སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
“རྒྱུད་གཅིག་ལམ་གཅིག” གི་མཐོ་རིམ་གླེང་སྟེགས་ཐོག་བོད་ལྗོངས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ།
སྤེལ་དུས། 2017-05-19   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  རླུང་གཞོན་གྱིས་བསྒྱུར།
         “རྒྱུད་གཅིག་ལམ་གཅིག”རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་པེ་ཅིང་དུ་མཇུག་བསྡུས་ཤིང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པའི་ལོ་གསུམ་རིང་། བསྟུར་མར་བོད་ལྗོངས་ཀྱི་ཁེ་ལས་འདུས་པའི་ཀྲུང་གོའི་ཁེ་ལས་ལ་སྐུལ་འདེད་གནང་སྟེ་གང་མགྱོགས་སྒོས“ཕྱིར་སྐྱོད་པའི”གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་འཛམ་གླིང་གི་འགྲན་རྩོད་ནང་ཞུགས་སྟེ་གོ་ལ་ཧྲིལ་པོའི་ཚོང་རར་འདྲེས་ཐུབ་པར་གྱུར་པ་རེད་།
         ཚེས14ཉིན་གྱི“རྒྱུད་གཅིག་ལམ་གཅིག” གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་ཀྱི་མཉམ་བཞུགས་ཚོགས་འདུའི་ཐོག  “ཀྲུང་གོ་དང་བལ་བོའི་དབར་གྱི་མཛའ་གྲོགས་བཟོ་ལས་གླིང”  “བལ་བོ་དང་ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་ཐོན་ལས་གླིང”གི་རྣམ་གྲངས་གཉིས་དང་བལ་བོའི་ཁེ་ལས་དབར་མཉམ་ལས་གྲོས་མཐུན་བཞག་པ་བརྒྱུད། བོད་ལྗོངས་དང་བལ་བོས་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་ཟབ་སྤེལ་དང་། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཇེ་ཟབ་ཏུ་བཏང་ནས་བོད་ལྗོངས་ཀྱིས་“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་སྔར་བས་ཟབ་བརྟན་དུ་གཏོང་པ། འཛུགས་བསྐྲུན་གྱི་ངོས་དེ་ཨ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་ཐད་གོམ་པ་གལ་ཆེན་ཞིག་སྤོས་ཡོད་པ་རེད།
         ཤེས་རྟོགས་བྱུང་པར་གཞིགས་ན། “ཀྲུང་གོ་དང་བལ་བོའི་དབར་གྱི་མཛའ་གྲོགས་བཟོ་ལས་གླིང”སྒོ་འབྱེད་པའི་རྣམ་གྲངས་ཀྱིས་ལྷ་སའི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་ཀྲུང་གོའི་བདེ་འཇགས་སྡེ་ཚོགས་མཉམ་ལས་བྱས་ཏེ་བལ་བོར“ཀྲུང་བལ་མཛའ་གྲོགས་བཟོ་ལས་གླིང” འཛུགས་སྐྲུན་ཐད་ཁྱོན་བསྡོམས་མ་དངུལ་ཨ་སྒོར་དུང་ཕྱུར10གཏོང་འཆར་ཡོད་ཅིང་། རྣམ་གྲངས་བསྐྲུན་རྗེས། ་བོད་ལྗོངས་དེ“དར་གོས་ལམ་བུའི་དཔལ་འབྱོར་ཁུལ”འཛུགས་བསྐྲུན་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་དང་རང་རྒྱལ་གྱི་ཁེ་ལས་ཀྱིས་བལ་བོར་མ་འཇོག་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་རྒྱུ་རེད།
