སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ཀྱི་གྲོང་གསེབ་ས་ཞིང་ལམ་ལུགས་བསྒྱུར་བཅོས་ཀྱིས་ཞིང་པ་ཚོར་ས་ཞིང་ནས་ཕན་པ་དེ་བས་མང་བ་ཐོབ་པ།
སྤེལ་དུས། 2017-02-24   ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   རྩོམ་སྒྲིག་པ།  སྐལ་བཟང་བདེ་སྐྱིད་ཀྱིས་བསྒྱུར།
          བོད་ཀྱི་གྲོང་གསེབ་ས་ཞིང་ལམ་ལུགས་བསྒྱུར་བཅོས་ལས་དོན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཉེ་དུས་ལྷ་སར་སྐོང་ཚོགས་བྱས་པ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཞིང་བཟོ་གཞུང་ལས་ཁང་གི་མགྲིན་ཚབ་པས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ལ་གཅིག་ཐོག་དྲུག་སྣོན་གྱི་གྲོང་གསེབ་བསྒྱུར་བཅོས་ཚོད་ལྟ་ཁུལ་གྲུབ་ཟིན་ཡོད་པ་སྟེ། དེ་ཡང་རྒྱལ་ཁབ་རིམ་པའི་གྲོང་གསེབ་བསྒྱུར་བཅོས་ཚོད་ལྟ་ཁུལ་གཅིག་དང་རང་སྐྱོང་ལྗོངས་རིམ་པའི་གྲོང་གསེབ་བསྒྱུར་བཅོས་ཚོད་ལྟ་ཁུལ་དྲུག་བཅས་ཡོད་པ་རེད།
          མིག་སྔར་བོད་ཀྱི་རིམ་ཁག་གྲོང་གསེབ་བསྒྱུར་བཅོས་ཚོད་ལྟ་ཁུལ་གྱི་བསྒྱུར་བཅོས་ལས་འགན་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད་པ་དང་། ས་ཞིང་བསྡུ་ལེན་དང་། གྲོང་གསེབ་ཀྱི་མཉམ་སྡེབ་འཛུགས་སྐྲུན་རྣམ་པའི་བེད་སྤྱོད་ས་ཞིང་ཁྲོམ་རར་བཞུགས་པའི་བསྒྱུར་བཅོས་ཚོད་ལྟའི་ཇུས་གཞི་རེ་ཞུ་ཧུར་ཐག་བྱེད་བཞིན་ཡོད་པ་དང་། གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་བསྒྱུར་བཅོས་ལ་གཅིག་གྱུར་མཐུན་སྦྱོར་སྐུལ་འདེད་བྱེད་པའི་རྣམ་པ་ཞིག་ཆགས་རྒྱུ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱིས་༢༠༡༢ལོ་ནས་གྲོང་གསེབ་བསྒྱུར་བཅོས་ཚོད་ལྟ་ཁུལ་གྱི་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ་དང་། ཆུ་ཤུལ་རྗོང་གིས་དཔེ་མཚོན་བྱས་པའི་ཐོག་མའི་ཚོད་ལྟ་ནས་ཆུ་ཤུལ་དང་། པ་སྣམ། སྣེ་གདོང་། སྨན་གླིང་། དཔལ་མགོན་བཅས་གཅིག་ཐོག་བཞི་སྣོན་གྱི་གྲོང་གསེབ་བསྒྱུར་བཅོས་ཚོད་ལྟ་ཁུལ་གྱིས་དཔེ་མཚོན་བྱས་པའི་ཚོད་ལྟ་སྐུལ་འདེད་ཀྱི་དུས་མཚམས་གཉིས་བརྒྱུད་ཡོད། ༢༠༡༧ལོར་སླེབས་དུས་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བའི་དུས་མཚམས་སུ་སླེབས་ཡོད། མིག་སྔའི་བར་སླེབས་དུས། བོད་ལྗོངས་སུ་འགན་གཙང་ལེན་པའི་ས་ཆའི་དབང་ཆ་གཏན་འཁེལ་བྱས་པའི་རྫོང་བཅུ་ཡོད་པ་དང་། དབང་ཆ་གཏན་འཁེལ་བྱས་པའི་ས་ཞིང་མུའུ་བདུན་འབུམ་དྲུག་ཁྲི་བརྒྱད་སྟོང་ཟིན་པ་དང་། ལྗོངས་ཡོངས་ཀྱི་དབང་ཆ་གཏན་འཁེལ་བྱེད་པའི་ས་ཞིང་གི་བརྒྱ་ཆ་༡༣དང་གྲངས་ཆུང་༩༥ཟིན་གྱི་ཡོད། ས་ཞིང་གཏན་འཁེལ་དབང་ཆའི་ལག་ཁྱེར་༡ཁྲི་༡༤༢༢སྤྲད་ཟིན་པ་དང་། མི་གྲངས་ཁྲི་བརྒྱད་ལ་ཁྱབ་ཡོད་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། ༢༠༡༤ལོའི་ལོ་མཇུག་བར་སླེབས་དུས་བོད་ཀྱི་གྲོང་གསེབ་སྡོད་ཁང་ས་ཆའི་དབང་ཆ་གཏན་འཁེལ་ཐོ་འགོད་ས་ཁོངས་བརྟག་དཔྱད་ལས་དོན་སྤྱིའི་ཆ་ནས་ལེགས་གྲུབ་བྱུང་ཟིན་པ་དང་། སྡོད་ཁང་༤འབུམ་༤ཁྲི་༥༣༡༦དང་འབྲེལ་བ་ཡོད་པ་དང་། རྒྱ་ཁྱོན་སྤྱི་ལི་ངོས་སྙོམས་གྲུ་བཞི་མ་༨༦༨དང་གྲངས་ཆུང་༣༤༤༢ཟིན་པ། ལག་ཁྱེར་སྤྲད་ཚད་བརྒྱ་ཆ་༨༠ཡན་ཟིན་གྱི་ཡོད་པ་རེད།
          བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་གི་ཐིང་ཀྲང་གཞོན་པ་བསོད་ནམས་དབང་འདུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། གྲོང་གསེབ་ཀྱི་གཞི་རྩའི་ཚོང་གཉེར་ལམ་ལུགས་སྔར་བས་འཐུས་ཚང་གཏོང་རྒྱུ་དང་། གྲོང་གསེབ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ། གྲོང་གསེབ་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ། ཞིང་པའི་ནོར་སྲིད་རང་བཞིན་གྱི་ཡོང་འབབ་མང་དུ་བཅས་གཏོང་ཆེད། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱི་མཛུབ་སྟོན་ལྟར། བོད་ལྗོངས་ཀྱི་མཉམ་སྡེབ་ནགས་དབང་ལམ་ལུགས་བསྒྱུར་བཅོས་ལས་དོན་བསྐྱར་དུ་ལག་བསྟར་བྱེད་འགོ་ཚུགས་རྒྱུའི་ཐག་བཅད་ཡོད། ནགས་ལས་ཐིང་གིས་༼བོད་རང་སྐྱོང་ལྗོངས་མཉམ་སྡེབ་ནགས་དབང་ལམ་ལུགས་བསྒྱུར་བཅོས་ལག་བསྟར་ཇུས་གཞི་༽ཞེས་པའི་ཟིན་བྲིས་འཆར་ཟིན་འགོད་པ་དང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་རྒྱུན་ལས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་ཟིན་པ་དང་། ཉེ་དུས་པར་འགྲེམས་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716