སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
ནམ་ཡང་མང་ཚོགས་ཀྱི་སེམས་ནང་གནས་པའི་གྲོང་སྡོད་ལས་དོན་རུ་ཁག
སྤེལ་དུས། 2017-05-12   ཡོང་ཁུངས། བོད་ལྗོངས་ཉིན་ཚགས།   རྩོམ་སྒྲིག་པ།  ཚེ་རྡོ།
—— ཉིང་ཁྲི་གྲོང་ཁྱེར་གྱི་ཁག་དྲུག་པའི་གྲོང་སྡོད་ལས་དོན་སྐོར་གྱི་དངོས་བྲིས།
          བརྟག་ཞིབ་ལ་དམ་འཛིན་བྱས་པས་གདིང་གཞི་ཁ་གསལ་བ་དང་གནས་ཚུལ་ཁ་གསལ་པོ་བྱུང་བ།
          “རྨང་བརྟན་དམངས་ཕན་དང་དགའ་དགའ་སྤྲོ་སྤྲོས་བདེ་སྐྱིད་འཚོ་བར་རྟེན་འབྲེལ་ཞུ”ཞེས་པ་ནི་ཉིང་ཁྲིའི་མི་སེར་ཚང་མའི་སེམས་གཏིང་གི་སྐད་ཆ་ཞིག་རེད། འདི་ལོ་ཚུན་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་། ཚན་པ་ཁག་བཅས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་རང་སྐྱོང་ལྗོངས་ཀྱི“ལས་འགན་ཁག་ལྔ”དང་ས་ཁུལ་གྱི“ལས་འགན་ཁག་བདུན”ལ་དམ་པོར་དམིགས་ནས་འགོ་ཁྲིད་ལ་ཤུགས་སྣོན་དང་། འགན་འཁྲི་དོན་འཁྱོལ། བརྗོད་དོན་གཙོ་བོར་དམ་འཛིན། ཁྱད་ཆོས་མངོན་གསལ་དོད་པ་བཅས་བྱས་པས་གྲོང་ཁྱེར་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
          འདི་ལོ་ཚུན་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་གྲོང་སྡོད་ལས་དོན་རུ་ཁག་གིས“གཙོ་གནད་ལས་འགན་ཁག་བདུན”ལ་དམ་པོར་དམིགས་ནས་གྲོང་ཚོའི(གྲོང་ལྷན)གནས་ཚུལ་དང་དམངས་ཀྱི་འདོད་ཚུལ་ལ་གཞི་ཚུགས་པ་དང“བརྟག་ཞིབ་ལ་དམ་འཛིན་དང་། སློབ་གསོར་དམ་འཛིན། ཆ་སྒྲིག་ལ་དམ་འཛིན། བརྟན་ལྷིང་སྲུང་སྐྱོང་ལ་དམ་འཛིན། རྣམ་གྲངས་ལ་དམ་འཛིན། དབུལ་སྐྱོར་ལ་དམ་འཛིན”བཅས་ཀྱི“དམ་འཛིན་བྱ་གཞི་དྲུག”གི་མཉམ་འགུལ་བྱེད་ཐབས་སྤྱད་དེ་རྨང་བརྟན་དམངས་ཕན་གྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་རེད།
          ཀོང་པོ་རྒྱ་མདའ་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་བཅའ་སྡོད་བྱས་ཚུན་ལས་ཀའི་བྱེད་སྟངས་བསྒྱུར་ཏེ་དུད་ཚང་རེ་རེ་དང་ཞིང་ནང་དང་མུ་ཁར་བསྐྱོད་དེ་གྲོང་ཚོའི་མི་འབོར་དང་། དཔལ་འབྱོར་གྱི་ཡོང་འབབ། སློབ་ཞུགས་ཀྱི་སློབ་ལོ་ལོན་པའི་བྱིས་པ། “རྒན་གྲས་གསུམ”གྱི་མི་སྣ། དཀའ་ངལ་ཡོད་པའི་མང་ཚོགས། ཕྱུགས་རིགས་ཀྱི་མགོ་གྲངས་དང་བཤས་གཏོང་ཚད་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ཁར། རེ་རེ་བཞིན་ཡིག་ཚགས་དང་དེབ་བཟོས་ནས་གདིང་གཞི་ཁ་གསལ་བ་དང་གནས་ཚུལ་ཁ་གསལ་པོ་ཡོང་བ་བྱས་པས་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་གཏིང་ཟབ་ཏུ་འགྲོ་རྒྱུར་བསམ་ཕྱོགས་གསལ་བཟོ་དང་རྨང་གཞི་ཡག་པོ་བཏིང་ཡོད།