         “བལ་བོ་དང་ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་ཐོན་ལས་གླིང་” ནི་ལྷ་ས་གྲོང་ཁྱེར་མཛེས་སྡུག་པོ་ཏ་ལ་རིག་གནས་གསར་གཏོད་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་དང་བལ་བོའི་ཀུང་སི་གཉིས་ཀྱིས་གྲོས་མོལ་བྱས་མཐར། བལ་བོའི་ཀ་ཏ་མན་རྡུའི་ལ་མ་ཐ་ས་ཁུལ་དུ་མ་འཇོག་འཛུགས་སྐྲུན་གནང་པའི་རིག་གནས་ཡུལ་སྐོར་ཐོན་ལས་གླིང་ཞིག་ཡིན་ལ། རྣམ་གྲངས་ཀྱི་ས་ཁྱོན་མུའུ496 དང་། མ་འཇོག་ཨ་སྒོར་དུང་ཕྱུར་4.5 ཟིན་ལ་དུས་རིམ་གསུམ་ལ་བགོས་ནས་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་དང་དུས་ཐེངས་དང་པོ་ནི་སྔོན་དཔག་ལྟར་ན2019ལོའི་ལོ་འགོར་ལེགས་འགྲུབ་འཁོར་སྐྱོད་གནང་ཐུབ་རྒྱུ་རེད།
         “བལ་བོ་དང་ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་ཐོན་ལས་གླིང’རྣམ་གྲངས་ནི་རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཙོ་བོར་འཛིན་པ་སྟེ། 《ཁྲི་བཙུན་ཀོང་ཇོའི》ལོ་རྒྱུས་ཀྱི་གར་སྟེགས་ཟློས་གར་དང་། བལ་བོའི་གྲོང་བརྡལ་ཆུང་ངུའི་མངོན་མིན་རིག་གནས་ཤུལ་བཞག  ལས་རིགས་ལག་རྩལ་སློབ་གྲྭ་སོགས་འདུས་ཡོད་ལ། མིག་སྔར་རྣམ་གྲངས་ཀྱི་དུས་འགོའི་འཆར་འགོད་རིགས་སྒྲུབ་ལས་དོན་ལེགས་པར་འགྲུབ་ཡོད།”ལྷ་ས་གྲོང་ཁྱེར་མཛེས་སྡུག་པོ་ཏ་ལ་རིག་གནས་གསར་གཏོད་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧོའོ་ཕིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། “བལ་བོ་དང་ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་ཐོན་ལས་གླིང” གི་རྣམ་གྲངས་ཀྱིས་རྒྱལ་ཁབ་ཀྱིས་བཏོན་པའི“རྒྱུད་གཅིག་ལམ་གཅིག” གི་གྲོས་འགོར་བསྟུན་ཇི་ཐུབ་ཐོག  ཀྲུང་ཧྭའི་རིག་གནས་ཕྱིར་སྐྱོད་ཀྱི་འདུ་ཤེས་ལ་སྐུལ་འདེད་དང་། བོད་ལྗོངས་ཀྱི་རིག་གནས་ཀྱི་གཞི་རྒྱུར་མཉམ་འདྲེས་བྱེད་པ། ཀྲུང་བལ་རིག་གནས་མཉམ་འདྲེས་ལ་སྐུལ་འདེད་བྱེད་པ། ཀྲུང་བལ་ཕྱོགས་གཉིས་ཀས་ཞབས་ཞུའི་ཉོ་ཚོང་དང་མ་འཇོག་མཉམ་ལས་ལ་སྐུལ་ཁྲིད་ལ་ལྟ་རྟོག་བྱས་ཡོད་པ་རེད།
