སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་ཀྱིས་གསར་གཏོད་དང་ལས་གཏོད་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་པ།
སྤེལ་དུས། 2017-03-20   ཡོང་ཁུངས། བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  ཚེ་རྡོ།
          ཉེ་བའི་ལོ་ཤས་རིང་། བོད་ཀྱི་སྟོད་པ་ཚང་ཡུལ་ཟོག་ཐོན་རྫས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་ཚོང་ཟོག་གི་སྤུས་ཚད་ཡག་པ་དང་སྙན་གྲགས་ཆེ་བས་རྒྱ་ཆེའི་འཛད་སྤྱོད་པ་ཚོས་དགའ་པོ་བྱེད་པའི་ཐོན་རྫས་སུ་གྱུར་ཡོད། ཁེ་ལས་དེའི་འགན་ཁུར་བ་ཀརྨ་མི་འགྱུར་གྱིས་2013ལོར་སྲིད་གཞུང་གིས་སྒྲིག་བཙུགས་བྱས་པའི་ལས་གཏོད་གསོ་སྦྱོང་ལས་ངའི་ལས་གཏོད་ཀྱི་ཕུགས་འདུན་ལ་སྐུལ་མ་ཐེབས་སོང་། མིག་སྔར་ཀུང་སིར་མཉམ་ལས་ཁང་8ཀྱིས་མཉམ་དུ་ཐོན་སྐྱེད་ལས་སྣོན་བྱེད་ཀྱི་ཡོད་པས་ས་གནས་དེ་གའི་ཞིང་འབྲོག་དུད་ཚང་5000ཙམ་ལ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལས་བྱུང་བའི་ཕན་པ་ཐོབ་ཡོད་ཅེས་བཤད།
          ཀརྨ་མི་འགྱུར་གྱི་ལས་གཏོད་བརྒྱུད་རིམ་ནི་རང་ལྗོངས་ཀྱིས་ལས་གཏོད་རྩལ་ནུས་གསོ་སྦྱོང་དང་སྲིད་ཇུས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གསར་གཏོད་ལས་གཏོད་ཀྱི་རྣམ་པ་གསར་པ་བཏོད་པའི་དཔེ་མཚོན་ཞིག་ཡིན། ད་ཕན་ལོ་ཤས་རིང་། རང་ལྗོངས་ཀྱིས་ལས་གཏོད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ་གུ་ཡངས་དང་སྟབས་བདེའི་ལས་གཏོད་ཆོག་འཐུས་ཁོར་ཡུག་གཏོད་པ་དང་། ཁྲལ་གྲོན་ཆག་ཡང་། སྤྱི་ཚོགས་འགན་བཅོལ་ཁ་གསབ།
          ལས་གཏོད་བྱ་དགའི་རོགས་སྐྱོར་སོགས་ཐད། ལས་གཏོད་མཁན་ལ་སྲིད་ཇུས་ཀྱི་རོགས་སྐྱོར་ནུས་ལྡན་བྱས་པས་ལས་གཏོད་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་ཏེ་གཞོན་ནུ་དང་ལྷག་པར་དུ་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བ་རང་རྟེན་ལས་གཏོད་ཀྱི་ལམ་བུའི་ཐོག་བསྐྱོད་བཞིན་ཡོད་ལ། ཁོང་ཚོས་དཔལ་འབྱོར་འཕེལ་རྒྱས་དང་ལས་ཞུགས་འཕར་རྒྱུར་སྐུལ་མ་ནུས་ལྡན་བཏང་ཡོད། མིག་སྔའི་བར་རང་ལྗོངས་ཀྱི་ཁྲོམ་རའི་བྱེད་པོ་ཁྱོན་དུད་ཚང་ཁྲི་19.34ཟིན་ཡོད་པ་རེད།
          གསར་འགོད་པས་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པར། ལས་གཏོད་པས“ལས་གཏོད་བྱེད་འདོད་ཀྱང་མ་དངུལ་མེད་པ་དང་། རྣམ་གྲངས་ཡོད་ཀྱང་སེམས་ལ་གདེང་ཚོད་མེད་པ། ལས་གཏོད་ནུས་པ་མཐོ་རུ་གཏོང་འདོད་ཀྱང་རོགས་པ་བྱེད་མཁན་མེད་པ། ལས་གཏོད་ཀྱི་གྱོང་གུན་ཕོག་ཀྱང་ཇུས་གཏོགས་བྱེད་མཁན་མེད་པ”བཅས་ཀྱི་དངོས་ཡོད་གནད་དོན་ལ་དམིགས་ཏེ། རང་ལྗོངས་ཀྱིས་རང་རྟེན་ལས་གཏོད་ལ་སྐུལ་ལྕག་བྱེད་པ་དང་ལས་ཞུགས་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་འབྲེལ་ཡོད་སྲིད་ཇུས་སྔར་བས་ཁ་གསལ་བཏོན་པ་དང་། ལྷག་པར་དུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ་སློབ་ཆེན་སློབ་མའི་ལས་གཏོད་སྣེ་ཁྲིད་འཆར་གཞི་ལག་བསྟར་ཤུགས་ཆེན་བྱེད་པ་དང་། ལས་གཏོད་སློབ་གསོ་དང་ལས་གཏོད་གསོ་སྦྱོང་གཏིང་ཟབ་སྤེལ་བ། སློབ་ཁུངས་དོ་དམ་ལམ་ལུགས་སྒྱུར་བཅོས་བྱེད་པ། ལྡེམ་ཤུགས་སློབ་གྲྭའི་ལམ་ལུགས་ལག་བསྟར་བཅས་བྱས་ནས་སློབ་གྲྭར་འགྲོ་མུས་ཀྱི་སློབ་མས་སློབ་དགོངས་ཞུས་ནས་གསར་གཏོད་ལས་གཏོད་བྱེད་ཆོག་པ་ཁ་གསལ་བཏོན་ཡོད།
