སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
“ རིག་ལྡན་གནམ་གཤིས“སྟེ་ཡོམ་འགོག་རྗེས་མི་དམངས་ཀྱི་བདེ་འཇགས།
སྤེལ་དུས། 2017-02-25   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རླུང་གཞོན།
          “ མི་ལ་རྨས་སྐྱོན་བྱུང་མེད་པ་བདེན་ནམ། འོ་ན་སྒོ་ཕྱུགས་ག་འདྲ་བྱུང་འདུག འཁྱགས་པས་ཤི་སོང་བ་ཡོད་དམ། དེ་ཡང་མི་འདུག  དེ་ན་དངོས་གནས་ཡག་སོང་། འོ་ན་འགྲིམ་འགྲུལ་དོན་རྐྱེན་དང་ཤུལ་ལུས་ཡུལ་སྐོར་བ་ཡོད་དམ། …… དེ་ན་ཧ་ཅང་ཡག་པོ་རེད། ཐུགས་རྗེ་ཆེ” ཞེས་ལུགས་རྙིང་གི་གནམ་ལོ་གསར་ཚེས་ཀྱི་ཚེས་གཅིག་གི་ཞོགས་པར། གཞིས་རྩེ་གྲོང་ཁྱེར་གནམ་གཤིས་བརྟག་དཔྱད་ཁང་དུ་བསྟུད་མར་ཆུ་ཚོད་24ཡི་རིང་ལས་ཀ་སྒྲུབ་མཁན་དབུ་བཞུགས་གནམ་གཤིས་ཞབས་ཞུའི་ཆེད་མཁས་ཉི་མ་ལྷ་འཛོམས་ཀྱིས་ཡང་བསྐྱར་གཉའ་ལམ་རྫོང་གནམ་གཤིས་ཅུས་ཀྱི་ཅུས་ཀྲང་རྡོ་རྗེ་ལ་ཁ་པར་བཏང་འདུག
          “གནོད་འཚེ་གང་ཡང་བྱུང་མེད་པ་ངོ་མ་འགྲིག་འདུག”ཉི་མ་ལྷ་འཛོམས་ཧ་ཅང་དགྱེས་པའི་ངང་ “ཧ་ཅང་ཡག་པོ་འདུག  ལྷན་རྒྱས་ཡོངས་སྤྲོ་སྐྱིད་ངང་ལོ་སར་ལ་རོལ་ཆོག”ཅེས་རང་ཉིད་ཀྱིས་ལོ་སར་རིང་འཁོར་སྐར་སྤྲིན་རིས་ལ་མིག་གིས་ཅེར་ནས་བསྡད་པའང་གཏན་ནས་བརྗེད་འདུག་ལ། ལས་རེས་ཁང་དུ་དུས་ཡུན་རིང་པོར་བསྡད་པ་དང་། བོད་ལྗོངས་ཀྱི་དྲོད་ཚད་ཤིན་ཏུ་དམའ་དྲགས་པས་ཁ་པར་བརྒྱབ་ཙམ་གྱིས་ལག་པ་འཁྱགས་པར་ཕྱིན་པའང་གཏན་ནས་བརྗེད་འདུག
ཁོ་མོའི་མདུན་དུ་གནམ་གཤིས་བརྟག་དཔྱད་ཁང་གི་ལས་རེས་ཁང་གི་གློག་ཀླད6མཉམ་དུ་ཁ་ཕྱེ་ཡོད་ལ། དེ་དག་ལས་གློག་ཀླད་ཁ་ཤས་ཀྱི་ངོས་སུ་རླུང་དང་སྤྲིན་པ་ཕན་ཚུན་འདྲེས་མར་འཆར་འདུག་ཅིང་།ཁ་དོག་སྔོ་དམར་སེར་སོགས་རྒྱུད་ཆད་མེད་པར་འགྱུར་གྱིན་པའི་འཁོར་སྐར་གྱི་སྤྲིན་རིས་སྔོན་པོ་དམར་པོ་སོགས་ཀྱི་མདོག་རྒྱུན་མི་ཆད་པར་འགྱུར་ཀྱིན་པའི་འཁོར་སྐར་སྤྲིན་རིས་ཤར་འདུག་ཅིང་།  དེ་ལས་ལྡེབ་ངོས་ཁ་ཤས་སུ་བརྙན་འཕྲིན་གྱིས་གནམ་གཤིས་སྔོན་བརྡའི་པར་ངོས་ཤར་འདུག་པ། ཁ་ཤས་སུ་སྐད་འཕྲིན་སྤྱི་སྟེགས་ཤར་པ།  