         “བལ་བོར་རིག་གནས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། དེ་ནི་འཛམ་གླིང་སྟེང་གི་ཡུལ་སྐོར་བྱེད་ཡུལ་གལ་ཆེན་གྲས་རེད། ཁྲི་བཙུན་ཀོང་ཇོ་ནི་དེ་བས་ཀྱང་ཀྲུང་བལ་མཛའ་གྲོགས་ཀྱི་མཚོན་རྟགས་ཤིག་ཡིན་པས། ང་ཚོའི“བལ་བོ་དང་ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་ཐོན་ལས་གླིང”ནི་ལོ་རྒྱུས་ཀྱི་གར་སྟེགས་ཟློས་གར《ཁྲི་བཙུན་ཀོང་ཇོར》གཏོད་རྒྱུ་དང་། འཁྲབ་སྟོན་པའི་གཞི་ཁྱོན་མི་གྲངས300སྟེ་བལ་བོའི་ས་གནས་རང་གི་མང་ཚོགས་གཙོར་བྱས་ཡོད། གླིང་ཁུལ་ནང་ཁུལ་གྱི་ལས་རིགས་ལག་རྩལ་སློབ་གྲྭས་ས་གནས་དེ་གའི་མི་སེར་རྣམས་ལ་རིན་མི་དགོས་པར་ལས་རིགས་ཀྱི་རྩལ་ནུས་གསོ་སྦྱོང་གནང་ནས་ལས་མི་སྤྱོད་པའི་དགོས་མཁོར་སྐོང་རྒྱུ་དང་། རྣམ་གྲངས་བསྐྲུན་རྗེས་ས་གནས་དེ་གའི་མི་གྲངས3000གི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་ཐུབ་ཀྱི་རེད” ཅེས་ཧོའོ་ཕིང་གིས། “ རིག་གནས་སྤེལ་རེས་ནི་དམངས་སེམས་ཕྱོགས་སའི་ལས་གྲྭ་ཞིག་དང་། ཐོན་ལས་གླིང་ཁུལ་གྱིས་བལ་བོས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པར་རོགས་རམ་དང་། ཡུལ་སྐོར་སྣེ་ལེན་བྱེད་ནུས་མཐོ་རུ་གཏོང་བའི་དུས་མཚུངས་སུ་ཀྲུང་གོའི་རིག་གནས་དང་། ལྷག་པར་དུ་བོད་ལྗོངས་ཀྱི་རིག་གནས་ཕྱིར་སྐྱོད་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེར་སྐྱེད་དང་བརྩེ་དུང་ཇེ་ཟབ། ‘དམངས་སེམས་གཅིག་སྦྲེལ’ དམིགས་ཚད་མངོན་འགྱུར་བྱེད་པར་ཕན་པ་ལྡན་ངེས”ཟེར།
         “བལ་བོ་དང་ཀྲུང་གོའི་བོད་ལྗོངས་རིག་གནས་ཡུལ་སྐོར་ཐོན་ལས་གླིང” ནི་བོད་ལྗོངས་ཀྱི་ཁེ་ལས་རྒྱལ་སྤྱི་ཅན་དུ་འཕེལ་རྒྱས་མངོན་འགྱུར་བྱེད་པའི་བསྡུས་གཟུགས་ཤིག་ཡིན་ལ། “ རྒྱུད་གཅིག་ལམ་གཅིག” གི་གྲོས་འགོ་བཏོན་པའི་ལོ་གསུམ་སོང་རིང་། བོད་ལྗོངས་ཀྱི་ཁེ་ལས་ཕྱིར་སྐྱོད་པའི་གོམ་སྟབས་མངོན་གསལ་དོད་པོས་ཇེ་མགྱོགས་སུ་སོང་ཡོད་པ་དང་།  རང་སྐྱོང་ལྗོངས་ཀྱིས་ལྗོངས་ནང་ཁུལ་གྱི་ཁེ་ལས་པར“ ནང་འདྲེན” དང“ ཕྱིར་སྐྱོད” ཐད་བསྔགས་སྐུལ་དང་ཁྲིད་སྟོན་ལས་དོན་འབོར་ཆེན་བསྒྲུབས་ཡོད་པ་རེད།
