སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
དུས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས།
སྤེལ་དུས། 2017-03-06   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རླུང་གཞོན།

  མིག་སྔར།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སའི་ཁ་ཆེའི་ལྷ་ཁང་དུ་ཕེབས་ནས་རྒྱ་ཆེའི་རྒྱལ་གཅེས་ཆོས་ལུགས་མི་སྣར་མཛའ་བརྩེའི་འཚམས་འདྲི་གནང་བ་དང་། དབྱི་སི་ལམ་ཆོས་ལུགས་ལྷ་ཁང་གི་དོ་དམ་ལས་ཀར་ཆེད་མངགས་བརྟག་ཞིབ་གནང་པ་རེད། ཝུའུ་དབྱིང་ཅེ་དང་། ཆེད་བསྐོས་ཨ་ཧོང་། དགོན་སྡེ་དོ་དམ་ཨུ་ལྷན། དམངས་གཙོ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པས་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པ།
  མིག་སྔར།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སའི་ཁ་ཆེ་ལྷ་ཁང་དུ་ཕེབས་ནས་རྒྱ་ཆེའི་རྒྱལ་གཅེས་ཆོས་ལུགས་མི་སྣར་མཛའ་བརྩེའི་འཚམས་འདྲི་གནང་བ་དང་། དབྱི་སི་ལམ་ཆོས་ལུགས་ལྷ་ཁང་གི་དོ་དམ་ལས་ཀར་ཆེད་མངགས་བརྟག་ཞིབ་གནང་པ་རེད།   ཁོང་གིས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གནང་རྒྱུ་དང་། ཏང་ཀྲུང་དབྱང་གིས་མི་རིགས་དང་ཆོས་ལུགས་ལས་དོན་སྐོར་གྱི་སྲིད་དོན་དང་བྱེད་ཕྱོགས་གལ་ཆེན་ལག་བསྟར་དོན་འཁྱོལ་གནང་བརྒྱུད། ཁྱོན་ཡོངས་ནས་དུས་བབ་གསར་པའི་འོག་གི་མི་རིགས་ཆོས་ལུགས་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་ལ་སྐུལ་འདེད་ཏན་ཏིག་གནང་ཐོགལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་སེམས་ཤུགས་གཅིག་སྒྲིག་བྱེད་དགོས་ཞེས་བསྟན།

  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ།  ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བསྟན་ཁོ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་ཀྱིས་བརྟག་ཞིབ་ལ་ཕེབས་རོགས་མཛད་པ།