ཁ་ཤས་སུ་གནམ་གཤིས་སྔོན་བརྡའི་རིན་མེད་འཕྲིན་ཐུང་ཤར་པ། རེ་འགར་གྲོང་ཁྱེར་དེ་ཡོངས་ཀྱི་ཁོངས་གཏོགས་ཁུལ་ཁག་དང་། རྫོང་ཁག་གི་གནམ་གཤིས་སྔོན་བརྡའི་གློག་རྡུལ་མངོན་མཐོང་བརྙན་ཤེལ་རེས་མོས་སུ་སྟོན་པའི་པར་ངོས་ཤར་འདུག  ད་དུང་ཁ་ཤས་་ཀྱིས《2017ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་སར་སྐབས་གཞིས་རྩེ་གྲོང་ཁྱེར་གྱི་གནམ་གཤིས་སྔོན་བརྡ》 དང་། 《2017 ལོའི་གཞིས་རྩེ་གྲོང་ཁྱེར་གྱི་དཔྱིད་གསར་སྐྱེལ་འདྲེན་རིང་གི་གནམ་གཤིས་ཞབས་ཞུའི་ཆེད་དོན་སྙན་ཞུ》《2017ལོའི་འགྲིམ་འགྲུལ་ས་ཚིགས་ཀྱི་འབྲེལ་གཏུག་གནམ་གཤིས་སྤྱི་བསྒྲགས》སོགས་གནམ་གཤིས་གནས་ཚུལ་གྱི་ཆ་འཕྲིན་བཟོས་པ་བརྒྱུད། གློག་རྡུལ་ཡིག་ཟམ་བརྒྱུད་དེ་འཕྲལ་འབྲེལ་ཡོད་སྲིད་གཞུང་སྡེ་ཁག་ལ་སྤྲིངས་ནས་ཐབས་ཇུས་ཞབས་ཞུ་མཁོ་འདོན་བྱས་ཏེ་དུས་ཐོག་ཏུ་གནད་འཁེལ་གྱི་འགོག་སྲུང་གི་བྱ་ཐབས་བཟོ་བར་སྟབས་བདེ་བསྐྲུན་གྱི་ཡོད་འདུག
          ཟླ1པོའི་ཚེས26ཉིན་ནས་ཚེས28ཉིན་བར།  སྐྱིད་གྲོང་དང་གཉའ་ལམ།  གྲོ་མོའི་རྒྱུད་དུ་གངས་འཚུབ་བྱུང་ཡོད་པ་དང་། དེའི་ཁྲོད། 2015 ལོའི་ཟླ4 པའི་ཚེས25ཉིན་བལ་བོར་ས་ཡོམ་རིམ་པ་8.1བྱུང་པའི་ཁྲོད་གྱོང་གུད་ཚབས་ཆེན་ཕོག་པའི་གཉའ་ལམ་དུ་ཁ་བ་འབབ་ཚད33.6mmཟིན་པ་དང་། གངས་ཆགས་ཚད་29mmསླེབས་པ། དྲོད་ཚད་8-12℃དམའ་རུ་ཆགས་ཡོད་པ།  རླུང་ཤུགས་ཆེ་ཤོས་རིམ་པ7ལ་སླེབས་ཡོད་པ་རེད། མིག་སྔར་གཉའ་ལམ་དུ་ལས་ཁུངས་ཁ་ཤས་ཀྱི་ལས་བཟོ་པ་དང་ས་གནས་དེ་གའི་མི་དམངས་སྔར་བཞིན་གནས་སྐབས་བརྒྱབ་པའི་སྦྲ་གུར་དང་སྟབས་བདེའི་ཁང་པའི་ནང་བསྡད་ཡོད་པ་དང་། ད་རེསས་ཀྱི་ཁ་བ་དེ་ནི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་བར་སྐབས་ལ་འཁེལ་ཡོད་ཅིང་། དཔྱིད་གསར་སྐྱེལ་འདྲེན་གྱི་གནད་འགག་གི་དུས་སྐབས་དང་འཁེལ་ཡོད་པས་ཕྱོགས་སོ་སོར་ཕེབས་མཁན་མི་སྣ་དང་རླངས་འཁོར་ཅུང་མང་པོ་ཡོད་པས་ན། “ ངེས་པར་དུ་མི་དམངས་མང་ཚོགས་བདེ་འཇགས་ངང་མཉམ་འཛོམས་བྱ་རྒྱུ་དང་། ཁྱིམ་ཚང་ལྷན་འཛོམས་ཡོང་པར་ཁག་ཐེག་བྱ་རྒྱུ”ནི་ད་ལོར་ཉི་མ་ལྷ་འཛོམས་ཀྱི་ལོ་སར་སྨོན་འདུན་ཉག་ཅིག་རེད།
          དེ་བས་ན།  ད་ལོའི་ཟླ1པོའི་ཚེས་20ཉིན་ནས་བཟུང་། ཉི་མ་ལྷ་འཛོམས་ཀྱིས་འཁོར་སྐར་སྤྲིན་རིས་ཀྱི་འཕེལ་འགྱུར་ལ་ལྟ་ཞིབ་ཚད་ལེན་ནན་པོ་བྱས་ཐོག སྔོན་བརྡ་གཏོང་མཁན་རྩ་འཛུགས་བྱས་ཏེ་ནང་ཁུལ་གྱི་གནམ་གཤིས་གྲོས་མོལ་དང་ལྗོངས་ཀྱི་གནམ་གཤིས་བརྟག་དཔྱད་ཁང་གི་གནམ་གཤིས་ལ་གྲོས་མོལ་བྱས་ཏེ།  དུས་ཐོག་ཏུ《གངས་བབས་་ཀྱི་གནམ་གཤིས་གནས་ཚུལ་ཁྱབ་བསྒྲགས》 དང་གངས་འཚུབ་ཀྱི་ཉེན་བརྡ་སེར་པོ་དུས་ཐོག་བཏང་ཡོད། དེ་དང་དུས་མཚུངས་སུ།  དེ་མ་ཉིད་དུ་བྱེ་བྲག་གཙོ་འགན་འཁུར་མཁན་ཧྲི་ཀྲང་ལ་ཆེད་དོན་སྙན་ཞུ་ཕུལ་ཡོད་པ་མ་ཟད། བརྙན་འཕྲིན་སྨྱན་སྦྱོར་དང་། ལག་འཁྱེར་ཁ་པར་གྱི་འཕྲིན་ཐུང་། སྐད་འཕྲིན་སྤྱི་སྟེགས། གློག་རྡུལ་བརྙན་ལམ།  འཕུར་འཕྲིན་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཐེངས་འདིའི་གངས་བབས་་ཀྱི་རྗེས་འདེད་སྔོན་བརྡ་དང་གནས་ཚུལ་དངོས་བསྐུར་ཏེ། ཚང་མས་འགོག་སྲུང་གི་བྱ་ཐབས་ཡག་པོ་སྒྲུབ་རྒྱུར་གསལ་འདེབས་གནང་ཡོད་པ་རེད།
          དེ་ནས་ཏོག་ཙམ་ཕྱིན་མ་ཐག  ཁོ་མོས་གློ་བར་དུ་དོན་གང་ཞིག་དྲན་པ་ལྟར། དབུགས་ཧལ་ཧལ་སྒོས་གཉའ་ལམ་རྫོང་གནམ་གཤིས་ཅུས་ཀྱི་ཅུས་ཀྲང་རྡོ་རྗེ་ལ་ཁ་པར་བཏང་བྱུང་། “ གཉའ་ལམ་གྱི་ཁང་པར་བརྡིབས་སྐྱོན་བྱུང་ཡོད་དམ། སྦྲ་གུར་དང་གནས་སྐབས་སྡོད་ཁང་ལ་གངས་འཚུབ་ཀྱི་གནོད་འཚེ་བྱུང་ཡོད་དམ”ཅེས་པར།  “ཧ་ཧ་ཧ་…… ཚང་མར་སྔོན་ལ་ལག་འཁྱེར་ཁ་པར་དང་འཕུར་འཕྲིན་གྱི་འཕྲིན་ཐུང་འབྱོར་ཡོད་འདུག  དེ་མིན་ཡང་གནམ་གཤིས་སྔོན་བརྡའང་བསྒྲགས་ཡོད་པ་དང་། དེ་ལྟར་མིན་ཡང་སྐད་འཕྲིན་སྤྱི་སྟེགས་སུའང་དེ་སྐོར་གྱི་གནས་ཚུལ་སྤེལ་འདུག   ངས་ནི་གནམ་གཤིས་སྔོན་བརྡ་དང་། ཆར་འབབ་སྔོན་བརྡ། རླུང་ཆེན་དྲོད་ཚད་སྔོན་བརྡ། གཞུང་ལམ་འགྲིམ་འགྲུལ་གནས་ཚུལ་དངོས། གནོད་འགོག་གནོད་སེལ་གྱི་འགོག་སྲུང་བྱེད་ཐབས་སོགས་རེ་རེ་བཞིན་བློར་འཛིན་ཐུབ། ཚང་མས་སྔ་མོ་ནས་དེ་དག་ཡོད་ཚད་ཤེས་ཡོད་པ་རེད། ཁྱེད་ཀྱིས་ཐུགས་བདེ་བོ་བྱས་ཆོག   ང་ཚོས་གློག་རྡུལ་ཡིག་ཟམ་བརྒྱུད་སྲིད་གཞུང་ལ་གནམ་གཤིས་སྔོན་བརྡ་སྣ་ཚོགས་སྤྲིངས་ཡོད” ཅེས་རྡོ་རྗེས་དགའ་སྤྲོའི་ངང་བཤད་བྱུང་། 