སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ཏང་ཕྱིའི་འཐུས་མིས་དགའ་སྤྲོ་འཁོལ་བའི་ངང་བོད་ཀྱི་ལོ་གསར་བསུས་པ།
སྤེལ་དུས། 2017-02-22   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  རྡོ་རྗེ།
          ཚེས་20ཉིན་གྱི་ཕྱི་དྲོར། བོད་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ཏང་ཕྱིའི་འཐུས་མི་ལྷན་འཛོམས་ཀྱིས་མེ་བྱ་ལོའི་བོད་ཀྱི་ལོ་གསར་བསུས་ཤིང་། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་དང་། སྲིད་གཞུང་གི་ཇུས་འདྲི་བ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་བཅས་ཡིན་པའི་སྐལ་བཟང་ཚེ་རིང་ཕེབས་ནས་ཤིས་ཚིག་གསུངས་པ་རེད།
          སྐལ་བཟང་ཚེ་རིང་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཚང་མས་བོད་ཀྱི་འཕེལ་རྒྱས། བརྟན་ལྷིང་དང་འཐབ་ཕྱོགས་གཅིག་གྱུར་བྱ་གཞག་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་ལོ་གསར་གྱི་རྟེན་འབྲེལ་ཡང་ཞུས་ཤིང་། ཁོང་གིས་ཤིས་ཚིག་གསུང་སྐབས། 2016ལོར་རིམ་ཁག་འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱིས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པས་འཐབ་ཕྱོགས་གཅིག་གྱུར་བྱ་གཞག་ཁྱོན་ཡོངས་ནས་ལེགས་སུ་འགྲོ་བའི་དུས་སྐབས་གསར་པར་སླེབས་ཡོད། མི་རིགས་ཁག་དང་ལས་རིགས་ཁག་གི་ཏང་ཕྱིའི་འཐུས་མིས་བོད་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་མཉམ་དུ་སྐུལ་འདེད་བཏང་ནས་བློ་གཅིག་སེམས་གཅིག་གི་ཉམས་འགྱུར་གསར་པ་མངོན་ཡོད། གྲུབ་འབྲས་འདི་འདྲ་ཐོབ་པ་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་རིམ་ཁག་སྡེ་ཚན་ཁག་གི་ཡང་དག་པའི་འགོ་ཁྲིད་དང་དོ་ཁུར་དང་རྒྱབ་སྐྱོར་བཅས་དང་ཁ་འབྲལ་ཐབས་མེད་པ་མ་ཟད། ད་དུང་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་ཁོངས་མི་དང་ལྗོངས་ཡོངས་འཐབ་ཕྱོགས་གཅིག་གྱུར་ལས་བྱེད་པ་རྣམས་ཀྱི་ཐུན་མོང་གི་འབད་འཐབ་དང་ཡང་ཁ་འབྲལ་ཐབས་མེད་པ་རེད། ལོ་གསར་པའི་ནང་དུ། མི་རིགས་ཁག་དང་ལས་རིགས་ཁག་གི་ཏང་ཕྱིའི་འཐུས་མི་རྣམས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་དོན་ཁག་ཏན་ཏན་ཏིག་ཏིག་གིས་ཡག་པོ་བསྒྲུབ་རྒྱུའི་རེ་བ་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716