          མེ་ཏོག་རྫོང་གི་རིམ་ཁག་གྲོང་སྡོད(གྲོང་ལྷན)ལས་དོན་རུ་ཁག་གིས་མཐིལ་རྟོགས་བརྟག་དཔྱད་ཀྱི་ལས་དོན་གཏིང་ཟབ་སྤེལ་ནས་སྦྲུམ་མ་དང་ཕྲུ་གྲུ་སྐྱེས་མ་ཐག་པའི་སྐྱེད་མའི་གཞི་རྩའི་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱས་ཏེ“གཉིས་གཅོག་གཅིག་སྤོར”གྱི་ལས་ཀའི་རྩིས་ཁྲ་བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད། མིག་སྔར་ཞིང་འབྲོག་པའི་སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་པའི་སྐྱེད་མའི་འགུལ་རྣམ་གྲངས་གཞིའི་རྩིས་ཁྲ་46བཟོས་ནས་སྦྲུམ་མ་12ཀྱིས་སྨན་ཁང་དུ་བདེ་བླག་ངང་ཕྲུ་གུ་སྐྱེས་པ་དང་ལོ་ན་མཐོ་བའི་སྦྲུམ་མ་སྨན་ཁང་དུ་ཕྲུ་གུ་སྐྱེ་ཚད་100%ཟིན་ཡོད།
          དྲིལ་བསྒྲགས་ལ་སྣང་ཆེན་བྱས་པས་སེམས་ནང་གཏིང་ཟབ་ཟུག་པ་དང་ལྟ་བར་འགྱུར་ལྡོག་བྱུང་བ།
          ཆེས་གཞི་རིམ་དང་བབ་ཆགས་པའི་མང་ཚོགས་ལ་དམིགས་ནས་སྒྲོག་འགྲེལ་གྱི་ནང་དོན་བསྐོར་ནས་ཤོད་པ་དང་། འུད་གཏམ་ཤོད་པ། དཔོན་སྐད་ཤོད་པ་བཅས་མ་ཡིན་པར་གཙོ་བོ་མང་ཚོགས་ཀྱིས་གོ་བདེ་བ་དང་བློ་ལ་ངེས་ཐུབ་པ་ཞིག་བྱས་པ་རེད། ཉིང་ཁྲི་གྲོང་ཁྱེར་རིམ་ཁག་གྲོང་སྡོད་ལས་དོན་རུ་ཁག་གིས་སྲིད་ཇུས་སྒྲོག་འགྲེལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། སྒྲོག་འགྲེལ་བྱེད་སྟངས་ཐད“ཟུང་འབྲེལ་གསུམ”ལ་སྣང་ཆེན་བྱས་པ་སྟེ་གཅིག་སྡུད་ཐོག་སློབ་སྦྱོང་དང་མི་སྒེར་གྱིས་རང་སྦྱོང་བྱ་རྒྱུ་གཉིས་ཟུང་འབྲེལ་དང་། ཡིག་ཆ་སྤྲོད་པ་དང་ཆེད་དོན་འཆད་ཁྲིད་ཟུང་འབྲེལ། དུད་ཚང་དུ་བསྐྱོད་དེ་དྲིལ་བསྒྲགས་དང་ཕྱུགས་འཚོའི་ས་ཚིགས་སུ་དྲིལ་བསྒྲགས་ཟུང་འབྲེལ་བཅས་རེད། སྒྲོག་འགྲེལ་གྱི་སྐད་ཡིག་དེ་གཙོ་བོ་བོད་སྐད་བརྒྱབ་ནས་ཐད་ཀར་ངོ་འཕྲད་ཀྱིས་སྒྲོག་འགྲེལ་བྱས་པས་མང་ཚོགས་ཚོས་ཕན་པ་གང་ནས་བྱུང་བ་དང་སུ་ལ་ཕན་པ་ཐོབ་པ་དངོས་འབྲེལ་ཤེས་སུ་བཅུག་ཡོད། དེ་དང་ཆབས་ཅིག་བཞུགས་མོལ་ཚོགས་འདུ་དང་། སྒྲོག་འགྲེལ་ཡིག་སྒྲོམ། གློག་བརྙན་སྟོན་པ་སོགས་བྱེད་སྟངས་སྣ་ཚོགས་སྤྱད་པ་བརྒྱུད་སྒྲོག་འགྲེལ་གྱི་ཕན་འབྲས་ཆེ་རུ་ཕྱིན་ཡོད།
          གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་སྒྲོག་འགྲེལ་བྱས་པས་ཆང་རག་འཐུང་རྒྱུར་དགའ་བ་དང་འདུ་འཛོམས་བྱས་ནས་རྒྱན་པོ་འགྱེད་པའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གོམས་གཤིས་ངན་པ་མེད་པ་གྱུར་ཞིང་། བདེ་སྐྱིད་ཞི་མཐུན་དང་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱས་ནས་རང་འགུལ་ངང་དབུལ་སྒྲོལ་དང་རང་ཉིད་དབུལ་སྒྲོལ་ཡོང་རེ་བྱེད་པའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད།