《ཉི་མ་ལྷ་འཛོམས་ལགས། ད་ལྟ་དངོས་ནས་དྲ་བའི་དུས་རབས་རེད་འདུག་སྟེ།  ང་ཚོའི་གནམ་གཤིས་ཀྱིས་ཀྱང་དུས་སྐབས་ཡག་པོ་འདིའི་རྗེས་ཆོད་འདུག་ཅིང་།  ད་འདྲ་མིན་ཚེག་སྔོན་ཆད་ཡོད་ཚད་རྐང་བ་གཉིས་དང་ངག་རྒྱུད་ལ་བརྟེན་དགོས་ཤིང་། དེང་སང་དྲ་བ་བརྒྱུད་ལྷན་རྒྱས་ནས་ཡོད་ཚད་རྟོགས་ཐུབ་འདུག"ཟེར།
          ཁ་པར་མར་་བཞག་མ་ཐག  ལས་ཡུན་ལོ་ངོ23 ཡོད་པའི་ཉི་མ་ལྷ་འཛོམས་བསམ་གཞིགས་ཀྱི་གནས་སུ་ལྷུང་འདུག  དེ་ལྟར་ཡང་སྲིད་དེ།   ལས་ཀར་ཞུགས་མ་ཐག་པའི་སྐབས་དེར་ཁ་པར་དང་གློག་ཀླད་མེད་པ། ཐ་ན་གློག་ཡང་དཀོན་པར་གནམ་གཤིས་ཀྱི་ལྟ་དཔྱད་ཚད་འཇལ་གྱི་ལྟ་དཔྱད་ཚད་ལེན་པས་མིག་གཉིས་ལ་བརྟེན་པ་དང་།  གནམ་གཤིས་སྔོན་བསྒྲགས་ནི་ཉམས་མྱོང་གཅིག་པུར་བརྟེན་པ། གནམ་གཤིས་སྔོན་བརྡའི་ཁྱབ་བསྒྲགས་དང་ཁྱབ་སྤེལ་ནི་ལས་བྱེད་མི་སྣས་རེ་རེ་བཞིན་དུ་སྐད་གཏོང་དགོས་པའི་སྣང་ཚུལ་དག་དྲན་ན་བསམ་གཞིགས་ཀྱི་གནས་སུ་ལྷུང་ངེས་སོ། གལ་ཏེ་དེང་སང་ཡང་སྔོན་ལྟར་ཡིན་ན། ས་ཡོམ་རྗེས་སུ་སྦྲ་གུར་སྟབས་བདེའི་ཁང་པའི་ནང་སྡོད་པའི་གཉའ་ལམ་གྱི་མང་ཚོགས་ནི་གང་འདྲ་ཡིན་ནམ། སྡོད་ཁང་ནི་སྔ་མོ་ནས་རྡིབ་ཡོད་ཀྱང་སྲིད། མང་ཚོགས་དང་སྒོ་ཕྱུགས་ལའང་གནོད་སྐྱོན་ཆེན་པོ་ཐེབས་ཡོད་སྲིད་ངེས་ཞེས་ཉི་མ་ལྷ་འཛོམས་སེམས་ངལ་གྱི་ཀློང་ནས་སེམས་པ་ཕྱིར་འཁོར་ཡོང་།
          དེང་སང་། དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་ངང་གོང་དུ་འཕེལ་བ་དང་བསྟུན། “ དྲ་སྦྲེལ+་” དུས་རབས་ཀྱང་མགྱོགས་མྱུར་ངང་སླེབས་ཡོད་པ་རེད།  ད་ལོར་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་རིག་ལྡན་གནམ་གཤིས་འཕེལ་རྒྱས་བཏང་ནས་་གནམ་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་ཉེན་བརྡའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་སྐོར་གསལ་པོར་བསྟན་ཡོད་པ་རེད།
          འོ་ན། རིག་ལྡན་གནམ་གཤིས་ཞེས་པ་དེ་ཡང་སྙིང་གང་འདྲ་ཞིག་ཡིན་ནམ་ཞེ་ན།
