སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
གྲོང་སྡོད་དབུལ་སྐྱོར་གྱིས་མང་ཚོགས་ལ་དྲོ་སྐྱིད་སྦྱིན་པ།
སྤེལ་དུས། 2017-04-25   ཡོང་ཁུངས། བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  སྐར་འོད།
—— ལྷ་ས་འགག་སྒོ་ལས་ཁུངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གི་དབུལ་སྐྱོར་སྐོར་གྱི་གནས་ཚུལ་ཐོར་བུ་བཀོད་པ།
          དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་དབུལ་སྒྲོལ་གྱི་ནང་ཤུགས་འཕེལ་བར་བྱས་པ།
          2016ལོ་ནི་ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་ལེན་བསྟར་འགོ་ཚུགས་པའི་གལ་ཆེའི་ལོ་ཞིག་ཡིན། ལྷ་ས་འགག་སྒོ་ལས་ཁུངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོར་བཅའ་སྡོད་བྱེད་འགོ་ཚུགས་པ་ནས་བཟུང་རྒྱུན་རྣམ་གསར་པའི་བོད་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གལ་ཆེའི་རང་བཞིན་དང་། དགོས་ངེས་རང་བཞིན། དགོས་གཏུགས་རང་བཞིན་བཅས་ཐོག་མཐའ་བར་གསུམ་དུ་གྲོང་སྡོད་ལས་ཀའི“5+3”ལས་འགན་ཁྲོད་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་བསམ་བློ་གཅིག་གྱུར་དང་དམ་པ་དོན་གཉེར་བྱས་པས་དབུལ་སྐྱོར་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།
          ལྷ་ས་འགག་སྒོ་ལས་ཁུངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གིས་དུས་རབས་གསར་པའི་དབུལ་སྐྱོར་ལས་ཀའི་བླང་བྱར་དམ་པོར་དམིགས་ནས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་པ་དང་དྲོ་སྐྱིད་ཚོར་ཐུབ་པ་དང་། སྲིད་ཇུས་ཤེས་ཐུབ་པ། སློབ་སྦྱོང་བྱེད་ཐུབ་པ་བཅས་བྱས་ནས་ཡུལ་མིར་དབུལ་སྒྲོལ་སློབ་གསོ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་དབུལ་སྒྲོལ་ཡོང་རྒྱུར་སྐུལ་མ་ཐེབས་ཡོད།
          ལྷ་ས་འགག་སྒོ་ལས་ཁུངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གིས་དུད་ཚང་དུ་སྐྱོད་ནས་སྒྲོག་འགྲེལ་བྱེད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། “སྤྱོད་གོ་ཆོད་པའི་གཱ”དང་དམངས་ཕན་དྲིལ་བསྒྲགས་ལག་དེབ་སྤྲད་དེ་ཞིང་འབྲོག་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་དབུལ་སྐྱོར་དབུལ་སྒྲོལ་གྱི་སྲིད་ཇུས་གསར་པ་གཙོ་བོ་འཆད་འགྲེལ་དང་སྲིད་ཇུས་གསར་པ་བཏོན་པ་ལས་ཞིང་འབྲོག་མང་ཚོགས་ལ་འགྱུར་ལྡོག་གསར་པ་གང་དག་བྱུང་མིན་སོགས་རྒྱས་བཤད་བྱས་ནས་བསམ་བློ་སྔར་བས་གཅིག་གྱུར་བྱུང་བ་དང་གྲོང་མིའི་ཐུན་མོང་འབད་བརྩོན་དང་ཕྱུག་འགྱུར་བྱེད་པའི་ཡིད་ཆེས་དང་དད་སེམས་བརྟན་དུ་ཕྱིན་པ་རེད།