          རྣམ་གྲངས་བརྩོན་ལེན་ཧུར་ཐག་བྱས་པས་ལམ་བུ་ཇེ་ཡངས་དང་ཕན་འབྲས་ཆེ་རུ་ཕྱིན་པ།
          མང་ཚོགས་ཕྱུག་འགྱུར་ཐབས་ལམ་སྔར་བས་ཇེ་ཡངས་སུ་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་རིམ་ཁག་གྲོང་སྡོད་ལས་དོན་རུ་ཁག་གིས་མངགས་གཏོང་ཚན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཕྱོགས་མང་དང་ཐབས་ལམ་མང་པོར་བརྟེན་ཏེ་མ་དངུལ་དང་རྣམ་གྲངས་བརྩོན་ལེན་བྱས་ཡོད། དེ་དང་དུས་མཚུངས་མང་ཚོགས་ཀྱི“སྒུག་བརྟེན་སློང་གསུམ”གྱི་བསམ་བློའི་ཁྱེར་སོར་འགྱུར་ལྡོག་བཏང་སྟེ་མང་ཚོགས་ཕྱི་ཕྱོགས་ལ་ཡོང་འབབ་གསོག་པར་འགྲོ་རྒྱུར་ལྕག་སྐུལ་བྱས་པས་མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་མང་དུ་ཕྱིན་ཡོད།
          རྒྱ་ཆེའི་ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་ཇེ་ཡངས་སུ་གཏོང་ཆེད། སྨན་གླིང་རྫོང་ཕད་གྲོང་རྡལ་ཟུར་གསུམ་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་ལས་དོན་རུ་ཁག་གིས་དུས་ཡུན་ཉིན་བཅུ་ཡི་ཞིང་འབྲོག་པའི་བོད་ཟས་མ་བྱན་གྱི་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་གཉེར་ཏེ“སྒོ་རྩར་སློབ་ཁྲིད་དང་ས་ཆ་དངོས་སུ་བཀོལ་སྤྱོད”ཟུང་འབྲེལ་བྱེད་པའི་གསར་གཏོད་བྱེད་སྟངས་སྤྱད་ནས་ཞིང་འབྲོག་མང་ཚོགས་93ལ་བོད་ཟས་བཟོ་རྩལ་བསླབས་པས་ཟུར་གསུམ་གྲོང་ཚོའི་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་མཐོ་རུ་ཕྱིན་ཡོད་པ་རེད།
          མཐུན་སྒྲིལ་ལ་སྐུལ་འདེད་བཏང་བས་བདེ་སྐྱིད་འཆམ་མཐུན་བྱུང་བ།
          འདི་ལོ་ཚུན་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་གྲོང་སྡོད་ལས་དོན་རུ་ཁག་གིས“ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་གཏོང་བའི”དམིགས་ཚད་ལ་དམ་པོར་དམིགས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་སྤེལ་བ་དང་ལྷག་བསམ་རྣམ་དག་གི་སྒོ་ནས་མི་རིགས་ཁག་འཆམ་མཐུན་མཉམ་གནས་ཀྱི་ངོ་མཚར་ཆེ་བའི་བསྟོད་གླུ་བླངས་ཏེ་མི་རིགས་མཐུན་སྒྲིལ་དེ་ཉིད་ཁ་ནས་ཤོད་པ་དང་། སེམས་ནང་འཇོག་པ། བྱ་སྤྱོད་ཐོག་ལག་ལེན་བསྟར་བ་བཅས་བྱས་པ་རེད།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716