          ཀྲུང་གོའི་གནམ་གཤིས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡུས་ཞིན་ཝུན་གྱིས《རིག་ལྡན་གནམ་གཤིས་སྟེ། ཁྱོན་ཡོངས་ནས་གནམ་གཤིས་དེང་རབས་ཅན་དུ་འགྱུར་བའི་བསམ་ཕྱོགས་གསར་པ་སྐུལ་འདེད་བྱེད་པ》 ཞེས་པའི་རྩོམ་ཡིག་ནང་དུ་གསོན་ཉམས་དོད་པའི་དཔེར་འཇོག་གནང་པར། གལ་ཏེ་མི་ཞིག་གནམ་གྲུར་བསྡད་ནས་གཞུང་དོན་སྒྲུབ་པར་བསྐྱོད་པར། གནམ་གཤིས་བརྟག་དཔྱད་ཁང་གིས་ཁོ་རང་གང་ལ་འགྲོ་བའམ། གནམ་གྲུ་གང་དུ་སྡོད་པ་བཅས་མགྱོགས་མྱུར་ངང་རྟོགས་ཐུབ་པ་བྱུང་ཚེ། ཕེབས་ཡུལ་གྱི་གནམ་གཤིས་སྔོན་བརྡ་དང་གྱོན་གོས་གང་འདྲ་གོན་དགོས་པ་སོགས་ཀྱི་དུས་ཐོག་གང་དེར་སྐུར་ཐུབ་པས་ན། དེ་ལྟ་བུའི་གནམ་གཤིས་ཞབས་ཞུ་ལ་ད་གཟོད “རིག་ལྡན་གནམ་གཤིས”འབོད་ཅེས་བཀོད་འདུག
          སྤྱིའི་ཆ་ནས་བཤད་ན་། རིག་ལྡན་གནམ་གཤིས་ནི་ཆ་འཕྲིན་ཅན་གྱི་རྨང་གཞིའི་སྟེང་། རིག་ནུས་ གནམ་གཤིས་ལས་སྒོ་དང་།   ཀུན་ཕན་ཀྱི་གནམ་གཤིས་ཞབས་ཞུ་སྲོག་ཤིང་གི་ནུས་པ་འཛུགས་སྐྲུན་བྱ་དགོས་ཤིང་། སྲིད་གཞུང་གིས་གཙོ་ཁྲིད་དང་། སྡེ་ཁག་གཙོ་བོར་འཛིན་པ། སྤྱི་ཚོགས་ནང་ཞུགས་བྱེད་པ་བཅས་རིག་ལྡན་གནམ་གཤིས་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་གཞི་འཛུགས་པ་དང་། གནམ་གཤིས་སྡེ་ཚན་གྱི་ལས་སྒོ་ཆེན་པོ་དང་། ཞབས་ཞུ་ཆེན་པོ་དང་། ཚན་ཞིབ་ཆེན་པོ་དང་འཚམ་པའི་འཁོར་སྐྱོད་དང་དོ་དམ་ལམ་སྲོལ་འཛུགས་རྒྱུ་དེའོ།
          གནམ་གཤིས་ཞབས་ཞུའི་མཛུབ་ཁྲིད་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བ། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཁྲོད་དུ་ཐོན་པའི་ནུས་པ་འདོན་སྤེལ་དང་། “ མི་རྩ་བར་འཛིན་པ་དང་ཕྱོགས་ཀུན་ལ་ཁྱབ་པའི་”གནམ་གཤིས་ཞབས་ཞུའི་འདུ་ཤེས་མངོན་འགྱུར་དོན་འཁྱོལ་བྱེད་ཆེད། གཞིས་རྩེ་གྲོང་ཁྱེར་གྱི་གནམ་གཤིས་ཅུས་ཀྱིས་རིམ་པ་ཁག་གི་སྲིད་གཞུང་གི་མཛུབ་སྟོན་དགོངས་དོན་དོན་འཁྱོལ་བྱས་ཏེ། གྲོང་ཁྱེར་གྱི་གནམ་གཤིས་དེང་རབས་ཅན་དུ་འགྱུར་བ་དང་རིག་ལྡན་གནམ་གཤིས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ཐོག  ལོ་ངོ་དུ་མར་འབད་བརྩོན་ལྷོད་མེད་བྱས་ངོར་གནམ་གཤིས་ཞབས་ཞུ་དེ“ གདོད་མའི་སྣ་གཅིག”ནས་རིམ་བཞིན “ཞིབ་ཚགས་ཅན་་དང་ཆེད་ལས་ཅན། རང་གཤིས་ཅན་” བཅས་ཀྱི་རིག་ལྡན་གནམ་གཤིས་ཀྱི་ལམ་བུར་བསྐྱོད་ཡོད་པ་རེད།
          ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱི་ས་དགའ་དང་། འབྲོང་པ།བཞད་མཐོང་སྨོན་སོགས་རྫོང་7 ཀྱི་གནམ་གཤིས་ས་ཚིགས་ཀྱིས་བོད་ཀྱི་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ། གནམ་གཤིས་ས་ཚིགས་དཀོན་པའི་གནས་བབ་་ཁ་གསབ་བྱས་ཏེ་གནམ་གཤིས་ལྟ་དཔྱད་ཚད་འཇལ་གྱི་གཞི་གྲངས་འཚོལ་སྡུད་དག་སྒྲིག་དང་ཞིབ་འཇུག་འཐུས་ཚང་དུ་བཏང་ཡོད་ལ། “ དྲ་སྦྲེལ+” སྤྱད་ཐབས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ཡོད་པ། ཧུར་ཐག་སྒོས་སྐད་འཕྲིན་སྤྱི་རྟགས་གསར་དུ་བཙུགས་པ། ཉིན་རེ་བཞིན་གནམ་གཤིས་གནས་ཚུལ་དང་འགོག་སྲུང་བྱེད་ཐབས། ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་ཤེས་བྱ་གསར་སྒྱུར་བྱས་ཏེ་རྣམ་པ་འདྲ་མིན་སྒོས་མི་དམངས་ལ་ཞབས་འདེགས་ཞུ་བའི་ལས་སྒོ་སྤེལ་ཡོད་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ཀྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་། གྲོང་ཁྱེར་དབུས་ཀྱི་མཚམས་སྦྱོར་བརྡ་ཁྱབ་བྱང་བུ།  མི་སྣ་འདུ་འཛོམས་མང་བའི་ས་ཁུལ། སྔོ་ཚལ་འདེབས་འཛུགས་དྲོད་ཁང་སོགས་སུ་གནམ་གཤིས་གློག་རྡུལ་མངོན་མཐོང་བརྙན་ཤེལ་བཙུགས་ཡོད་པ་རེད།
          དེང་སང་། གནོད་ཐེབས་རྗེས་ཀྱི་གཉའ་ལམ་ནི་གངས་ཆེན་བབས་པའི་ཁྲོད་བདེ་བར་གནས་་ཡོད་ལ། དེ་ནི་ལས་གནས་བརྟན་སྲུང་བྱེད་མཁན་གནམ་གཤིས་ལས་སྣེ་ད་དག་གི་བརྩེ་སེམས་དང་ལས་བཀུར་སྙིང་སྟོབས་རགས་ལས་ཡོད་པས།  དེ་ལ་བཀའ་དྲིན་ཞུ་འོས་ཤིང་།མ་ཟད་དར་རྒྱས་གོང་འཕེལ་བྱུང་པའི་མེས་རྒྱལ་དང་འཕེལ་རྒྱས་མྱུར་བའི་འཕྲིན་སྦྲེལ་དྲ་བའི་དུས་རབས་དང་དེ་བཞིན་དམངས་ཕན་དམངས་རོགས་ཀྱི་རིག་ལྡན་གནམ་གཤིས་ལའང་བཀའ་དྲིན་ཞུ་འོས་སོ།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716