          དུས་མཚུངས་བཟོ་ཚོང་ལས་གཉེར་ལག་ཁྱེར་དང་། རྩ་འཛུགས་སྒྲིག་གཞིའི་ཚབ་རྟགས། ཁྲལ་དོན་ཐོ་འགོད་ལག་ཁྱེར་བཅས“ལག་ཁྱེར་གསུམ་གཅིག་ཏུ་བསྡུ་རྒྱུར”ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཁེ་ལས་ཀྱི་ཐོ་འགོད་འགྲོ་ལུགས་སྟབས་བདེ་རུ་བཏང་ནས་གུ་ཡངས་དང་སྟབས་བདེའི་ལས་གཏོད་ཆོག་འཐུས་ཁོར་ཡུག་ཞིག་བསྐྲུན་ཡོད། དེ་བས་དགེ་མཚན་ལྡན་པའི་ལས་ཞུགས་དང་ལས་གཏོད་ལ་སྐུལ་འདེད་གཏོང་བའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་ཏེ། 《ལས་ཞུགས་ལས་གཏོད་ལག་ཁྱེར》ཡོད་པའི་སྒེར་གཉེར་དུད་ཚང་གིས་ཁྲལ་དོན་ཐོ་འགོད་ལག་ཁྱེར་རག་པའི་ཉིན་ནས་ལོ་གསུམ་ནང་འཇལ་དགོས་པའི་གནས་ཐང་འཕར་ཁྲལ་དང་སྒེར་གྱི་ཐོབ་ཁྲལ་སོགས་ཆག་ཡང་དང་རྩ་ཆག་འོས་འཚམ་གཏོང་གི་ཡོད། ཚོང་དོན་དང་ཞབས་ཞུ་ཅན་གྱི་ཁེ་ལས་ཀྱིས་ལས་གནས་གསར་པའི་ནང་ལས་ཤོར་ཐོ་འགོད་ལོ་ཕྱེད་ཡན་བྱས་པའི་ཐོག 《ལས་ཞུགས་ལས་ཤོར་ལག་ཁྱེར》ཡོད་པའི་མི་སྣ་བསྡུ་སྐབས། ལོ་གཅིག་ཡན་གྱི་ངལ་རྩོལ་གན་རྒྱ་བཞག་པ་དང་འབྲེལ་ཁྲིམས་ལྟར་སྤྱི་ཚོགས་འགན་བཅོལ་འཇལ་རིགས། ལོ་གསུམ་ནང་དོན་དངོས་ཐོག་བསྡུ་བའི་མི་གྲངས་གཞིར་བཟུང་། མི་རེར་ལོ་རེར་སྒོར་5200ཡི་ཚད་བཀག་ལྟར་དེས་དེ་གོང་འཇལ་བའི་གནས་ཐང་འཕར་ཁྲལ་དང་ཁེ་ལས་ཀྱི་ཐོབ་ཁྲལ་སོགས་ཀྱི་ཁྲལ་དངུལ་གཅོག་དགོས།
ལས་གཏོད་མཁན་གྱིས་གཉེར་བའི་ཁེ་ལས་ཀྱིས་རང་ལྗོངས་ཁུངས་ཀྱི་ལས་མི་བསྡུ་ཚད་30%ཡན་ཟིན་པ་དང་འབྲེལ། ཁྲིམས་ལྟར་ངལ་རྩོལ་གན་རྒྱ་བཞག་པ་དང་སྤྱི་ཚོགས་འགན་བཅོལ་དངུལ་འཇལ་རིགས། ལོ་གསུམ་ལས་མ་བརྒལ་བའི་སྤྱི་ཚོགས་འགན་བཅོལ་ཁ་གསབ་རེ་ཞུ་བྱེད་ཆོག ལས་གཏོད་བྱེད་མཁན་གྱིས་ལས་གཉེར་ལག་ཁྱེར་ལེན་རྗེས། ཁེ་ལས་ཀྱིས་བསྡུ་ལེན་བྱེད་པའི་ལས་ཞུགས་མི་གྲངས་དང་གཉེར་སྐྱོང་དུས་ཚོད་གཞིར་བཟུང་། ལོ་གསུམ་ནང་སྒོར་ཁྲི་5ལས་མ་བརྒལ་བའི་ལས་གཏོད་བྱ་དགའི་དངུལ་ལོངས་སུ་སྤྱོད་ཆོག
          ཤེས་རྟོགས་བྱུང་བར་གཞིགས་ན། སླད་ཕྱིན་རང་ལྗོངས་ཀྱིས“དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་གཏོད་དང་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་བྱེད་པའི”ལས་གཏོད་ལས་ཀའི་སྤྱིའི་བླང་བྱ་གཞིར་བཟུང་། སློབ་ཆེན་སློབ་མའི་ལས་གཏོད་སྐྱེད་སྲིང་རྟེན་གཞི་དང་། སྤྱི་པའི་ལས་གཏོད་སྐྱེད་སྲིང་རྟེན་གཞི། དྲ་ཐོག་ལས་གཏོད་གསོ་སྦྱོང་ལས་སྟེགས་སོགས་བསྐྲུན་ནས་ལས་གཏོད་བྱེད་མཁན་ལ་རིན་མེད་ཀྱི་ལས་གཏོད་ས་ཆ་དང་གཅིག་སྡུད་ཀྱི་ཞབས་ཞུ་ཁྲིད་སྟོན་ལས་སྟེགས་མཁོ་འདོན་བྱ་རྒྱུ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716