སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
གནད་དོན་གལ་ཆེན་ཁོང་དུ་ཡང་དག་ཆུད་པ་བྱས་ནས་བདེ་ཐང་གི་བོད་ལྗོངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས།
སྤེལ་དུས། 2017-04-25   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཚེ་རྣམ།
—— ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་གཉིས་པ།
          ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་ཐོག་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་རང་ལྗོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་ལས་དོན་གྱི་སྤྱིའི་བླང་བྱ་གསལ་སྟོན་བྱས་པ་དང་འབྲེལ་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་གནད་དོན་གལ་ཆེན་ཁག་དགུ་ཁོང་དུ་ཡང་དག་ཆུད་པ་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་སྟེ། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་བསྐྲུན་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ནས་ནད་གཞི་ཚབས་ཆེན་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། བདེ་ཐང་དབུལ་སྐྱོར་ལས་གཞི་ལག་ལེན་གཏིང་ཟབ་བསྟར་བ། གཙོ་གནད་མི་ཚོགས་ཀྱི་བདེ་ཐང་ཞབས་ཞུར་ཤུགས་སྣོན་རྒྱག་པ། མི་དམངས་ཀྱི་བདེ་ཐང་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱ་ཁྱབ་སྤེལ་བ། ལྗང་མདོག་བདེ་འཇགས་ཀྱི་བདེ་ཐང་གི་ཁོར་ཡུག་གཏོད་པ། སྨན་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་རྒྱུན་འཛིན་དང་གོང་འཕེལ་གཏོང་བ་བཅས་ཡིན།
          བོད་ལྗོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་གི་གནད་དོན་གལ་ཆེན་ཁོང་དུ་ཡང་དག་ཆུད་པར་བྱེད་པ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་མཐོ་ཚད་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱེད་པའི་མཐོ་ཚད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འགན་འཁུར་བའི་མཐོ་ཚད་ནས་བྱས་པའི་བཀོད་སྒྲིག་གལ་ཆེན་ཞིག་དང་། བོད་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ། རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་ཚོགས་ཆེན། རང་སྐྱོང་ལྗོངས་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་དགུ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། དེང་དུས་ནུས་པ་ཐོན་ལ་ཕུགས་ལ་དམིགས་པ་ཞིག་ཡིན་པ་དང་། དེ་ལས་བོད་ལྗོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་བྱ་གཞག་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པ་མངོན་པ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་དང་རྦད་དེ་མཐུན་ཡོད།
          ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་གནད་དོན་གལ་ཆེན་དེ་དག་ལ་དམ་པོར་དམིགས་ནས་བྱེད་ཐབས་ཞིབ་ཕྲ་བཟོ་བ་དང་། ཞན་ཆ་གསབ་པ། གནད་སྨིན་ཤུགས་འདོན་བཅས་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དོན་དུ་འཁྱོལ་བར་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོས་བདེ་ཐང་གི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ཁྲོད་ནས་ཐོབ་ཚོར་དེ་བས་མང་བ་ཡོང་བ་བྱེད་དགོས།
          བོད་ལྗོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་བྱ་གཞག་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་ཁོང་དུ་ཡག་པོ་ཆུད་པར་བྱེད་པར་ང་ཚོས་བྱ་གཞག་སྒྲུབ་པའི་ཐད་ཤུགས་རྒྱག་དགོས། དེའང་ཞིབ་ཕྲ་བརྗོད་ན། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་གཏོང་བར་རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་རྣམ་གྲངས་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་གལ་ཆེན་མུ་མཐུད་ལག་ལེན་བསྟར་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་འཛུགས་པ་དང་ལྷག་དོན་དུ་གྲོང་ཚོའི་འཕྲོད་བསྟེན་ཁང་ཚད་གཞི་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་དང་། ས་ཁུལ། མི་ཚོགས་བཅས་ཀྱི་གཞི་རྩའི་འཕྲོད་བསྟེན་དང་བདེ་ཐང་ཞབས་ཞུའི་ཧེ་བག་རིམ་གྱིས་ཆུང་དུ་གཏོང་བ་དང་། ནད་གཞི་ཚབས་ཆེན་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པར་སྔོན་འགོག་ཚོད་འཛིན་གཙོ་བོར་བྱེད་པའི་བྱེད་ཕྱོགས་དོན་འཁྱོལ་བྱས་ནས་ནད་གཞི་མི་འདྲ་བའི་ཁྱད་ཆོས་ལ་གཞིགས་ཏེ་དམིགས་སའི་རང་བཞིན་ལྡན་པའི་ངང་སྔོན་འགོག་ཚོད་འཛིན་ལས་དོན་ལེགས་པར་བསྒྲུབས་ཏེ་ནད་གཞི་སྨན་བཅོས་བདེ་ཐང་ལ་དོ་དམ་བྱེད་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་བ། བདེ་ཐང་གི་དབུལ་སྐྱོར་ལས་གཞི་ལག་ལེན་གཏིང་ཟབ་བསྟར་བར་རྒྱལ་ཡོངས་ཀྱི་གཅིག་སྡུད་ཡུག་སྦྲེལ་གྱི་ས་ཁུལ་དབུལ་པོ་ཆེ་ཤོས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་བདེ་ཐང་གི་དབུལ་སྐྱོར་གནད་སྨིན་དབུལ་སྒྲོལ་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ“ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པ་དང་། ནད་གཞིས་རྐྱེན་པས་སླར་ཡང་དབུལ་པོ་ཆགས་པའི”གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ། གཙོ་གནད་མི་ཚོགས་ཀྱི་བདེ་ཐང་གི་ཞབས་ཞུར་ཤུགས་སྣོན་རྒྱག་པར་ལོ་ཆུང་བྱིས་པ་དང་། བུད་མེད། མི་འབོར་རྒན་རྒོན། ཕྱོགས་མི། དབང་སྐྱོན་མི་སྣ་བཅས་གཙོ་གནད་དུ་བྱས་ནས་བདེ་ཐང་འགན་ལེན་ཞབས་ཞུའི་ལས་དོན་ལེགས་པར་བསྒྲུབས་ཏེ་ཁོ་ཚོའི་གཏོགས་སེམས་དང་སྐྱིད་ཚོར་ཆེ་རུ་གཏོང་བ། མི་དམངས་ཀྱི་བདེ་ཐང་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བར་བདེ་ཐང་སློབ་གསོ་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ནས་བདེ་ཐང་གི་ཤེས་བྱ་ཁྱབ་གདལ་ཤུགས་ཆེན་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱིས་ཡང་དག་པའི་བདེ་ཐང་ལྟ་བ་འཆང་རྒྱུར་ཁྲིད་སྟོན་བྱས་ནས་བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་སེལ་བ། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བར་སློབ་གསོ་དང་། འཕྲོད་བསྟེན། ལུས་རྩལ་བཅས་སྡེ་ཚན་གྱིས་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་ལ་སྐུལ་འདེད་གཏོང་བའི་མཉམ་སྒྲུབ་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་རང་བཞིན་གྱི་བདེ་ཐང་བྱེད་སྒོ་དང་ལུས་རྩལ་རྣམ་གྲངས་རྒྱ་ཁྱབ་ངང་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ་ལུས་རྩལ་འགུལ་སྐྱོད་ལ་མང་ཚོགས་ཀྱི་དགའ་ཞེན་བྱེད་སེམས་འཕེལ་བར་བྱས་ཏེ་མང་ཚོགས་ཀྱི་ལུས་སྦྱོང་ཚ་རླབས་ཤིག་འཕྱུར་བར་བྱེད་པ། ལྗང་མདོག་བདེ་འཇགས་ཀྱི་བདེ་ཐང་ཁོར་ཡུག་གཏོད་པར“བདེ་ཐང་ཆེན་པོའི”འདུ་ཤེས་བརྟན་པོ་བཅངས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། རྒྱལ་གཅེས་འཕྲོད་བསྟེན་གྱི་ལས་འགུལ་རྒྱ་ཁྱབ་ངང་སྤེལ་བ། སྤྱི་པའི་བདེ་འཇགས་དོ་དམ་དང་བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། སྨན་དང་སྨན་རྫས་ཀྱི་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་སྨན་བཅོས་སྒྲིག་གཞི་སྒྱུར་བཅོས་ལྟེ་བར་འཛིན་པའི་འདུ་ཤེས་དང་། གཞི་རྩའི་རྩ་དོན། ལག་བསྟར་ཐབས་ལམ་བཅས་མཐའ་འཁྱོངས་བྱས་ནས་སྨན་བཅོས་དང་། སྨན་བཅོས་འགན་ལེན། སྨན་དང་སྨན་རྫས་སོགས་ཀྱི་སྒྱུར་བཅོས་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་རྒྱུན་འཛིན་དང་གོང་འཕེལ་གཏོང་བར་རིམ་ཁག་བོད་ལུགས་གསོ་རིགས་དང་བོད་སྨན་ལས་རིགས་ཀྱི་དོ་དམ་དང་སྨན་བཅོས་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་ནས་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་ཀྱི་འཕེལ་རྒྱས་ལ་ཕན་པའི་སྒྲིག་གཞིའི་ལམ་སྲོལ་མགྱོགས་མྱུར་ཆགས་པར་བྱེད་པ་དང་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།
          དམངས་ཡོངས་བདེ་ཐང་མ་བྱུང་ཚེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐབས་མེད། བདེ་ཐང་གི་བོད་ལྗོངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་300ལྷག་ཙམ་ལ་ཁས་ལེན་ནན་པོ་བྱས་པ་ཞིག་རེད། ང་ཚོས་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་ཚོགས་ཆེན་འགོ་འཛུགས་ས་གསར་པར་བརྩིས་ནས་མི་རིགས་ཁག་གི་མི་དམངས་ཀྱི་བདེ་ཐང་ཕྱོགས་ཡོངས་དང་ཆ་ཚང་བའི་ངང་འགན་ལེན་ནུས་ལྡན་བྱས་ཏེ་ཕུལ་བྱུང་གྲུབ་འབྲས་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716