  ལྷ་སའི་ཁ་ཆེའི་ལྷ་ཁང་ནི་བོད་ལྗོངས་ས་ཁོངས་སུ་ལོ་རྒྱུས་ཆེས་རིང་ཤོས་ཀྱི་དབྱི་སི་ལམ་ཆོས་ལུགས་ཀྱི་བྱེད་སྒོའི་ལྟེ་གནས་ཡིན་ཏེ། གྲོས་ཚོགས་ཁང་དུ།  ཝུའུ་དབྱིང་ཅེ་དང་ཆེད་བསྐོས་ཨ་ཧོང་། དགོན་སྡེ་དོ་དམ་ཨུ་ལྷན། དམངས་གཙོ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པས་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་། ཁ་ཆེའི་ལྷ་ཁང་གི་ལོ་རྒྱུས་དང་ཉིན་རྒྱུན་གྱི་དོ་དམ།  ཆོས་ལུགས་བྱེད་སྒོ་སྤེལ་ཚུལ་ལ་བཀའ་འདྲི་ཕྲ་ཞིབ་གནང་པ་མ་ཟད་ཆོས་ལུགས་བྱེད་སྒོ་སྤེལ་སའི་དོ་དམ་ཚད་ལྡན་དུ་གཏོང་བ་དང་། དད་ལྡན་མང་ཚོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། དེ་བཞིན་ཆོས་ལུགས་ལས་སྡེའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཐད་བསམ་ཕྱོགས་བརྗེ་རེས་གནང་པ་རེད། དགོན་པའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཧྭ་པི་པེའུ་ཡིས། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཀྱིས་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་གནང་སྟེ་ཁ་ཆེའི་ལྷ་ཁང་དུའང་དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་ཁག་ལོངས་སུ་སྤྱོད་རྒྱུ་བྱུང་པ་དང་། ལྷག་པར་དུ་དེང་ཆར་ང་ཚོར་ཡང་རྒས་དུས་འཚོ་རྟེན་ཡོད་པ་དང་། ན་དུས་སྨན་བཅོས་ཐུབ་པ་བྱུང་པས་ལྷན་རྒྱས་ཡོངས་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་པར། ཝུའུ་དབྱིང་ཅེ་ཐུགས་ཤིན་ཏུ་དགྱེས་ཤིང་། ཁོང་གིས་ཏང་གི་ཆོས་ལུགས་སྲིད་ཇུས་ལ་མི་རིགས་དང་ས་ཁོངས།  དད་མོས། གྲུབ་མཐའི་དབྱེ་བ་མི་འབྱེད་པར། ཆོས་ལུགས་ཁག་ལ་ལྟ་སྟངས་གཅིག་པ་འཛིན་པ་དང་། འདྲ་མཉམ་སྒོས་ཐུགས་སྐྱོང་གནང་གི་ཡོད་པ་རེད། ལོ་ངོ་མང་པོའི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་དབུ་ཁྲིད་འོག་དང་། ཁ་ཆེའི་ལྷ་ཁང་གིས་ཧུར་ཐག་སྒོས་དད་ལྡན་མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། མི་རིགས་ཁག་གི་སྤུན་ཟླ་ཚོ་དང་ལྷན་དུ་ཐུན་མོང་ཐོག་འབད་བརྩོན་དང་། སྤྱི་ཚོགས་འཆམ་མཐུན་ཡོང་བར་བྱེད་པ། མི་རིགས་ཀྱི་མཐུན་སྒྲིལ་སྲུང་སྐྱོང་བྱས་ངོར། རང་ལྗོངས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས།  བརྟན་བརླིང་བཅས་ཀྱི་བྱ་གཞག་ཁག་དང་། ལྷག་པར་དུ་ཚོང་དོན་འཁོར་རྒྱུག་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པས་ན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མུ་མཐུད་ནས་ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་སྲིད་དོན་དང་བྱེད་ཕྱོགས་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་མང་ཚོགས་ཀྱིས་སྔར་བས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པར་བྱ་ངེས་ཞེས་བསྟན་བྱུང་།