          “ཏང་གི་དྲིན་ཚོར་བ་དང་། ཕྱུག་པོ་ཆགས་རིམ་དྲན་པ། འཕེལ་རྒྱས་ལ་སྐུལ་འདེད། འབྱོར་འབྲིང་དུ་སྐྱོད་པ”སོགས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ནས“རྒན་གྲས་གསུམ”དང་དེ་བཞིན་ཕུལ་བྱུང་ཞིང་འབྲོག་ཏང་ཡོན་གྱི་འཐུས་མི་གདན་དྲངས་ནས་ཏང་གི་དྲིན་ཚོར་བའི་འཆད་ཁྲིད་བྱས་ཏེ་དབུལ་སྐྱོར་དབུལ་སྒྲོལ་གྱི་དྲིན་ཚོར་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྤེལ་ཡོད། ཡུལ་མིའི་སྙིང་ཉེ་བ་ཞིག་བྱས་ཏེ་མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་བྱེད་རོགས་དང་། ཡུལ་མིར་རིན་མེད་སྨན་བཅོས་དང་སྨན་སྤྲད་པ། ཡུལ་མིའི་བུ་ཕྲུག་སློབ་གྲྭར་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱེད་རོགས་བཅས་བྱས་ནས་ཏང་དང་སྲིད་གཞུང་དང་དེ་བཞིན་ལྷ་ས་འགག་སྒོ་ལས་ཁུངས་ཀྱི་དྲོ་སྐྱིད་དང་སེམས་ཁུར་མང་ཚོགས་ཀྱིས་ཚོར་བ་བྱས་པ་རེད།
          གནད་སྨིན་དབུལ་སྐྱོར་ལག་ལེན་བསྟར་ནས་རྣམ་གྲངས་གཙོ་བོ་དམ་འཛིན་ཡག་པོ་བྱས་པ།
          དབུལ་སྐྱོར་བྱེད་པ་དེ་གཙོ་བོ་གནད་སྨིན་དང་གནད་ལ་འཁེལ་རྒྱུར་ཐུག་ཡོད་པས་ངེས་པར་དུ་དབུལ་པོའི་འབྱུང་རྩ་འཕྱུགས་མེད་བཙལ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པའི་འཆར་གཞི་བཟོ་དགོས་ལ་དབུལ་སྐྱོར་བྱེད་ཐབས་ཞིབ་འཇུག་ཡག་པོ་བྱས་ཏེ་དབུལ་སྐྱོར་རྣམ་གྲངས་དབུལ་པོའི་འབྱུང་རྩ་ནས་དམ་བཟུང་བྱེད་རྒྱུའི་འགན་ལེན་བྱེད་དགོས།
          2016ལོའི་ལོ་སྨད་དུ་རྣམ་གསར་གླིང་གྲོང་ཚོར་བཅའ་སྡོད་ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ལས་དོན་རུ་ཁག་གིས་ཉི་འོད་ནུས་པའི་སྒྲིག་ཆས་དང་དེ་བཞིན་གློག་བཞུ་བསྒར་རྒྱུའི་ཆེད་དོན་དབུལ་སྐྱོར་རྣམ་གྲངས་གལ་ཆེན་དེར་དམ་འཛིན་གྱིས་ལག་རྩལ་མི་སྣར་གཞོགས་འདེགས་ཧུར་ཐག་བྱས་ནས་གྲོང་ཚོར་ཉི་འོད་ནུས་པའི་སྒྲིག་ཆས་དང་དེ་བཞིན་གློག་བཞུ་ཆ་ཚང་78བསྒར་བ་དང་དབུལ་སྐྱོར་ཆེད་དོན་མ་དངུལ་སྒོར་ཁྲི་42ལྷག་ཙམ་དོན་འཁྱོལ་བྱས་པས་རྣམ་གསར་གླིང་གྲོང་ཚོ་ཡོངས་ཀྱི་དུད་ཚང་ཚང་མར་སྤྱིའི་ཆ་ནས་གློག་སྤྱོད་ཐུབ་པ་བྱུང་བ་དང་། དབུལ་སྐྱོར་ཆེད་དོན་རྣམ་གྲངས་དུད་ཚང་དུ་འཁྱོལ་བ་བྱས་ནས་ཏང་དང་སྲིད་གཞུང་གི་གསུང་སྒྲ་དུས་ཐོག་ཏུ་གཞི་རིམ་གྲོང་གསེབ་ཏུ་བརྒྱུད་བསྒྲགས་ཐུབ་པའི་འགན་ལེན་བྱས་པ་རེད།
