སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱིས་ཁྲལ་སྡུད་བྱ་བའི་འགོ་ཡག་པོ་བརྩམས་ཏེ་དུས་མཉམ་ལས36.1%འཕར།
སྤེལ་དུས། 2017-02-23   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་སྒྲིག་པ།  རྡོ་རྗེ།
          གསར་འགོད་པས་བོད་ལྗོངས་ཁྲལ་དོན་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ཟླ1པོར་བོད་ལྗོངས་ཀྱི་རིམ་པ་སོ་སོའི་ཁྲལ་དོན་སྡེ་ཁག་གིས་དཔྱ་ཁྲལ་ཡོང་སྒོ་སྒོར་དུང་ཕྱུར47.19སྡུད་བར་རྩ་འཛུགས་བྱས་ཤིང་དུས་མཉམ་ལས36.1%འཕར་ཏེ་ཡོང་སྒོ་སྒོར་དུང་ཕྱུར12.53འཕར་སྣོན་བྱུང་།
          དབྱེ་ཞིབ་བྱས་པ་ལྟར་ན། ད་ལོའི་ཟླ1པོར་བོད་ལྗོངས་ཀྱི་ཁྲལ་སྡུད་ཡོང་སྒོ་དེ“ཐོན་ལས་གསུམ་པ་གཙོ་ཁྲིད་ཐོན་ལས་སུ་རྩིས་ཏེ། ཚོང་དོན་ཞབས་ཞུ་ལས་རིགས་དེ་སྲོག་ཤིང་ལས་རིགས་སུ་བཞག་པ་དང་། ཁེ་ལས་ཐོབ་ཁྲལ་ཁྲལ་རིགས་ཀྱི་གཙོ་བོར་འཛིན་པའི”ཁྲལ་ཁུངས་སྒྲིག་གཞི་ལ་རྟེན་ནས། ཟླ་འདིའི་ཁྲལ་སྡུད་ཡོང་སྒོའི85%ནི་ཐོན་ལས་གསུམ་པ་ལས་ཐོན་པ་ཡིན་ཞིང་། ཁྲལ་སྡུད་ཡོང་སྒོའི45%ནི་ཁེ་ལས་ཐོབ་ཁྲལ་ལས་ཐོན་པ་ཡིན་ཏེ། ཁྲལ་སྡུད་ཀྱི40%ནི་ཚོང་དོན་ཞབས་ཞུ་ལས་རིགས་ལས་ཐོན་པ་ཡིན་པས། 2017ལོའི་བོད་ལྗོངས་ཀྱི་ཟླ་དང་པོའི་དཔྱ་ཁྲལ་ཡོང་སྒོ་སྡུད་པའི་འགོ་ཡག་པོ་བརྩམས་ཏེ་ཟླ་གཅིག་གི་ཡོང་སྒོ་སྒོར་དུང་ཕྱུར40ལས་བརྒལ་བ་རེད། །
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716