སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ཀྱིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ནོར་དོན་དོ་དམ་ལ་ཤུགས་སྣོན་བརྒྱབ་པ།
སྤེལ་དུས། 2017-02-22   ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   རྩོམ་སྒྲིག་པ།  ཚེ་རྣམ།
          ཉེ་ཆར་གསར་འགོད་པས་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་གཉིས་རིང་སྡོད་ཁང་འཛུགས་སྐྲུན་པུའུ་ཡིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྤྱོད་གཙང་ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་ཞིབ་བཤེར་བྱེད་སྐབས། དཔེར་ན། རྩིས་ཁྲ་བཟོ་རྒྱུ་ནན་པོ་མེད་པ་དང་། གཏན་འབེབས་དང་མ་མཐུན་པར་དངུལ་སྒྱུར་དངུལ་བཅོལ་བྱེད་པ། རྩིས་ཁྲའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་མི་བྱེད་པ། ལག་བསྟར་ལས་གནས་དང་མི་འཚམ་པ། ནང་ཁུལ་གཅུན་འདོམས་ལམ་ལུགས་འཐུས་སྒོ་ཚང་པོ་མེད་པ་སོགས་ཀྱི་གནད་དོན་ཐོན་ཡོད། ཉེ་ཆར་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ལྗོངས་ནོར་སྲིད་ཐིང་དང་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་དང་མཉམ་འབྲེལ་ཐོག་བརྡ་ཐོ་པར་འགྲེམས་བྱས་ནས། གྲོང་ཁྱེར་དང་ས་གནས་ཁག་གི་སྡོད་ཁང་འཛུགས་སྐྲུན་ཅུས་དང་མ་དངུལ་དོ་དམ་ལྟེ་གནས་ཁག་གིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ནོར་དོན་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ནོར་དོན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ནང་ཁུལ་གྱི་གཅུན་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ནང་ཁུལ་གྱི་ཞིབ་དཔྱད་ནན་དུ་གཏོང་བ། ཕྱི་ངོས་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། སྔོན་འགོག་ཚོད་འཛིན་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ། མ་དངུལ་གྱི་ཕན་འབྲས་མཐོ་རུ་གཏོང་བ་བཅས་བྱས་ནས་མ་དངུལ་བདེ་འཇགས་དང་ནུས་ལྡན་ངང་སྤྱོད་རྒྱུ་འགན་ལེན་བྱེད་པ་དང་འབྲེལ་སྡོད་ཁང་སྤྱི་གསོག་མ་དངུལ་བཅོལ་མཁན་ལས་བཟོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།
          《བརྡ་ཐོའི》ནང་གྲོང་ཁྱེར་དང་ས་གནས་ཁག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱིས་བཏོན་པའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ནོར་དོན་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་རབ་དང་རིམ་པར་གཞིགས་དགོས་པ་དང་འབྲེལ་ས་གནས་དེ་རང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དོ་དམ་ལྟེ་གནས་ཀྱི་ནང་ཁུལ་གྱི་ནོར་དོན་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ནོར་དོན་དོ་དམ་ཆུ་ཚད་མཐོ་རུ་བཏང་ནས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ནོར་དོན་དོ་དམ་གྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་ནོར་དཔལ་ནོར་དོན་ལམ་ལུགས་ལག་བསྟར་ནན་པོ་བྱེད་དགོས་པ་དང་། སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ཨུ་ལྷན་གྱི་ལྟ་སྐུལ་དོ་དམ་དང་ལས་ཀའི་གྲོས་རིམ་ལམ་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་བཏང་ནས་དོ་དམ་ཨུ་ལྷན་ཉམས་ཞན་ནུས་མེད་ཀྱི་སྣང་ཚུལ་ལ་རྦད་དེ་འགྱུར་ལྡོག་གཏོང་བ་དང་། སྤྱི་གསོག་མ་དངུལ་དོ་དམ་ཁྲོད་ཀྱི་དོ་དམ་ཨུ་ལྷན་གྱི་འཐབ་ཇུས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ལས་གནས་ཀྱི་འགན་འཁྲི་དང་། ལས་སྒོའི་ཞིབ་མཆན། རྩིས་པའི་ཞིབ་རྩིས། དམིགས་ཚད་ལས་རྗེས་དཔྱད་ཞིབ། འགན་འཁྲི་བདའ་འདེད་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྒྲིག་སྲོལ་ལམ་ལུགས་ལ་བརྟེན་ནས་ལས་དོན་དང་། མི། དབང་ཆ་བཅས་ལ་དོ་དམ་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་རྩིས་པའི་ཡིག་ཚགས་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཆ་འཕྲིན་ཡིག་ཚགས་ནང་འཇུག་པ་དང་། བསྡུ་རུབ། ལེགས་སྒྲིག བདག་གཉེར། འཚོལ་བཤེར། ཞིབ་དཔྱད་སོགས་ལྷུ་ཚིགས་ཀྱི་དོ་དམ་གསལ་པོ་བཟོ་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