བསྡོམས་རྩིས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། མིག་སྔའི་བར། བོད་ལྗོངས་སུ“ ཕྱི་རུ་སྐྱོད་པའི་” ཁེ་ལས་30ལྷག་ཙམ་ཡོད་པ་དང་། དེ་དག་ནི་བལ་བོ་དང་ཨ་མེ་རི་ཁ། ཤང་ཀང་སོགས་རྒྱལ་ཁབ་དང་ས་ཁུལ་དུ་ཁྱབ་ཡོད་པ་དང་། བོད་སྨན་དང་རིག་གནས།  མཁའ་འགྲུལ་སོགས་ཁྱབ་ཁོངས་ཁག་ལ་ཁྱབ་ཡོད་མོད། དེ་ལྟར་ནའང་“ཕྱིར་སྐྱོད” ཁེ་ལས་དེ་དག་ལས་མང་ཆེ་ཤོས་ནི2013ལོའི་རྗེས་སུ“རྒྱུད་གཅིག་ལམ་གཅིག་” དང་“ ཨེ་ཤེ་ཡ་ལྷོ་མའི་ལམ་བུ་ཆེན་པོ་” ཤར་གཏོང་གནང་པའི་གོ་སྐབས་དང་བསྟུན་ནས་ཕྱི་རྒྱལ་གྱི་ཕྱོགས་སུ་བསྐྱོད་ཐུབ་པར་གྱུར་པ་རེད།
རང་སྐྱོང་ལྗོངས་འཕེལ་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཞུས་ཅིང་ཀྲེ་ཡིས།  ལོ་ངོ་གསུམ་རིང་།  བོད་ལྗོངས་ཀྱིས་འགག་སྒོའི་རྨང་གཞིའི་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་གཙོ་གནད་དུ་བཟུང་ནས། བལ་བོ་དང་ཕྱི་ཕྱོགས་ཉོ་ཚོང་རྒྱ་སྐྱེད་པ། མཐའ་མཚམས་ཉོ་ཚོང་གི་སྤུས་ཚད་ཇེ་མཐོར་གཏོང་པ། ཁྱད་ལྡན་ལེགས་ལྡན་ཐོན་ལས་སྐྱེད་སྲིང་། ཚོང་དོན་ཟོག་འགྲེམས་མ་ལག་གོང་འཕེལ་གཏོང་པ། ཞིང་འབྲོག་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པ། ཡུལ་སྐོར་ཞབས་ཞུའི་ལས་སྣོན་ཚོང་དོན་དང་དེ་བཞིན་ཁྱད་ལྡན་གྱི་སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་དང་མཉམ་ལས་སོགས་ཐད་ལ་མ་ལག་ལྡན་པའི་འཆར་འགོད་བཏོན་ནས། ལས་ཀ་སྐུལ་སྤེལ་བྱེད་ཐབས་དང་ལམ་ལུགས་ཀྱི་འགན་ལེན་བྱེད་ཐབས་བཏོན་པ། སྐྱིད་གྲོང་འགག་སྒོའི་སྲོག་ཤིང་གི་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་། འགག་སྒྲོལ་གཞི་གཅིག་ཅན་དང་སྟབས་བདེ་ཅན་ཇེ་མགྱོགས་སུ་གཏོང་བ། བོད་ལྗོངས་ཀྱིས་སྐྱིད་གྲོང་འགག་སྒོའི་ལས་ཁུངས་ལྟ་སྐུལ་དོ་དམ་གྱི་དུས་རིམ་གཉིས་པའི་རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་རྣམ་གྲངས་དེ་ཉིད་རང་སྐྱོང་ལྗོངས་ཀྱི“ ལོ་ལྔ་ཚན་བཅུ་གསུམ་པའི” རྣམ་གྲངས་འཛུགས་སྐྲུན་གྱི་འཆར་འགོད་དུ་བཀོད་ཡོད་པ་དང་། སྔོན་དཔག་བྱས་ན་འདི་ལོའི་ཟླ་10པར་ལེགས་འགྲུབ་བྱུང་ནས་བེད་སྤྱོད་གཏོང་ཐུབ་ཅེས་ངོ་སྤྲོད་གནང་བྱུང་།
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716