སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་བྱ་རྒྱུ་དེ་བོད་ལྗོངས་ཀྱི་དངུལ་རྩའི་དབུལ་སྐྱོར་གཙོ་བོར་གྱུར་པ།
སྤེལ་དུས། 2017-02-21   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  རྡོ་རྗེ།
མང་ཚོགས་དབུལ་པོ་དབུལ་སྒྲོལ་ཡོང་བར་ཐབས་ལམ་བཏོན་ནས།
          གསར་འགོད་པས་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ནས་ཤེས་རྟོགས་བྱས་པ་ལྟར་ན། ད་ལོར་བོད་ལྗོངས་ཀྱི་དངུལ་རྩའི་གནད་སྨིན་དབུལ་སྐྱོར་གྱི་ལས་ཀའི་ལྟེ་བ་དེ་ཐོན་ལས་དབུལ་སྒྲོལ་ལ་ཕྱོགས་པ་དང་ཐོན་ལས་དབུལ་སྐྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་དབུལ་པོ་མཉམ་ཞུགས་ལམ་སྲོལ་དང་ཕན་འབྲས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་མང་ཚོགས་དབུལ་པོ་དབུལ་སྒྲོལ་གྱི་ཐབས་ཤེས་རྙེད་ཡོད།
          གནད་སྨིན་དབུལ་སྐྱོར་ལ་སྐུལ་མ་ཏན་ཏིག་བཏང་ནས་ཕན་འབྲས་མངོན་ཆེད་བོད་ལྗོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ཀྱིས་དངུལ་རྩའི་དབུལ་སྐྱོར་སྲིད་ཇུས་དང་བྱེད་ཐབས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་ཇུས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། དབུལ་སྐྱོར་སྐྱེད་གསབ་དངུལ་བུན་གྱི་བརྒྱུད་རིམ་ལེགས་སུ་གཏོང་བ། དངུལ་བུན་ཆོག་འཐུས་ཀྱི་ཆ་རྐྱེན་ཁ་གསལ་བཟོས་ནས་དངུལ་རྩའི་སྒྲིག་གཞི་སྣ་ཚོགས་ལ་རྒྱབ་སྐྱོར་བྱས་ཏེ་དབུལ་སྐྱོར་སྐྱེད་གསབ་ཀྱི་དངུལ་བུན་སྤྲད་ཅིང་། མི་དམངས་དངུལ་ཁང་གི་གྲོང་ཁྱེར(ས་ཁུལ)ཁག་གི་ལྟེ་བའི་ཉིང་ལག་དངུལ་ཁང་གིས་དངུལ་རྩའི་གནད་སྨིན་དབུལ་སྐྱོར་གྱི་བསྡོམས་རྩིས་ལྟ་སྐུལ་ཚད་ལེན་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། དངུལ་ལོར་སྲིད་ཇུས་སྤྱོད་པའི་ཕན་འབྲས་དང་། ཡིད་རྟོན་དངུལ་བུན་མ་འཇོག ཡིད་རྟོན་དངུལ་བུན་གྱི་ཐོན་རྫས། སྐྱེད་ཀ་དང་རྨང་གཞིའི་དངུལ་རྩའི་ཞབས་ཞུའི་ཆ་འཕྲིན་བཅས་ཀྱི་དམིགས་ཚད་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དངུལ་རྩའི་གནད་སྨིན་དབུལ་སྐྱོར་ལས་ཀའི་འཕེལ་རིམ་ལ་བབ་བསྟུན་ལྟ་སྐུལ་ཚད་ལེན་ངང་དབྱེ་ཞིབ་བྱེད་པ། དངུལ་རྩའི་གནད་སྨིན་དབུལ་སྐྱོར་གྱི་ཆ་འཕྲིན་ཁོངས་གཏོགས་འཛུགས་སྐྱོང་གི་བེད་སྤྱོད་ཕན་འབྲས་ལེགས་སུ་གཏོང་བ་བཅས་བྱས་ཡོད། གཙོ་གཉེར་དངུལ་ཁང་ཁག་ལ་སྐུལ་མ་བཏང་ནས་ཆེད་དམིགས་ཀྱི་གནད་སྨིན་དབུལ་སྐྱོར་གྱི་དངུལ་བུན་དོ་དམ་ལམ་ལུགས་འཛུགས་པ་དང་། གནད་སྨིན་དབུལ་སྐྱོར་གྱི་དངུལ་བུན་གྱི་རྩིས་ཁྲ་ཨ་མ་དང་རྩིས་ཐོ་ཞིབ་གསལ་བཟོ་བ། དངུལ་བུན་སྤྲོད་པར་གྲོང་ཚོ་དང་། དུད་ཁྱིམ། མི། ཁེ་ལས། རྣམ་གྲངས་བཅས་ལ་འཕྱུགས་མེད་འབྲེལ་མཐུད་ཀྱིས་དངུལ་བུན་གྱི་གནས་ཚུལ་ཐད་བབ་བསྟུན་ངང་དོ་དམ་བྱས་ཏེ་དུས་ངེས་ཅན་ཐོག་དངུལ་རྩའི་གནད་སྨིན་དབུལ་སྐྱོར་གྱི་ཆ་འཕྲིན་ཁོངས་གཏོགས་ལ་དངུལ་བུན་གྱི་གཞི་གྲངས་དང་འབྲེལ་ཡོད་ཀྱི་གནས་ཚུལ་ཞུ་རྒྱུར་འགན་ལེན་བྱས་ཡོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716