  ཝུའུ་དབྱིང་ཅེ་ཡིས། ཁ་ཆེའི་ལྷ་ཁང་ནི་དབྱི་སི་ལམ་རིག་གནས་ཀྱི་རྒྱུད་འཛིན་ལྟེ་གནས་ཡིན་པའི་ངོས་ནས། མང་ཚོགས་ཀྱི་ཆོས་ལུགས་དད་མོས་ཀྱི་ཆེས་གཞི་རྩའི་གནས་ཡུལ་ཡིན་ལ་གཞི་རིམ་དབྱི་སི་ལམ་ཆོས་ལུགས་ལས་དོན་དོ་དམ་གྱི་གཞི་རྩའི་སྡེ་ཚནའང་རེད། དེ་བས་རྒྱ་ཆེའི་དགེ་རྒན་དང་ལས་བཟོ་མི་སྣ་རྣམས་ཀྱིས་ཁ་ཆེའི་ལྷ་ཁང་གི་དོ་དམ་ནི་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་པའི་རྨང་རྡོ་དང་གནད་འགག་ལྟ་བུར་བཟུང་སྟེ།  སྔར་ལས་ལྷག་པའི་སྒོ་ནས་ལམ་སྲོལ་གསར་གཏོད་དང་འཐུས་ཚང་དུ་གཏོང་རྒྱུ་དང་། ཁ་ཆེའི་ལྷ་ཁང་གི་དོ་དམ་གྱི་་སྒྲིག་སྲོལ་ཅན་དང་། ཚད་ལྡན་ཅན།  ཚན་རིག་ཅན་གྱི་ཆུ་ཚད་མཐོར་འདེགས་དོན་འཁྱོལ་གཏོང་དགོས་སྟེ། གཅིག་ནས་རྒྱལ་གཅེས་དམངས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་དགོས་པ། དུས་ནམ་ཡང་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེང་སྟེ། ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་རྒྱུན་འཁྱོངས་བྱེད་དགོས་པ། གཉིས་ནས་རང་རྟོགས་སྒོས་བཅའ་ཁྲིམས་ལ་གོང་བཀུར་བྱེད་པ། བཅའ་ཁྲིམས་ལ་སློབ་སྦྱོང་བྱེད་པ། བཅའ་ཁྲིམས་བརྩི་སྲུང་བྱེད་པ།བཅའ་ཁྲིམས་བེད་སྤྱོད་བཏང་ཐོག  དད་ལྡན་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་། བཅའ་ཁྲིམས་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས་སྔར་བས་གཏིང་ཟབ་ཡོང་པར་ཁྲིད་སྟོན་བྱེད་པ། གསུམ་ནས་ཏང་དང་སྲིད་གཞུང་དང་། ཆོས་ལུགས། ཆོས་ལུགས་འདྲ་མིན་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་གནང་ནས་ཆོས་ལུགས་ཀྱི་དགོངས་དོན་དང་སྙིང་པོའི་ཁྲོད་དགེ་མཚན་ལྡན་པའི་ཆ་དེ་སྔར་བས་སྔོག་འདོན་བྱས་ཏེ།རྒྱ་ཆེའི་དད་ལྡན་མང་ཚོགས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་པའི་རླབས་ཆེན་གྱི་ལག་ལེན་ཁྲོད་སྣེ་ཁྲིད་བྱས་བརྒྱུད། དགེ་མཚན་ལྡན་ཞིང་ལྡོག་ནུས་མེད་པའི་ཆོས་ལུགས་བར་གྱི་འབྲེལ་བར་སྐུལ་འདེད་གནང་དགོས། བཞི་ནས་ཁྱད་པར་ལ་བརྩི་འཇོག་གནང་པ་དང་། ཕན་ཚུན་ལ་བློ་ཁོག་ཡངས་པ། མཐུན་སྒྲིལ་མཉམ་ལས་བྱེད་པ། དར་ཆ་གསལ་བོར་སྒྲེང་ཐོག རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་སྲུང་སྐྱོབ་བྱེད་པར་ཧུར་ཐག་སྒོས་ཁྲིད་སྟོན་བྱེད་པ། སྔར་བས་ལྷག་པའི་སྒོ་ནས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྔར་བས་སྲ་བརྟན་དུ་གཏོང་པ།  དད་ལྡན་མང་ཚོགས་རྩ་འཛུགས་དང་སྐུལ་སློང་བྱས་ཏེ་སིམ་འཛུལ་དང་གཏོར་བཤིག་གི་བྱེད་སྒོ་སྣ་ཚོགས་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་རྒྱུ་དང་། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས་ཞེས་རེ་བ་བཏོན།

  རྒྱལ་གཅེས་ཆོས་ལུགས་མི་སྣའི་འཐུས་མིས་སྔ་རྗེས་སུ།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་དབུ་ཁྲིད་འོག་མུ་མཐུད་དུ་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བརྩི་ཁྲིམས་སྲུང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། རྒྱུན་གཏན་གྱི་ཆོས་ལུགས་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་དང་།ཆོས་ལུགས་ཀྱི་འབྲེལ་བ་ཞི་མཐུན་ཡོང་བར་སྐུལ་སྤེལ་ཧུར་ཐག་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས།  མི་རིགས་མཐུན་སྒྲིལ་ཆེད་སྔར་ལས་ལྷག་པའི་བྱས་རྗེས་འཇོག་རྒྱུ་ཡིན་ཞེས་བསྟན་བྱུང་།
  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་སྐལ་བཟང་ཚེ་རིང་དང་བསོད་ནམས་རིག་འཛིན་ཡང་བརྟག་ཞིབ་ལ་ཕེབས་རོགས་མཛད་པ་རེད།

འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716