་ཡོང་མཁན་ཞིང་འབྲོག་མང་ཚོགས་ཟམ་མི་ཆད་ཅིང་། སྨན་པ་སྒྲོལ་མས་ངང་རྒྱུད་རིང་པོས་ནད་ལྟ་བ་མ་ཟད། ནད་གཞི་མི་འདྲ་བར་གཞིགས་ཏེ་སྨན་རིན་མི་དགོས་པར་སྨན་ཡང་སྤྲད།

          ལྗོངས་ཚན་རྩལ་ཐིང་དང་ཞིང་འབྲོག་ཐིང་གི་ཞབས་ཞུ་ས་ཚིགས་སུ་ལག་རྩལ་མི་སྣར་བློ་འདྲི་བྱེད་པར་ཡོང་བའི་ཞིང་འབྲོག་མང་ཚོགས་ཀྱིས་ཁེངས། ཁོང་ཚོས་རེས་མོས་བྱས་ཏེ་ལག་རྩལ་མི་སྣར་བློ་འདྲི་བྱས་ནས་མིག་སྔའི་དཔྱིད་འདེབས་དཔྱིད་ལས་ཀྱི་གྲ་སྒྲིག་ལས་དོན་ཐད་ཀྱི་ཤེས་བྱ་ཤེས་རྟོགས་བྱས། ལག་རྩལ་མི་སྣས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་རེ་རེ་བཞིན་ལ་ལན་བརྒྱབ་པ་མ་ཟད། ཁོང་ཚོར་འདེབས་འཛུགས་གསོ་ཚགས་ལག་རྩལ་སྐོར་གྱི་དེབ་དང་འབྲེལ་ཡོད་འདེབས་གསོའི་ལག་རྩལ་གྱི་འོད་སྡེར་ཡང་སྤྲད་པ་དག་ནི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོའི་ངོས་ནས་བརྗོད་ན་སྤྱོད་གོ་ཆོད་པ་ཤ་སྟག་རེད།

          དེ་དང་ཆབས་ཅིག་ལས་དོན་པས་འཁྱེར་བའི་རིག་ནུས་ཀྱི་འཕྲུལ་མི་དང་VRམིག་ཤེལ་སོགས་ངོ་མཚར་ཆེ་བའི་ཅ་དངོས་གསར་པས་གྲོང་མི་དང་ཕྲུ་གུ་འབོར་ཆེན་ཞིག་གི་ཡིད་དབང་འཕྲོགས།

          “ང་ཚོས་ཚན་རིག་ཁྱབ་གདལ་གྱི་ཀློག་དེབ་དང་སྔོན་འགྲོའི་ཚན་རྩལ་གྱི་གྲུབ་འབྲས་གསར་ཤོས་ཁག་གཅིག་འཁྱེར་བ་དེ་དག་ས་ཆ་དེ་གའི་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་རྣམས་ལ་བསྟན་ནས་ཁོང་ཚོར་ཆུང་དུས་ནས་ཚན་རིག་སྦྱོང་བ་དང་ཚན་རིག་ལ་དགའ་ཞེན་བྱེད་པའི་འདུ་ཤེས་ཤིག་འཇགས་པ་བྱ་རྒྱུ་ཡིནཞེས་བྱེད་སྒོར་ཞུགས་མཁན་ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་བརྟག་ཞིབ་པ་གཞོན་པ་པ་སངས་ཚེ་རིང་གིས་བཤད། གཞན་ཡང་ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་དང་གཞོན་ནུ་ལོ་ཆུང་ནི་ཚན་རིག་ཡར་ཐོན་གྱི་གསོན་ཤུགས་དམག་རེད། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་གཞོན་ནུ་ལོ་ཆུང་རྣམས་ལ་ཤུགས་རྐྱེན་ཡག་པོ་ཞིག་ཐེབས་རྒྱུའི་རེ་བ་ཡོད་ཅེས་པ་སངས་ཚེ་རིང་གིས་བཤད།

          བཅའ་ཁྲིམས་དྲིལ་བསྒྲགས་ཀྱི་འགྲེམས་སྟེགས་མདུན་དུ་ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱི་སྤེན་སྒྲོན་གྱིས་དངོས་ཡོད་འཚོ་བ་དང་ཟུང་འབྲེལ་བྱས་ཏེ་རྒྱ་ཆེའི་མང་ཚོགས་ལ་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་གཏོང་བཞིན་ཡོད། ཁོང་གིས་ད་ཐེངས་ཀྱི་བྱེད་སྒོའི་གཙོ་གནད་ནི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དྲིལ་བསྒྲགས་བྱ་རྒྱུ་དེ་ཡིན། ང་ཚོས་ད་དུང་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གོ་བདེ་རྟོགས་སླའི་རི་མོ་ནས་བཅའ་ཁྲིམས་ཤེས་བྱ་སྒྲོག་འགྲེལ་བྱེད་བཞིན་ཡོད། སླད་ཕྱིན་ཞིང་འབྲོག་པས་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་ཐུབ་པའི་རེ་བ་འཆང་གི་ཡོད་ཅེས་གསར་འགོད་པར་བཤད།

          སྲིད་ཇུས་ལ་བརྟེན་ནས་དམངས་སེམས་སྒྲིལ་བ་དང་། རིག་གནས་ལ་བརྟེན་ནས་དམངས་ལ་ཕན་པ་འདོགས་པ། བཅའ་ཁྲིམས་ལ་བརྟེན་ནས་དམངས་ལ་སྲུང་སྐྱོང་། ཚན་རྩལ་ལ་བརྟེན་ནས་དམངས་རྣམས་ཕྱུག་པོའི་ལམ་དུ་འཁྲིད་པ། འཕྲོད་བསྟེན་ལ་བརྟེན་ནས་དམངས་རྣམས་བདེ་ཐང་ཡོང་བ་བཅས་ཀྱིགཤམ་སྤེལ་ལྔའིབྱེད་སྒོ་སྤེལ་ནས་ཞིང་འབྲོག་མང་ཚོགས་དང་རྒྱ་ཆེའི་གྲྭ་བཙུན་རྣམས་ལལོ་གསར་གྱི་ལག་རྟགསཡག་ཤོས་ཤིག་སྤྲད་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716