          གཉའ་ལམ་རྫོང་གི“གེགས་རྗེས་བསྐྱར་སྐྲུན”གྱི་གཙོ་གནད་ལས་འགན་ལ་དམིགས་ཏེ་ལྷ་ས་འགག་སྒོ་ལས་ཁུངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གིས་གེགས་རྗེས་བསྐྱར་སྐྲུན་གྱི་ཨར་ལས་རུ་ཁག་དང་ཡུལ་མི་ཚོ་དང་ངལ་རྩོལ་ཐོབ་ཆ་དང་། རྒྱུ་ཆ། མི་སྤྱོད། འཁོར་སྤྱོད། ཨར་ལས་དཀའ་ཚད་སོགས་རྩོད་གཞིའི་ཐད་བར་འདུམ་ཧུར་ཐག་བྱས་པས་ཡུལ་མིར་འབབ་འཕར་ནུས་ལྡན་ཡོང་བའི་འགན་ལེན་ཐུབ་ཡོད། དེ་དང་ཕྱོགས་མཚུངས་འདི་ཉིད་གོ་སྐབས་སུ་བརྩིས་ནས་ཕྱོགས་མང་པོ་དང་མཐུན་སྦྱོར་དང་འབྲེལ་གཏུག་ཧུར་ཐག་བྱས་ཏེ་ཡུལ་མི་ཚོར“གེགས་རྗེས་བསྐྱར་སྐྲུན”གྱི་ཁང་གསར་འཛུགས་སྐྲུན་ལས་གྲྭ་འགན་ལེན་གྱི་སོ་ཕག་བཟོ་བའི་རྣམ་གྲངས་དང་། འཕྲུལ་ཆས་ཀྱི་དབོར་འདྲེན། ཤིང་བཟོ། སྐྱེལ་འདྲེན་སོགས་བྱེད་རོགས་ཧུར་ཐག་བྱས་པས་གྲོང་ཚོ་གསུམ་གྱི་ཡུལ་མི་ཚོར་ཡོང་འབབ་རིམ་བསགས་ཀྱིས་རྩིས་ན་སྒོར་ཁྲི་300ལས་བརྒལ་ཐུབ་པ་བྱུང་ཡོད།
          ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ནས་དམངས་ཕན་དོན་དངོས་ཡག་པོ་བསྒྲུབས་པ།
          ལྷ་ས་འགག་སྒོ་ལས་ཁུངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གིས་ཏང་གི་མང་ཚོགས་ལམ་ཕྱོགས་ཐོག་མཐའ་བར་གསུམ་དུ་ཁྲིད་སྟོན་དུ་བྱས་ནས་བློ་གཅིག་སེམས་གཅིག་ངང་ཡུལ་མི་ཚོར་ཞབས་འདེགས་ཞུས་ཏེ་ཡུལ་མི་ཚོ་དང“མཉམ་ཟ། མཉམ་སྡོད། མཉམ་དུ་ངལ་རྩོལ། མཉམ་དུ་སློབ་སྦྱོང་། མཉམ་དུ་ལས་སྒྲུབ”བྱས་པའི་ཁར། དབུལ་སྐྱོར་ལས་དོན་ཐོག་མཐའ་བར་གསུམ་དུ་ཁྱབ་རྒྱུ་མཐའ་འཁྱོངས་ཀྱིས་་ལུས་ཚུགས་ཐུབ་པ་བྱེད་པ་མ་ཟད། ཡུལ་མི་ཚོས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ནས་ཡུལ་མིའི་ཆེད་དུ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱས་པ་རེད།
          རྣམ་གསར་གླིང་གྲོང་ཚོར་བཅའ་སྡོད་ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ལས་དོན་རུ་ཁག་གི་རུ་མི་ཚོས་རང་ངོས་ཀྱི་རྩལ་ནུས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པ་དང་ཆབས་ཅིག དོན་དངོས་བཀོལ་སྤྱོད་ཀྱི་བྱ་ཐབས་ཐོག་ནས་ཡུལ་མི་ཚོར་འཁོར་རིགས་ཉམས་བཟོའི་རྩལ་ནུས་སྟབས་བདེ་བསླབ་པས་གསོ་སྦྱོང་ནང་ཞུགས་མཁན་ཡུལ་མི་ཚོས་འཁོར་རིགས་ཞིབ་བཤེར་དང་། བདག་སྐྱོང་། སྤྱིར་བཏང་གི་སྐྱོན་སེལ་སོགས་ཀྱི་རྩལ་ནུས་ཁོང་དུ་ཆུད་ཐུབ་པ་བྱུང་བ་རེད།
          དབུལ་སྐྱོར་ལས་དོན་ནི་འགག་སྒྲོལ་དམག་འཐབ་དང་ཡུན་རིང་དམག་འཐབ་ཅིག་རེད། གོམ་སྟབས་རྗེས་མར་ལྷ་ས་འགག་སྒོ་ལས་ཁུངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མིའི་རིག་གནས་ཆུ་ཚད་ལ་ཤུགས་སྣོན་རྒྱག་པ་དང་། ཡུལ་མི་ཚོའི་ཆེད་ལས་རྩལ་ནུས་ཀྱི་ཆུ་ཚད་གོང་མཐོར་གཏོང་བ། དབུལ་སྐྱོར་མ་དངུལ་བརྩོན་ལེན་སོགས་ཐད་དམིགས་ཏེ་དབུལ་སྐྱོར་དབུལ་སྒྲོལ་གྱི་ལས་དོན་ལ་སྐུལ་མ་ཏན་ཏིག་གཏོང་རྒྱུ་ཡིན་པ་རེད།
 
འབྲེལ་ཡོད་ནང་དོན།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716