          《བརྡ་ཐོའི》ནང་དོ་དམ་ལྟེ་གནས་ཁག་གི་ནང་ཁུལ་དུ་འགན་འཁྲི་མཐུན་སྦྱོར་དང་། ལས་འགན་ཁ་གསལ། དུས་བཀག་ཐོག་འབྲེལ་གཏུག་བཅས་བྱས་ཏེ་རང་འགན་གཙང་སྒྲུབ་དང་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ནང་ཁུལ་གྱི་ཞིབ་དཔྱད་ལམ་སྲོལ་ཆགས་པ་བྱེད་དགོས་པ་དང་། ནོར་དོན་གྱི་དངོས་དཔང་དང་། རྩིས་ཐོའི་དངོས་དཔང་། རྩིས་པའི་ཞུ་ཐོ། རྩིས་པའི་རྩིས་དེབ་སོགས་ནོར་དོན་ཆ་འཕྲིན་ལ་ཞིབ་དཔྱད་ནུས་ལྡན་བྱེད་པ་དང་འབྲེལ་ནོར་དོན་དོ་དམ་ཁྲོད་ཀྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་བྱས་ནས་དུས་བཀག་ནང་བཅོས་སྒྲིག་དོན་འཁྱོལ་བྱས་ཏེ་ནོར་དོན་དོ་དམ་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་དགོས་པ། མ་དངུལ་གྱི་ཡོང་ཁུངས་དང་གང་དུ་སྤྱོད་མིན་ཐོ་ཡག་པོ་འགོད་པ་དང་དངུལ་འབོར་དབང་ཚད་ཀྱི་ཚད་གཞི་དང་མ་དངུལ་གཏོང་སྤྲོད་བརྒྱུད་རིམ་ལ་ཞིབ་དཔྱད་ནན་པོ་བྱས་ནས་་མ་དངུལ་ཐད་ཉིན་རེར་གཙང་བཤེར་དང་ཟླ་རེར་མཇུག་རྩིས་བརྒྱབ་སྟེ་རྩིས་ཁྲ་དང་དངོས་དཔང་འཚམ་ཐུབ་པ་དང་རྩིས་ཁྲ་དང་དོན་དངོས་འཚམ་ཐུབ་པ། རྩིས་ཁྲ་དང་རེའུ་མིག་འཚམ་ཐུབ་པ་བཅས་བྱེད་དགོས་པ་གསལ་པོ་བཏོན་ཡོད།
          《བརྡ་ཐོའི》ནང་གྲོང་ཁྱེར་དང་ས་གནས་ཁག་གིས་ནོར་སྲིད་དང་། མི་དམངས་དངུལ་ཁང་། རྩིས་བཤེར་སོགས་སྡེ་ཚན་གྱི་མཛུབ་ཁྲིད་ལྟ་སྐུལ་དོ་དམ་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དོ་དམ་དང་བེད་སྤྱོད་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་ལམ་སྲོལ་བཙུགས་ཏེ་དོ་དམ་ལྟེ་གནས་ཁག་གིས་རང་འགུལ་ངང་རྩིས་བཤེར་སྡེ་ཚན་གྱིས་སྡོད་ཁང་སྤྱི་གསོག་མ་དངུལ་གི་དོ་དམ་དང་བེད་སྤྱོད་ཚུལ་གྱི་དངོས་ཡོད་རང་བཞིན་དང་། ལུགས་མཐུན་རང་བཞིན། ཕན་འབྲས་རང་བཞིན་བཅས་ཀྱི་ལྟ་སྐུལ་ཞིབ་བཤེར་དང་ལེན་བྱེད་དགོས་པ་དང་འབྲེལ་རྩིས་བཤེར་བྱས་པ་ལས་ཐོན་པའི་གནད་དོན་ལ་ལྟ་བསྡུར་ནན་ཏན་བྱེད་པ་དང་། དུས་ཐོག་ཏུ་བཅོས་སྒྲིག་དོན་འཁྱོལ་བྱས་ཏེ་འཕྲལ་དུ་སྤྱི་ཚོགས་ལ་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་འཁོར་སྐྱོད་གནས་ཚུལ་ཡོངས་བསྒྲགས་བྱས་ནས་རང་འགུལ་ངང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས་པ་དང་། 《སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྤྱོད་གཙང་དང་ཉེན་ཁ་སྔོན་འགོག་ཚོད་འཛིན་ཁྲིད་སྟོན》ལ་ལྟ་བསྡུར་བྱས་ནས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་འཐབ་ཇུས་དང་དོ་དམ་ཁྲོད་སྲིད་ཇུས་ལག་བསྟར་ཡག་པོ་མ་བྱུང་བ་དང་། ལས་གནས་འགན་འཁྲི་དོན་འཁྱོལ་ཡག་པ་མ་བྱུང་བ། དོ་དམ་འཁོར་རྒྱུག་ཚད་ལྡན་མེད་པ་སོགས་ཀྱི་སྤྱོད་གཙང་དང་ཉེན་ཁའི་གནས་ལ་གྲལ་བཤེར་ཞིབ་ཚགས་བྱས་ནས་རིམ་གྱིས་ལྟ་བསྡུར་དང་དོན་འཁྱོལ་བཅོས་སྒྲིག་བཅས་ཡོང་བ་བྱེད་དགོས། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་འབྲེལ་ཡོད་སྲིད་ཇུས་ཡག་པོ་སྤྱོད་པ་དང་གནད་ལ་འཁེལ་བའི་སྒོ་ནས་བེད་སྤྱོད་བྱས་ཏེ་རྒྱལ་ཁབ་ཀྱིས་བོད་ལ་དམིགས་བསལ་ལག་བསྟར་བྱས་པའི་སྤྱི་གསོག་མ་དངུལ་གྱི་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱེད་པ་དང་ལག་བསྟར་ཡག་པོ་བྱས་ནས་ནུས་ཤུགས་ཡོད་རྒུས་སྤྱི་གསོག་མ་དངུལ་འདོན་པ་དང་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ནས་སྤྱི་གསོག་མ་དངུལ་སྤྱོད་ཚད་མང་དུ་བཏང་སྟེ་ལས་བཟོ་དེ་བས་མང་པོས་སྡོད་ཁང་སྤྱི་གསོག་མ་དངུལ་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མཉམ་སྤྱོད་ཐུབ་པ་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716